དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

        2020-02-28

སྔོན་ཚོད་བྱས་ན་སང་ལོར་ཕུག་ལམ་ཕུག་ཐུབ་རྒྱུ་རེད།

འཛམ་གླིང་ཐོག་ཕར་ཚུར་འགྲོ་འོང་གི་ས་བབ་ཧེ་བག་ཆེས་ཆེ་བའི་མཚོ་འཕགས་མཐོ་བའི་ཕུག་ལམ་གྱི་ཨར་ལས་ཇེ་མགྱོགས་སུ་རྒྱག་བཞིན་ཡོད།

 

 

◆སེམས་མཐུན་སྟོབས་སྒྲིལ་གྱིས་རིམས་ནད་ལ་ཁ་གཏད་འཇལ་བ་དང་ལས་གྲྭའི་ཨར་ལས་ཀྱི་ཐབས་གཉིས་མཉམ་སྤྱོད་བྱེད།

◆བཟོ་པ170བརྟན་ཞིང་གོ་རིམ་ཡོད་པའི་སྒོ་ནས་ལས་གནས་ཐོག་ཚུར་ལོག་ཡོད།

◆སྤྱི་ཟླ3པའི་ཚེས10ཉིན་གྱི་སྔོན་དུ་མི700ལྷག་གིས་ཁྱོན་ཡོངས་ནས་ལས་ཀ་བསྐྱར་གསོ་བྱ་རྒྱུ་རེད།

◆འཛམ་གླིང་ཐོག་ཕར་འགྲོ་ཚུར་འོང་གི་ཧེ་བག་ཆེས་ཆེ་བའི་མཚོ་འཕགས་མཐོ་བའི་ཕུག་ལམ།

◆ལས་ཀ་སྤེལ་ཁྱོན་དང་མི་སྣའི་སྒྲིག་བཀོད་རྒྱ་སྐྱེད་བཏང་ནས་ལས་ཡུན་ནན་འཛིན་བྱེད།

◆དུས་རིམ་དང་པོའི་ས་ཁོངས་བརྒྱུད་པའི་ཚོད་ལྟའི་ཕུག་ལམ་དུམ་བུ་དེ2021ལོའི་ལོ་མཇུག་ལ་ཕུག་ཐུབ་རྒྱུ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   སྤྱི་ཟླ2པའི་ཚེས26ཉིན་གྱི་སྔ་དྲོར། དར་རྩེ་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་དར་མདོ་ས་ཁོངས་བརྒྱུད་པའི་ཚོད་ལྟའི་ཕུག་ལམ་ལས་མཚམསK1ཡི་གསེར་གཞོང་ལུང་པའི་ཕར་འགྲོ་ཚུར་འོང་བྱེད་སའི་ཟམ་པ་ཀུར་རྟགས་སྣོལ་གཟུགས་ཨར་ལས་བརྒྱག་ཡུལ་དུ་ལུས་ལ་འོད་ལྡོག་གོས་ཆས་གྱོན་་པའི་བཟོ་པ་བཅུ་ལྷག་གིས་གོ་རིམ་ཡོད་པའི་སྒོས་འདུ་འཛོམས་མ་ཡིན་པའི་རང་བཞིན་གྱི་བྱ་བ་སྒྲུབ་བཞིན་འདུག

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

ཐག་མི་རིང་སར་ཡོད་པའི་ཕག་མོ་རིའི་ཕུག་ལམ་དང་པོར་འཇུག་སའི་སྒོ་ཁར་ཚ་ལས་མཐུད་སྦྱོར་བྱེད་པའི་ཚག་སྒྲ་དང་འཕྲུལ་འཁོར་གྱི་སྐད་སྒྲ་གཡས་འཇགས་གཡོན་ལངས་རེད། བཟོ་པ་ཚོས་བྱང་ཆུབ་པའི་ངང་ནས་རླུང་རྒྱུག་ས་དང་གློག་ཁྲིད་ས། ཆུ་འགྲོ་ས་བཅས་བཟོས་ནས་ཚེས28ཉིན་ཕུག་ལམ་དངོས་སུ་བསྐྱར་ལས་བྱ་རྒྱུའི་གྲ་སྒྲིག་བྱེད་བཞིན་འདུག  སི་ཁྲོན་འགྲིམ་འགྲུལ་མ་དངུལ་གཏོང་འཇོག་གི་འཛུགས་སྐྲུན་པ170ཡིས་ཕག་མོ་རིའི་རི་འདབས་ཀྱི་ཨར་ལས་བྱ་ཡུལ་གྱི་ལྷིང་འཇགས་དཀྲོགས་ནས་དཀར་མཛེས་ཁུལ་གྱི་གཙོ་གནད་ལས་གཞིའི་ལས་གྲྭ་འཛུགས་སྐྲུན་བསྐྱར་གསོ་བྱེད་པའི་རོལ་དབྱངས་དཀྲོལ་བ་རེད།

