འགོ་ཁྲིད་འདི་ལྐོག་ཏུ་ཞིབ་དཔྱོད་ལ་ཕེབས་འདུག

        2020-02-27

    ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཨུའི་རྟའུ་རུ་བཅའ་སྡོད་བྱས་པའི་ཡུལ་དངོས་བཀོད་པུའུ་ཡི་བཀོད་འདོམས་འགོ་གཙོ་ལུའོ་ཀྲེན་ཧྭ་དང་བཀོད་འདོམས་འགོ་གཙོ་གཞོན་པ་ཀའོ་ཀྲན་རྣམ་པ་གཉིས་འཁོར་ཉུང་སྟབས་བདེ་དང་འགྲོ་ཕྱོགས་ངེས་མེད། སྟབས་བསྟུན་ཟུར་བཤེར་བཅས་ཀྱིས་རྟའུ་རྫོང་ཁུག་ཆ་ཡུལ་ཤོག་གི་རིམས་ཚུལ་འགོག་བཅོས་ཚོད་འཛིན་ལས་དོན་ལ་གློ་བུར་དུ་ལྐོག་ཞིབ་དང་ལྟ་བཤེར་གནང་བ་རེད།

      ཁུག་ཆ་གྲོང་སྡེ་ལྷམ་ནང་རྡོའི་འགག་ཚུགས་སུ་ལུའོ་ཀྲེན་ཧྭ་དང་བཅས་པས་ཉེ་དུས་འཁོར་རིགས་དང་མི་སྣ་འགྲོ་འོང་གི་གནས་ཚུལ་རྒྱུན་ལོས་གནང་ཞིང་། ཐོ་འགོད་དེབ་ལ་བལྟས་པ་སོགས་ཀྱི་རྗེས་ལ་ལས་རེས་མི་སྣའི་འགན་ཁུར་ལུགས་ཡག་པོ་དང་རིམས་འགོག་ལས་དོན་ཞིབ་ཚགས་ཡིན་པའི་གདེང་འཇོག་གནང་བ་དང་ཆབས་ཅིགལས་རེས་བྱེད་མཁན་ཚོས་ངེས་པར་དུ་སེམས་ཤུགས་མི་ཉམས་པ་དང་རང་འགན་གཙང་སྒྲུབ་བྱ་དགོས། ཆུ་ཚོད24ལ་ལས་རེས་བྱ་རྒྱུ་དོན་ཐོག་ནན་འཁྱོལ་བྱ་དགོས། ལྷོད་གཡེང་གཏན་ནས་བྱེད་མི་རུང་། རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་མཇུག་མཐའ་ཡག་པོ་བསྲུང་དགོས། འགག་ཚུགས་སྲུང་ཐུབ་ན་ནད་དུག་གི་མཆེད་ལམ་སྲུང་ཐུབ་པ་དང་མི་དམངས་མང་ཚོགས་ཀྱི་བདེ་འཇགས་ཀྱང་སྲུང་ཐུབ་པ་ཡིན་ཞེས་ཐུགས་རེ་གནང་བ་རེད།

     ལུའོ་ཀྲེན་ཧྭས་བསྟན་དོན། རྒྱ་བོད་སྨན་གྱི་སྔོན་འགོག་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ནུས་ཤུགས་ཡོད་དགུས་ཏོག་གསར་གློ་ཚད་ཀྱི་རྒྱ་བོད་བཀག་འགོག་སྨན་རྫས་ས་ཁོངས་ཡོངས་ཀྱི་མང་ཚོགས་ཀྱི་ལག་ཏུ་སོན་ཐུབ་པ་བྱ་དགོས། བརྙན་འཕྲིན་དང་རྒྱང་སྒྲོག་དེ་བཞིན་སྒྲ་དུང་ཆུང་ངུ་སོགས་ལ་བརྟེན་ནས་ཏོག་གསར་གློ་ཚད་འགོག་བཅོས་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏང་དགོས། མང་ཚོགས་ཀྱི་འགོག་བཅོས་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་མང་ཚོགས་ཀྱིས་རང་ཉིད་འགོག་སྲུང་གི་བྱེད་ཐབས་ཡག་པོ་སྤྱད་པ་སྣེ་ཁྲིད་བྱ་དགོས། ཕྱིར་འགྲོ་མི་ཆོག་པ་བྱས་ཏེ་རིམས་ནད་མཆེད་པའི་ཉེན་ཁ་ཆུང་དུ་གཏང་དགོས། སྲིད་གཞུང་སྡེ་ཁག་གིས་ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ནས་ཁྲིམས་ལུགས་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཇེ་དྲག་ཏུ་གཏང་དགོས། མང་ཚོགས་ཀྱིས་སྲིད་གཞུང་སྡེ་ཚན་ལ་རམ་འདེགས་བྱས་ནས་རིམས་འགོག་ལས་དོན་སྤེལ་བར་སྣེ་ཁྲིད་ཧུར་ཐག་བྱས་ཏེ་རྟའུ་ཡིས་རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལས་རྒྱལ་ཁ་འཐོབ་པར་བྱས་རྗེས་གཞག་དགོས།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།

རྩོམ་སྒྲིག་པ། མགར་རྒྱལ་སྲས།


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་བརྒྱད་ཟིལ་རྫོང་དུ་ཞིབ་དཔྱོད་ལ་ཕེབས་འདུག
  • ལེ་ཚན་རྗེས་མ།:ཁུལ་སྲིད་གྲོས་ཀྱི་ཨུ་ཡོན་མཁན་པོ་འཇམ་དབྱངས་ལགས་ཀྱིས་རིམས་ནད་སྔོན་འགོག་ལ་སྒོར་ས་ཡ3ལ་ཉེ་བ་ཞལ་འདེབས་སུ་ཕུལ།
  • དོ་སྣང་ཆེ་བའི་རྩོམ།