ཚང་མས་གཟོབས། ད་ཆ་ནི་རིམས་འགོག་ལ་དཀའ་ཁག་ཆེ་ཤོས་ཀྱི་དུས་ཡིན།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2020-02-28

ཉེ་ཆར། ཡོན་ཧྲི་ཀྲུང་ནན་ཧྲན་གྱིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་ཞུས་ནས་མི་མི་ཉུང་བས་དོ་ཁུར་བྱེད་བཞིན་པའི་ཏོག་གསར་གློ་ཚད་སྐོར་གྱི་དྲི་བར་ལན་བསྐྱོན་ཡོད།

ཅིའི་ཕྱིར་ད་ལྟ་ནི་དཀའ་ཁག་ཆེ་ཤོས་ཀྱི་དུས་དེ་ཡིན།

   ཀྲུང་ནན་ཧྲན་གྱིས་དེ་སྔ་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཤུགས་དྲག་སྤྱད་པས་ད་གཟོད་ནད་པ་ཉུང་དུ་ཕྱིན་ཡོད་མོད། འོན་ཀྱང་སྔོན་འགོག་ཚོད་འཛིན་གྱི་བྱེད་ཐབས་ལྷོད་རྗེས། ཡང་བསྐྱར་རིམས་ནད་འགོ་མཆེད་འགྲོ་སྲིད་པ་དང་། སྐབས་འདིར་སྔོན་འགོག་ཚོད་འཛིན་བྱེད་ཤུགས་དང་རིམས་ནད་འགོ་མཆེད་གཉིས་དོ་མཉམ་ཡོང་བ་བྱ་རྒྱུ་ནི་ལག་ལེན་ཁྲོད་འཚོལ་ཞིབ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད་ཅེས་དང་། ཤིན་ཏུ་གལ་ཆེ་བའི་དོན་ཞིག་ཡོད་པ་ནི་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱས་ཏེ། འཕྲལ་དུ་ཐག་གཅོད་བྱ་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱས་ན་གཞི་ཁྱོན་ཆེ་བའི་འདུ་འཛོམས་རང་བཞིན་གྱི་ཐོལ་བྱུང་དོན་རྐྱེན་འབྱུང་བར་སྔོན་འགོག་བྱ་ཐུབ་ཅེས་བསྟན་ཡོད།


ཚང་མས་གཟོབས། ད་ཆ་ནི་རིམས་འགོག་ལ་དཀའ་ཁག་ཆེ་ཤོས་ཀྱི་དུས་ཡིན།

ལས་འགོ་བསྐྱར་འཛུགས་བྱས་རྗེས་རྒྱུན་གཏན་འགོག་སྲུང་ཡག་པོ་བྱེད་དགོས་པ་དང་། ངེས་པར་དུ་ས་འོག་ཆུ་ལམ་ཤར་གཏོང་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས།

   ལས་འགོ་བསྐྱར་འཛུགས་བྱས་རྗེས། ཁེ་ལས་དང་མི་སྒེར་གྱིས་འགོག་སྲུང་བྱ་བ་ཇི་ལྟར་བྱ་དགོས་པའི་ཐད། ཀྲུང་ནན་ཧྲན་གྱིས་ཁེ་ལས་ཁག་ཅིག་ལ་ལས་མི་ཁྲི་གཉིས་གསུམ་ཙམ་ཡོད་པ་དང་ལས་འགོ་ཚུགས་རྗེས་གལ་ཏེ་རིམས་ནད་འགོ་མཆེད་བྱུང་ན། མི་ཤིན་ཏུ་མང་པོར་འགོ་སྲིད་པས་ལས་ཀར་བསྐྱར་ཞུགས་བྱེད་སྐབས་མི་ཚང་མས་ཞིབ་དཔྱད་ཚད་ལེན་བྱེད་དགོས་པ་བསྟན་ཡོད།

   གཞན་ཡང་། ཀྲུང་ནན་ཧྲན་གྱིས་རྒྱུན་གཏན་གྱི་འགོག་སྲུང་ཡག་པོ་བྱེད་དགོས་པ་སྟེ། ཁ་རས་གྱོན་ཞིང་ལག་པ་བཀྲུ་རྒྱུར་དོ་སྣང་བྱེད་དགོས་པ་ཕུད། ད་དུང་ཧ་ཅང་གལ་ཆེ་བ་ཞིག་ནི་ངེས་པར་དུ་གསང་སྤྱོད་ཀྱི་ས་འོག་ཆུ་ལམ་ཤར་གཏོང་ཐུབ་པ་རྒྱུན་འཁྱོངས་བྱེད་དགོས་ཞེས་དང་། ལས་ཀ་བྱེད་རིང་ཉིན་ལྟར་འཕྲོད་བསྟེན་ཁོར་ཡུག་ཞིབ་དཔྱད་ཚད་ལེན་མི་སྣས་ཞིབ་དཔྱད་ཚད་ལེན་བྱེད་དགོས་ཤིང་། ལས་མི་ཁག་བགོས་ཀྱིས་ལས་ཀར་ཞུགས་དགོས་པ་དང་མི་མང་པོ་དུས་གཅིག་ཏུ་མི་འདུ་བར་བྱ་དགོས་ཞེས་བསྟན་ཡོད། 


ཚང་མས་གཟོབས། ད་ཆ་ནི་རིམས་འགོག་ལ་དཀའ་ཁག་ཆེ་ཤོས་ཀྱི་དུས་ཡིན།

མཛེས་ལྗོངས་ཁུལ་གྱི་ཟ་ཁང་སྒོ་འབྱེད་ཆོག་ཀྱང་། མི་ཚོགས་འདུ་འཛོམས་ལ་དོགས་ཟོན་བྱ་དགོས།

   ཉེ་ཆར། མཛེས་ལྗོངས་ཁུལ་ཁག་ཅིག་གིས་ཀྱང་གཅིག་རྗེས་གཉིས་མཐུད་ངང་སྒོ་མོ་ཕྱེ་བ་དང་བཟའ་བཏུང་ལས་རིགས་ཁག་ཅིག་གིས་ཀྱང་ལས་འགོ་ཚུགས་ཡོད། དེའི་ཐད་ཀྲུང་ནན་ཧྲན་གྱིས་ངའི་བསམ་པར་མཛེས་ལྗོངས་ཁུལ་གྱི་སྒོ་མོ་འབྱེད་ཆོག་པ་སྟེ། མཛེས་ལྗོངས་ཁུལ་ནི་མ་གཞི་ནས་ཡངས་ཤིང་རྒྱ་ཆེ་ལ་མཁའ་རླུང་གཙང་བའི་ས་ཆ་ཞིག་ཡིན་པས། མི་རྣམས་ཀྱི་བདེ་ཐང་དང་སེམས་ཁམས་ལ་ཕན་ཐོགས་ཡོད། གཞན་ཡང་བཟའ་བཏུང་ཚན་པ་ཁ་ཤས་ཀྱིས་ཀྱང་སྒོ་ཕྱེ་ཆོག་མོད། འོན་ཀྱང་མི་མང་པོ་མི་འདུ་བར་བྱ་དགོས་ཞེས་བསྟན་ཡོད།

  • ལེ་ཚན་སྔོན་མ།:གནས་ཚུལ་གསར་པ།
  • ལེ་ཚན་རྗེས་མ།:གཙང་གསུམ་འབྱུང་ཁུངས་གསོ་ཚད་ལོ་རེར་ཆ་སྙོམས་བརྒྱ་ཆ6ལྷག་ཙམ་འཕར།
  • དོ་སྣང་ཆེ་བའི་རྩོམ།