ལས་གནས་སུ་ལོག་ནས་ལས་ཀ་བསྐྱར་གསོ་བྱེད་པར་ཤུགས་རྒྱག

   “ཁ་ཤུབས་རྒྱག་པ་དང་ལག་པ་བཀྲུ་བ། འདུ་འཛོམས་མི་བྱེད་པ་སོགས”K1དུམ་མཚམས་ཀྱི་ལས་གཞི་པུའུ་དང་པོའི་བཅའ་སྡོད་བྱ་ཡུལ་དུ་རིམས་ནད་འགོག་བཅོས་ཚོད་འཛིན་གྱི་དྲིལ་བསྒྲགས་སྦྱར་ཡིག་དང་བརྩེ་སེམས་མཚོན་པའི་དྲན་སྐུལ་གང་སར་མཐོང་རྒྱུ་ཡོད་ཅིང་།  ཨར་ལས་བྱེད་ཁུལ་ཁག་གི་རིམས་ནད་ ནད་འབྱུང་ཚུལ་སྔོན་འགོག་གི་འགག་སྒོ་ནན་པོ་བསྲུངས་ནས་ལས་བཟོ་ཚོས་གཅིག་གྱུར་ཐོག་ཁ་ཤུབས་བརྒྱབ་པས་མ་ཚད་ནང་དུ་འཛུལ་སྐབས་ཚང་མས་གཟུགས་པོའི་དྲོད་ཚད་ཞིབ་དཔྱད་ཚད་ལེན་དང་ལུས་པོར་དུག་སེལ། ཆ་འཕྲིན་ཐོ་འགོད་བཅས་དང་ལེན་བྱེད་དགོས་པས་ལྷུ་ཚིགས་གཅིག་ཆད་ནའང་མི་འགྲིག་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་བཀོད་འདོམས་པུའུའི་ལས་གྲྭའི་དོ་དམ་མི་སྣ་དབྱང་ཅན་ཕིང་གིས “ཁུལ་ཡོངས་ཀྱི་འགྲིམ་འགྲུལ་འཛུགས་སྐྲུན་གྱི་མྱུར་བགྲོད་གཞུང་ལམ་སྐྲུན་བཞིན་པའི་ལས་གཞི་ཐོག་མ་ཡིན་པའི་ངོས་ནས་དར་མདོ་ནས་ར་རྔ་ཁ་བར་གྱི་མྱུར་བགྲོད་གཞུང་ལམ་དར་མདོའི་ས་ཁོངས་བརྒྱུད་པའི་དུམ་མཚམས་བཀོད་འདོམས་པུའུ་ཡིས་ཀྲུང་དབྱང་དང་ཞིང་ཆེན། ཁུལ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐར་ཕྱིན་བྱས་ཏེ་རིམས་ནད་འགོག་བཅོས་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་མཉམ་འཛིན་དང་གཉིས་མི་འགོར་བའི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་རེད། རིམས་ནད་ཐོན་འགོ་ཚུགས་པ་ནས་བཟུང་། འཕྲལ་དུ་འགོག་བཅོས་ཚོད་འཛིན་ཚོ་ཆུང་བཙུགས་ཏེ་རྒྱང་བསྟན་བརྙན་ལམ་གྱི་ཚོགས་འདུ་ཐེངས་མང་པོར་འཚོགས་ནས་བཀོད་གཏོང་བཀོད་སྒྲིག་བྱས་པ་དང་། རིམས་ནད་འགོག་བཅོས་ཚོད་འཛིན་གྱི་ཇུས་གཞི་ཞིབ་ཚགས་གཏོང་བ་དང་ཨར་ལས་བསྐྱར་གསོ་སྒྲིག་འཛུགས་ཀྱི་ཇུས་གཞི་ལེགས་སུ་བཏང་ནས་མི་ཚང་མས་ཉེན་ཁ་མི་ཡོང་བར་དོ་དམ་དང་རིམས་འགོག་འགན་ལེན་བྱས་ཏེ་ནུས་ཤུགས་ཡོད་རྒུས་རིགས་བགོས་ཏེ་ལས་གཞི་ཕྱོགས་ཡོངས་ནས་ལས་ཀ་བསྐྱར་གསོ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་སེམས་ཁྲལ་མི་དགོས་ལ་དཀའ་ངལ་སེལ་རོགས་བྱས་ཡོད་ཅེས་བཤད་ངོ་སྤྱོད་བྱས་པ་རེད།  