འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་འཛམ་གླིང་ལ་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་བརྒྱ་ལ་ཟིན་ཞེས་བསྒྲགས།

ཡེ་ཤེས་ཀྱིས་བསྒྱུར།        2020-03-17

    ཞིན་ཧྭ་གསར་འགྱུར་ཁང་རེ་ནེ་ཝ་ནས་སྤྱི་ཟླ3པའི་ཚེས8ཉིན་འབྱོར་བའི་གཏམ་གསར། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཧྥ་ཏའུ་ལ་ཧྲ་དབྱི་ཕོས་གོང་གི་ཉིན་ལ་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་ཡོ་རབ་དབུས་རྒྱུད་ཀྱི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད6པ་བར(པེ་ཅིང་གི་དུས་ཚོད་ཚེས8ཉིན་གྱི་ཆུ་ཚོད13)འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་འབྱོར་བའི་རྒྱལ་ཁབ་ཁག་གི་སྙན་ཞུའི་གྲངས་གཞི་ལས་མམཚོན་དོན། སའི་གོ་ལ་ཧྲིལ་པོར་ཏོག་གསར་གློ་ཚད་རིམས་ནད་ཀྱིས་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་དང་ས་ཁུལ་གྲངས་ཀ101ལ་ཟིན་པ་རེད།

    འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཚེས7ཉིན་གསལ་བསྒྲགས་བྱེད་པར། མིག་སྔར་ཏོག་གསར་གློ་ཚད་གསར་པ་དེ་གོ་ལ་ཧྲིལ་པོར་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི10ལས་བརྒལ་བ་དང་། ཀྲུང་གོ་ཕུད་པའི་ཏོག་གསར་གློ་ཚད་གསར་པ་གསར་པ་གཏན་འཁེལ་བྱུང་བའི་ནད་དཔེ་ཁྲི2ལས་བརྒལ་བ། རྒྱལ་ཁབ་ཚང་མས་བཀག་སྡོམ་གྱི་བྱ་ཐབས་ནུས་ལྡན་སྤྱད་དེ་རིམས་ནད་མཆེད་རྒྱུ་འགོར་དུ་གཏོང་བ་དང་འབྲེལ་འགྱུར་ལྡོག་གཏོང་དགོས་པ་རེད།

    གསལ་བསྒྲགས་ནང་ཀྲུང་གོ་དང་རྒྱལ་ཁབ་གཞན་དག་གི་ཉམས་མྱོང་ཐོག་ནས་ཡོངས་ཁྱབ་ཏུ་སྤྱོད་གོ་ཆོད་པའི་བྱ་ཐབས་ཁག་གཅིག་སྤྱད་ཚེ་ནད་དུག་མཆེད་ཚད་ཆུང་དུ་འགྲོ་བ་དང་རིམས་ནད་ཀྱི་ཤུགས་རྐྱེན་ཆུང་དུ་གཏོང་ཐུབ་པའི་ར་སྤྲོད་བྱས་ཡོད། བྱ་ཐབས་དེ་དག་ནང་སྤྱི་ཚོགས་ཡོངས་ཀྱིས་ནད་འགོས་པའི་ནད་དཔེ་གཏན་འཁེལ་བྱེད་པ་དང་། ནད་པར་ནད་གཡོག་བྱེད་མཁན། འབྲེལ་འདྲིས་ཟབ་པའི་ནད་པར་རྗེས་སྙེག་བྱེད་མཁན། སྨན་ཁང་དང་སྨན་བཅོས་ཁང་ལ་ནད་གཞི་གཏན་འཁེལ་གྱི་ནད་དཔེ་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་པ། སྨན་དོན་ལས་དོན་པའི་འབྲེལ་ཡོད་གསོ་སྦྱོང་ཡག་པོ་བྱེད་པ་སོགས་ཚུད་ཡོད་པ་རེད།

འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གསལ་བསྒྲགས་ནང་བསྟན་དོན། ད་དུང་རྒྱལ་ཁབ་ཚང་མ་དང་མཉམ་ལས་རོགས་སྐྱོར། རིགས་གཅིག་མཁས་ཅན་བཅས་དང་མཉམ་ལས་བྱས་ཏེ་རྒྱལ་སྤྱིའི་ཁ་གཏད་མཐུན་སྦྱོར་དང་། སློབ་སྟོན་བྱེད་ཕྱོགས་གཏན་འབེབས། དངོས་ཟོག་བགོ་འགྲེམས། ཤེས་བྱ་མཉམ་སྤྱོད་བཅས་དང་དེ་བཞིན་མི་རྣམས་ལ་འགོག་སྲུང་ཆ་འཕྲིན་སོགས་མཁོ་འདོན་བྱ་རྒྱུ་ཡིན་ཞེས་པ་རེད།


 


  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་ཝུའུ་ཧན་དུ་ཏོག་གསར་གློ་ཚད་རིམས་ནད་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་པ།
  • ལེ་ཚན་རྗེས་མ།:2019ལོར་རྒྱལ་ཡོངས་སུ་ཤིང་འཛུགས་ནགས་བཟོ་བྱས་པའི་རྒྱ་ཁྱོན་སྤྱི་ཆིང་ཁྲི706.7ལ་ཟིན།
  • དོ་སྣང་ཆེ་བའི་རྩོམ།