དབྱང་ཅན་ཕིང་གིས་སྤྱི་ཟླ2པའི་ཚེས4ཉིན་ནས་བཟུང་ལས་གཞི་དེའི་ཚན་པ་དང་པོའི་མི་སྣ་ལས་གནས་སུ་ཕྱིར་ལོག་ནས་ཁུལ་གྱིས་ཏོག་གསར་གློ་ཚད་ལ་ཁ་གཏད་འཇལ་བའི་འཚུབ་བསྟུན་བཀོད་འདོམས་པུའུ་རུ་ལས་ཀ་བསྐྱར་གསོའི་སྙན་སེང་ཐོ་འགོད་བྱས་པས་མ་ཚད་རིམས་འགོག་དངོས་ཟོག་ཉོ་སྒྲུབ་བྱས་ཡོད་པ་རེད།  སྤྱི་ཟླ2པའི་ཚེས7ཉིན་ཚན་པ་གཉིས་པའི་མི་སྣ་ལས་གནས་སུ་ཕྱིར་ལོག་ནས་ཨར་ལས་བྱ་ཡུལ་དུ་རྒྱུན་ལྡན་རིམས་འགོག་ལས་དོན་གྱི་འགན་འཁུར་ནས་རྗེས་མཐུད་ཀྱི་ལས་ཀ་བསྐྱར་འཛུགས་མི་སྣའི་ལུས་སེམས་བདེ་ཐང་དང་དགོས་ངེས་ཀྱི་ཐོན་སྐྱེད་འཚོ་བའི་རྒྱུ་ཆ་འགན་ལེན་བྱས་པ་ཡིན་ཞེས་བཤད་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   མིག་སྔའི་བར། K1དུམ་མཚམས་ཀྱི་ལས་གཞི་པུའུ་དང་པོའི་ལས་གནས་སུ་ཕྱིར་ལོག་བྱེད་མཁན་གྱི་མི170ལ་ཟིན་ཡོད།  དེའི་ནང་ནས་གཙོ་གནད་རིམས་ནད་ཁུལ་ནས་འོངས་པའི་མི་སྣ་མེད་པ་དང་།  ཁོངས་གཏོགས་ཚོད་འཛིན་རང་བཞིན་གྱི་ལས་གྲྭ་གཉིས་ཡོད་པས་གསེར་གཞོང་ལུང་པའི་ཕར་འགྲོ་ཚུར་འོང་བྱེད་སའི་ཟམ་པ་ཀུར་རྟགས་སྣོལ་གཟུགས་ཨར་ལས་བརྒྱག་ཡུལ་དུ་ལས་གྲྭ་དེ་སྤྱི་ཟླ2པའི་ཚེས20ཉིན་ཨར་ལས་བསྐྱར་གསོ་བྱས་པ་དང་ཕག་མོ་རི་བོའི་ཕུག་ལམ་དང་པོའི་ལས་གྲྭའི་ཉེན་ཆ་རྐྱེན་སྤྱིར་ན་འཛོམས་ཡོད་པ་རེད། སྔོན་དཔག་བྱས་ན་དེའི་རྗེས་ཚེས28ཉིན་མི་སྣ་འབོར་ཆེན་ཞིག་གི་ལས་ཀ་བསྐྱར་གསོ་བྱ་རྒྱུ་ཡིན་ཞིང་། སྤྱི་ཟླ3པའི་ཚེས10ཉིན་གྱི་སྔོན་དུ་ལམ་ཐིག་ཧྲིལ་ཨར་ལས་བསྐྱར་གསོ་བྱ་རྒྱུ་དང་ལས་གནས་སུ་ལོག་པའི་མི་གྲངས700ལྷག་ལ་ཟིན་རྒྱུ་ རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

རིམས་འགོག་ཞབས་ཞུའི་ལས་ཀར་ཤུགས་སྣོན་རྒྱག

   བདེ་ཐང་ལག་ཁྱེར་སྟོན། དམ་བཅའི་ཡི་གེ་འཇོག འགྲོ་མྱོང་ཡུལ་དང་སྡོད་མྱོང་ཡུལ་གྱི་ལོ་རྒྱུས་སྙན་ཞུ་བྱེད་པ་བཅས་ལ་བདེན་མིན་ཞིབ་དཔྱདའཕྱུག་མེད་བྱས་རྗེས། ལུས་པོའི་དྲོད་ཚད་ལྟ་དཔྱད་ཚད་ལེན་བྱེད། ཁ་ཤུབས་གོན་པ་དང་ཐོ་འགོད་བཅས་བྱས་ནས་ལུས་པོ་ཡོངས་སུ་དུག་སེལ་བྱ་རྒྱུ་སོགས་ཀྱི་ལས་གནས་སུ་ཕྱིར་ལོག་པའི་རྒྱུད་རིམ་སྣ་ཚོགས་དང་ལས་འགོ་བསྐྱར་གསོ་བྱེད་པའི་ཚད་གཞི་དང་མཐུན་རྗེས།  ལས་འགོ་བསྐྱར་གསོ་བྱེད་གྲབས་ཡོད་པའི་ལས་བཟོ་ཚོའི་སེམས་པ་བདེ་པོ་བྱུང་བ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   ཚང་མས་སུན་མེད་ངང་རིང་དང་རྒྱབ་སྐྱོར་རམ་འདེགས་བྱེད་པ་དང་། ཚང་མས་འགོག་སྲུང་བྱ་དགོས་ཚད་་ལ་འགོག་སྲུང་ནན་པོ་བྱ་རྒྱུ་དང་བཀག་བསྡོམས་རང་བཞིན་གྱི་དོ་དམ་བྱེད་ཚུལ་ནི་ཧ་ཅང་དགོས་ངེས་ཆེ་་བ་ཞིག་ཡིན་པ་ཤེས་བཞིན་དུ་རེད།  རིམས་ནད་འགོག་བཅོས་ཚོད་འཛིན་བྱེད་པ་དེ་སྟེས་དབང་གི་བསམ་ཚུལ་གཏན་ནས་ཡོད་མི་རུང་། མི་གཅིག་ལ་རིམས་ནད་འགོས་སོང་ན་མི་ཚང་མར་ཟུར་བཀར་བྱ་དགོས་པས། རིམས་ནད་འགོག་བཅོས་ཚོད་འཛོན་གྱི་བྱེད་ཐབས་སྣ་ཚོགས་དོན་འཁྱོལ་ནན་པོ་བྱ་རྒྱུ་ནི་ཨར་ལས་ཀྱི་ལས་འགོ་བསྐྱར་གསོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན། དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་k1གཞུང་ལམ་དུམ་མཚམས་ཀྱི-1གི་ལས་གྲྭའི་སྤྱི་གཉེར་བ་དང་གྲུབ་ཆ་ཨར་ལས་ཁུའོ་ཡི་ཁུའོ་ཀྲང་དབྱང་དབྱང་གིས་ངོ་སྤྲོད་བྱས་དོན། ནུས་ཤུགས་གཅིག་སྒྲིམ་དང་མཐུན་སྒྲིལ་འབད་འཐབ་བྱས་ཏེ་རིམས་ནད་ལས་རྣམ་པ་རྒྱལ་ཐུབ་པ་དང་ཨར་ལས་ཀྱི་ལས་ཀ་མཉམ་སྒྲུབ་བྱ་དགོས།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   བྱུང་ཁུངས་ནས་རིམས་ནད་མཆེད་པར་གཏན་འགོག་བྱས་ཏེ་ཨར་ལས་བྱེད་ཡུལ་དུ་རིམས་ནད་འགོ་མཁན་གཅིག་ཀྱང་མེད་པའི་དམིགས་ཡུལ་འགྲུབ་པར་ཁག་ཐེག་བྱེད་ཆེད། ལས་གཞི་པུའུ་ཡིས་དུས་བཀག་ལྟར་ཨར་ལས་སྒྲུབ་མཁན་དག་ལ་ལས་སྔོན་རིམས་འགོག་དང་ཉེན་མེད་བདེ་འཇགས་ཀྱི་སློབ་གསོའི་སྦྱོང་བརྡར་ཡོངས་སུ་ཁེབས་ཐུབ་པ་བྱས་པར་མ་ཟད། འགྲོ་འོང་བྱེད་མཁན་ཚང་མར་ཞིབ་བཤེར་ནན་པོ་བྱས་པ་རེད། འདུས་སྡེ་ཁུལ་དང་མཉམ་འབྲེལ་བྱས་ཏེ་ཉིན་རེར་སྙན་ཞུ་དང་ནམ་ཡང་འདྲི་རྟོགས་བྱེད་པའི་ལམ་ལུགས་དོན་འཁྱོལ་བྱས། ལས་བཟོ་ཚོའི་ཉིན་རེའི་བདེ་ཐང་གི་གནས་ཚུལ་དང་སྒྲིག་ཆས་དང་རླངས་འཁོར་གྱི་གནས་ཚུལ་སྙན་ཞུ་ཡག་པོ་བྱས་པ་དང་ཆབས་ཅིག  རིམས་འགོག་གི་ཆེད་སྤྱོད་མ་དངུལ་གྲ་སྒྲིག་བྱས་ནས་དུས་སྐབས་སྔར་མར་ཁ་ཤུབས6200དང་། ཆང་བཅུད་སྤྱི་རྒྱ88 དུག་སེལ་སྨན་ཆུ་སྤྱི་རྒྱ300 ལུས་དྲོད་འཇལ་བྱེད8སོགས་མཁོ་བསྟུན་དངོས་རྫས་ཉོ་སྒྲུབ་བྱས་པར་མ་ཟད། ཁེར་རྐྱང་གི་ལྟ་ཞིབ་ཁང་བཀོད་སྒྲིག་བྱས་ཡོད། མི་སྣ་ཡོད་ཚད་ཀྱིས་ལས་གནས་སུ་ཕྱིར་ལོགས་ནས་ལས་ཀ་བསྐྱར་གསོ་མ་བྱེད་སྔོན་རང་ཉིད་ཁྱིམ་དུ་བསྡད་དེ་ཟུར་བཀར་བྱས་པ་དང་ལུས་ཁམས་བདེ་ཐང་ཡིན་མིན་ཞིབ་བཤེར་བྱས་ཡོད་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   དོན་དག་ཆུང་རུང་སེམས་པ་སྤྲོ་རེད།  རིམས་ནད་འབྱུང་ཚུལ་འོག་འགོག་བཅོས་ཚོད་འཛིན་གྱི་ནང་རྐྱེན་དང་ལས་བཟོ་ཚང་མ་གྲལ་བཤེར། སྒྲིས་ཆས་དང་དངོས་རྫས། ནང་ཁུལ་དོ་དམ་སོགས་ལས་ལག་སྣ་ཚོགས་འོས་འཚམ་ངང་དོན་ཐོག་ཏུ་འཁྱོལ་ཐུབ་པ་བྱས་ནས། ལས་ཀ་བསྐྱར་གསོ་དང་ཐོན་སྐྱེད་བསྐྱར་གསོའི་ཆེས་མཐའ་མའི་ལས་ཀ་ཡག་པོ་བསྒྲུབས་ཡོད་པ་རེད།  ཡིན་ནའང་ལས་གཞི་པུའུ་ཡིས་ལས་བཟོ་དག་ཟ་མ་ཁ་ཁ་བྱས་ནས་ཟ་མ་ཟ་རུ་འཇུག་པའི་ལམ་ལུགས་དང་། རིན་པ་མི་དགོས་པར་ལས་བཟོ་ཚོར་སྐྲ་བཞར་རོགས། ཕྱི་ཕྱོགས་སུ་དངོས་རྫས་ཉོ་སྒྲུབ་བྱེད་རོགས། སྡོད་ཁང་དུ་ཕྱིན་ནས་དུག་སེལ་རོགས་སོགས་ཀྱི་ཞབས་ཞུ་ལས་ཀ་བསྒྲུབས་ནས། ལས་བཟོ་ཡོངས་ཀྱི་སེམས་པ་སྤྲོ་ཐུབ་པར་མ་ཟད། གོང་འོག་ཚང་མས་ཐོན་སྐྱེད་ཇེ་མགྱོགས་སུ་བྱེད་པའི་འཐབ་འཛིང་ནུས་པ་དང་འགན་འཁྲིའི་འདུ་ཤེས་གོང་བུར་གཅིག་ཏུ་འགྲིལ་བ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

ལས་ཡུན་མྱུར་འཛིན་བྱེད་པ།

   དབྱང་ཅན་ཕིང་གིས་ཡིད་ཆེས་ཁེངས་པའི་ངང་ནས་ང་ཚོས་ནུས་ཤུགས་གང་ཡོད་ཀྱིས་འགོར་འགྱངས་བྱས་པའི་ལས་ཀ་ཡོངས་རྫོགས་བསྒྲུབ་ཐུབ་པ་བྱས་ཏེ་་ཨར་ལས་ཀྱི་ལས་འགན་སྔ་ཚེར་འགྲུབ་ཐུབ་པ་བྱ་རྒྱུ་ཡིན།

  རིམས་ནད་ཀྱི་རྐྱེན་གྱིས་ལས་བཟོ་ཡོངས་རྫོགས་ཀྱི་ལས་ཀ་བསྐྱར་གསོ་བྱེད་པའི་དུས་ཚོད་ཟླ་བ་གཅིག་ཙམ་ཕྱིར་འགྱངས་བྱས་སོང་།  རྗེས་མའི་ཨར་ལས་ལ་གནོན་ཤུགས་ཆེ་ལ་ལས་འགན་ལྗིད་པ་དང་དུས་ཡུན་ཐུང་བ་རེད།  ཡིན་ན་ཡང2020ལོའི་ཐོན་སྐྱེད་རིན་ཐང་གི་ལས་འགན་དང་རྣམ་པའི་འཕེལ་རིམ་གྱི་ལས་འགན་སྔར་མུས་སུ་་འཛིན་གང་ཐུབ་བྱས་ནས། ལོ་འཁོར་ཡོངས་སུ་སྔོན་མའི་འཆར་གཞི་བཞིན་དུང་ཕྱུར6གི་ཐོན་སྐྱེད་རིན་ཐང་གི་དམིགས་ཡུལ་ལེགས་འགྲུབ་ཡོང་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བར་ཇུས་འགོད་དང་། སྔོན་ཚུད་ནས་ལས་འགོ་བསྐྱར་ཚུགས་བྱེད་དཀའ་བར་དཔྱད་ཞིབ་བྱེད་ཅིང་། སྔ་ཙམ་ཞུགས་ནས་འབྲེལ་གཏུག་དུས་ཐོག་བྱེད་པ། འགག་རྩའི་མཚམས་ཚིགས་ལ་དོ་ཁུར་བྱེད་པ་སོགས་ཕྱིན་ཆད་སྤེལ་དགོས་པའི་ཨར་ལས་ལས་ཀར་དམིགས་ནས། དབྱང་ཅན་ཕིང་གིས་ལྗང་མདོག་དང་སྤུས་ཚད་དམིགས་སུ་བཀར་བའི་འཛུགས་སྐྲུན་འདུ་ཤེས་མཐའ་འཁྱོངས་བྱེད་པ་དང་སྤུས་འབོར་གཉིས་ལྡན་གྱི་སྒོ་ནས་འཛུགས་སྐྲུན་ལས་དོན་སྤེལ་བའི་སྔོན་འགྲོའི་ཆ་རྐྱེན་འོག ལས་སྒྲུབ་རྒྱ་ཁྱོན་དང་མི་སྣའི་འཕྲུལ་ཆས་མང་དུ་གཏོང་བའི་བྱེད་ཐབས་ལ་བརྟེན་ནས་འཕེལ་རིམ་དམ་འཛིན་བྱས་ཏེ་ལོ་འཁོར་གྱི་ལས་འགན་འགྲུབ་པ་དང2021ལོར་ཚོད་ལྟ་ལམ་བུར་རླངས་འཁོར་ཤར་གཏོང་ཐུབ་པའི་དམག་བཀའ་དང་ལེན་ཞུ་ཡིག་སྤྲད་ཐུབ་པ་འགན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   ད་ལྟ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་ཁག་ཆེ་བའི་འགག་རྩའི་དུས་མཚམས་སུ། དབྱང་ཅན་ཕིང་གིས་ལས་ཡུན་མྱུར་འཕྲོག་བྱེད་པའི་དབང་དུ་བཏང་ན་ཡང་། དཀའ་ཚེགས་ཅན་གྱི་ལས་གྲྭ་གཉིས་ཀྱིས་བཀག་འགོག་ཐེབས་ཤིང་། ལྷག་པར་དུ་ཕག་མོ་རི་བོའི་ཕུག་ལམ་དང་པོའི་ལས་གཞིའི་ཨར་ལས་ལ་དཀའ་ངལ་ཆེན་པོ་འཕྲད་ངེས་པ་རེད། ལས་འགོ་བསྐྱར་ཚུགས་ཁྱོན་ཡོངས་ནས་བྱས་རྗེས་ཕུག་ལམ་དེའི་ལམ་ཐིག་ཧྲིལ་པོའི་ཨར་ལས་མི་སྣ300ལ་ཟིན་པ་དང་། ལས་སྒྲུབ་རྒྱ་ཁྱོན10མང་དུ་ཕྱིན་ཞིང་ཉིན་ལྟར་སྨི7.6ཡས་མས་ལས་རྐོ་མི་ཐུབ་པ་རེད། ནུས་ཤུགས་ཡོད་རྒུས་ཟླ་རེར་སྨི120ཙམ་གྱི་རྒྱུན་གཏན་ཨར་ལས་འཕེལ་རིམ་གྱི་རྗེས་ཟིན་པར་བྱས་ཏེ་ལས་ཡུན་ཐུང་དུ་གཏོང་གང་ཐུབ་བྱ་དགོས་ཞེས་བཤད།  

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

   ལས་ཡུན་ནར་འགྱངས་བྱེད་པ་དེ་ལས་གཞི་པུའུ་ཡིས་སེམས་ནད་ཆེ་ཤོས་ཀྱི་གནད་དོན་ཞིག་མིན་པར། བྲག་གས་ནས་འདམ་གྱིས་ཁེངས་པ་དང་མཐོ་གནོན་རླངས་གཟུགས་ཐོན་པ་སོགས་ས་གཤིས་ཀྱི་གནོད་འཚེ་ཐོན་པ་ཡིན་ན་གཞི་ནས་སེམས་ཁྲལ་ཆེ་བའི་མངོན་མེད་རྐྱེན་ངན་ཡིན་པ་རེད། 

   དབྱང་ཡང་གིས་དེའི་ཐད་འགྲེལ་བཤད་བྱས་ཏེ། དར་མདོ་ནས་ར་རྔ་ཁ་བར་མྱུར་བགྲོད་གཞུང་ལམ་གྱི་དར་མདོའི་ས་མཚམས་བརྒལ་བའི་ཚོད་ལྟའི་ལམ་བུ་ཇུས་འགོད་ཀྱི་ཇུས་གཞི་ནི།  འགོ་ཚུགས་ས་དར་མདོ་གྲོང་ཁྱེར་ཤར་དུ་གནས་པའི་གསེར་གཞོང་ལུང་ཡིན་ཞིང་།﹙དེ་ནས་དར་མདོ་ནས་གཡག་རྔ་བར་མྱུར་བགྲོད་གཞུང་ལམ་དང་སྦྲེལ་མཐུད་བྱས་པ﹚མཇུག་སྒྲིལ་ས་གཉའ་ལུང་འགོ་གྲོང་གསར་ཡིན ﹙ཨར་པེ་སི་གཞིས་ཁུལ་གྱི་ཉེ་འགྲམ་དུ་དར་མདོ་ནས་ར་རྔ་ཁ་བར་མྱུར་བགྲོད་གཞུང་ལམ་གྱི་དུས་རིམ་གཉིས་པ་དང་རྒྱལ་སྲུང་གཞུང་ལམ G318དང་སྦྲེལ་མཐུད་བྱས་པ﹚ཡིན་པ་རེད། ལམ་ཐིག་གི་སྤྱིའི་རིང་ཚད17.898Kmཡིན་པ་དང་ཆུ་ཚོད་རེ་རེའི་མྱུར་ཚད80Km/hཡིན་པ་དང་།  ལམ་ངོས་ཀྱི་ཞེང་ཚད25.5mཡིན་པ་རེད།  ལམ་ཐིག་ཧྲིལ་པོར་ཟམ་པ་གཙོ་བོ3དང་ཕུག་ལམ2(ཕག་མོ་རིའི་ཕུག་ལམ་དང་པོར8780mདང་ཕག་མོ་རིའི་ཕུག་ལམ་གཉིས་པར6667m)དང་དེ་བཞིན་ཕན་ཚུན་འབྲེལ་མཐུད་བྱེད་ས2དང་། ཞབས་ཞུ་ཁུལ1 རླངས་འཁོར་འཇོག་ཁུལ1བཅས་བཀོད་སྒྲིག་བྱས་ཡོད། ཞབས་ཞུ་ཁུལ་དང་རླངས་འཁོར་འཇོག་ཁུལ་ཚང་མ་ཕན་ཚུན་འབྲེལ་མཐུད་བྱས་ནས་བཟོས་ཡོད།

ལས་གཞི་དེརEPCབྱེད་སྟངས་སྤྱད་དེ་འགྲོ་འོང་ཚོད་འཛིན་ཁྱོན་ཡོངས་ནས་བྱེད་པ་དང་། ཁྱོན་ཡོངས་ནས་བསྣོལ་བའི་ཕྱོགས་གཉིས་ལ་འཁོར་ལམ་བཞིའི་མྱུར་བགྲོད་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

དར་མདོ་གསེར་གཞོང་ལུང་གི་ཕར་འགྲོ་ཚུར་འོང་བྱེད་སའི་ཟམ་པ་ཀུར་རྟགས་སྣོལ་གཟུགས་ཀྱི་དཔེ་མཚོན་རི་མོ།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

(གཡོན་གྱི་རི་མོ་ནི་དར་མདོའི་ལམ་རིམ་བསྡུ་སའི་ས་ཚུགས། གཡོན་གྱི་རི་མོ་ནི་ཕག་མོ་རི་བོའི་ཕུག་ལམ་དང་པོ།) 


 “ལས་གཞི་འདི་ནི་རྒྱལ་ཁབ་ཀྱི་མྱུར་བགྲོད་གཞུང་ལམ་དྲ་བའི་ཁྲོད་བོད་ཁུལ་གྱི་མྱུར་བགྲོད་གཞུང་ལམ་གྱི་་ལམ་མཚམས་དུམ་བུ་གལ་ཆེན་ལ་གཏོགས་པར་ཤིང་།  མཚོ་འཕགས་མཐོ་བ་དང་ས་བབས་མཐོ་བ། ས་འགུལ་རྒྱུག་ཚད་མཐོ་བ་བཅས་ཀྱི་མཐོ་ཤོས་གསུམ་དང་།   དེ་བཞིན་དུ་ལས་གཞིའི་འགྲོ་གྲོན་དམའ་བ་དང་ལས་ཆོད་དམའ་བཅས་དམའ་ཤོས་གཉིས’ཀྱི་ཆ་རྐྱེན་གྱིས་ཚོད་འཛིན་ཐེབས་ཤིང་།   ས་གཤིས་ཀྱི་ཆ་རྐྱེན་རྙོག་དྲ་ཆེ་བ་དང་ཨར་ལས་ཀྱི་དཀའ་ཁག་ཆེ་བ། རྒྱུ་ཆ་སྐྱེལ་འདྲེན་བྱེད་དཀའ་བ། ཨར་ལས་འཚམ་པའི་དུས་ཡུན་གྱི་ལས་ཡུན་ཐུང་བ་རེད།   དུས་རིམ་འདིར་ཨར་ལས་རྒྱག་པའི་སྐབས་བྲག་གས་པ་དང་། ཆུ་བཞུར་ལམ་དང་རླངས་གཟུགས་གསལ་པོ་མེད་པ་སོགས་ཀྱི་དཀའ་ཁག་ཡོད་པ་རེད། ”   དབྱང་གཡང་གིས་སླར་ཡང་བསྟན་དོན། ཨར་ལས་སྐྲུན་གྱི་གཙོ་གནད་དང་དཀའ་གནད་དེ་ཕག་མོ་རི་བོའི་ཕུག་ལམ་ཨང་དང་པོ་ཡིན་ལ། དེའི་འཛུལ་སྒོ་དང་འབུད་སྒོའི་མཐོ་དམན་ཧེ་བག་སྨི220ཙམ་ལ་ཟིན་ཡོད་ལ། དེ་ནི་འཛམ་གླིང་སྟེང་གི་འཛུལ་སྒོ་དང་འབུད་སྒོ་ལ་ཧེ་བག་ཆེས་ཆེ་ཤོས་ཀྱི་མཚོ་འཕགས་མཐོ་བའི་ཕུག་ལམ་ཞིག་ཡིན་པ་རེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

ཕག་མོ་རི་བོའི་ཕུག་ལམ་དང་པོའི་དཔེ་མཚོན་རི་མོ།


  “ལས་གཞི་འདི2017ལོའི་སྤྱི་ཟླ11པར་ལས་འགོ་བརྩམས་པ་ནས་བཟུང་། མིག་སྔའི་བར་དུ་རིམ་རྩིས་བྱས་ན་ཕུག་ལམ་ལས་གྲྭ་སྨི5500ལེགས་སུ་གྲུབ་ཟིན་པ་དང་ཟམ་པའི་ལས་གྲྭ30%ལེགས་སུ་གྲུབ་ཟིན་ཡོད”ཅེས་དབྱང་དབྱང་གིས་དེ་ལྟར་བཤད། འཆར་གཞི་ལྟར་དུས་རིམ་དང་པོར་ཚོད་ལྟ་སྔོན་དཔག་བྱས་ན2021ལོའི་ལོ་མཇུག་ཏུ་རླངས་འཁོར་ཤར་གཏོང་ཐུབ་པའི་ཆ་རྐྱེན་ལ་སླེབས་རྒྱུ་རེད། སྐབས་དེར་དར་མདོ་གྲོང་ཁུལ་བརྒལ་བའི་རླངས་འཁོར་དག་གི་འགྲོ་འོང་སྟབས་བདེ་ཞིང་གྲོང་ཁུལ་དུ་རླངས་འཁོར་འཚང་བའི་གནོན་ཤུགས་ཆུང་དུ་གཏང་ཐུབ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ལ་སྐུལ་འདེད་གཏང་ཐུབ་རྒྱུ་རེད། 

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

ཚོད་ལྟའི་ལམ་དུམ་བརྒལ་མཚམས་ཀྱིSདབྱིབས་ཀྱི་ཕུག་ལམ་དཔེ་མཚོན་རི་མོ།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

དར་མདོ་ནས་ར་རྔ་ཁའི་མྱུར་བགྲོད་གཞུང་ལམ་གྱི་ལས་ཀ་བསྐྱར་གསོ་བྱེད།

དར་མདོ་བརྒལ་བའི་ཚོད་ལྟའི་ལམ་དུམ་གྱི་སྤྱིའི་བཀོད་འདོམས་ས་ཚུགས།


  • ལེ་ཚན་སྔོན་མ།:ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་མཁན་པོ་འཇམ་དབྱངས་ལགས་ཀྱིས་རིམས་ནད་སྔོན་འགོག་ལ་སྒོར་ས་ཡ3ལ་ཉེ་བ་ཞལ་འདེབས་སུ་ཕུལ།
  • ལེ་ཚན་རྗེས་མ།:རྟའུ་ནས་ཕུལ་བའི་བཀའ་དྲིན་ཞུ་ཡིག
  • དོ་སྣང་ཆེ་བའི་རྩོམ།