ལིའུ་ཁྲེང་མིང་གིས་རིམས་ཚུལ་རྦད་དེ་འགོག་བཅོས་ཐུབ་པ་བྱ་དགོས་གསུངས།

ཡེ་མགོན་གྱིས་བསྒྱུར།        2020-02-24

    སྤྱི་ཟླ2པའི་ཚེས22ཉིན།རང་ཁུལ་གྱིས་ཏོག་གསར་གློ་ཚད་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་ལས་དོན་གྱི་བརྙན་གཏོང་བཀོད་གཏོང་ཚོགས་འདུ་འཚོགས་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཞིང་ཆེན་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་བཀོད་འདོམས་པུའུ་ཡི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། རྟའུ་ཡི་ལས་ཡུལ་བཀོད་འདོམས་པུའུ་ཡིས་ལས་དོན་བསྒྲུབས་ཚུལ་གྱི་སྙན་སེང་ཞུས་པར་ཉན་འཇོག་བྱས་ཤིང་། རྟའུ་ཡིས་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་ཐད་ཡང་དུ་ནན་བཤད་དང་བཀོད་སྒྲིག་བྱས་པ་རེད།

   ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཚོགས་འདུ་གཙོ་སྐྱོང་གནང་ནས་གསུང་བཤད་གནང་བ་རེད། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན་ཞའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་ཡོད།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལུའོ་ཀྲེན་ཧྭས་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་བྱས་པའི་འབྲེལ་ཡོད་གནས་ཚུལ་སྙན་སེང་ཞུས་པ་རེད།

   ལིའུ་ཁྲེང་མིང་གིས་སྙན་སེང་ལ་གསན་འཇོག་གནང་རྗེས་བསྟན་དོན།མིག་སྔར་རྟའུ་ཡི་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་བྱེད་པའི་འགག་རྩའི་དུས་སུ་བསླེབས་ཡོད་ཅིང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་ཐུགས་ཁུར་དང་ཁྲིད་སྟོན་གནང་འོག  ཁུལ་དང་རྫོང་གི་རིམ་པ་སོ་སོ་དང་སྡེ་ཁག་སོ་སོས་ཐུན་མོང་དུ་འབད་བརྩོན་བྱས་འོག་དང་རྒྱ་ཆེ་བའི་མང་ཚོགས་ཀྱིས་གཞོགས་འདེགས་ཧུར་ཐག་བྱས་འོག  རྟའུ་རྫོང་གིས་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་གྱི་ལས་དོན་ནུས་ལྡན་གྱིས་སྐུལ་འདེད་གཏོང་བཞིན་ཡོད་པ་རེད། ཁོང་གིས་ནན་གསུང་གནང་དོན། རིམས་ནད་འབྱུང་ཚུལ་གྱི་གནས་བབ་གསར་པའི་མདུན་དུ་རིམ་པ་སོ་སོ་དང་སྡེ་ཁག་སོ་སོ།ཁྱད་པར་དུ་ལས་ཡུལ་གྱི་སྨན་བཅོས་ལས་སྒྲུབ་མི་སྣ་དང་ལས་སྒྲུབ་མི་སྣ་ཚོས་བསྟུད་མར་གཡུལ་འབྱེད་ལ་ཞུགས་་པའི་སྙིང་སྟོབས་དར་སྤེལ་བཏང་ནས་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རིམས་ནད་འབྱུང་ཚུལ་གྱི་ལས་དོན་སོ་སོ་དམ་འཛིན་ཡག་པོ་བྱས་པ་རེད།

   ལིའུ་ཁྲེང་མིང་གིས་ཐུགས་རེ་གནང་དོན། གིཅག་ནི་མུ་མཐུད་ནས་མཐུན་སྦྱོར་ཚོད་འཛིན་གསུམ་དོ་དམ་ཚོད་འཛིན་བྱས་ཏེ་བྱེད་ཐབས་སྤྱད་རྒྱུའི་ཐད་ཡང་དུ་ཇེ་དྲག་ཏུ་གཏང་དགོས།གཉིས་ནི་འཕར་ཚད་ཚོད་འཛིན་དང་ཉར་ཚད་ཉུང་འཕྲི། ཚད་འགྱུར་སྔོན་འགོག་བྱ་རྒྱུའི་ཐད་ཡང་དུ་སེམས་ཤུགས་བསྒྲིམས་ནས་རིམས་ནད་འབྱུང་ཚུལ་འགོག་བཅོས་ཚོད་འཛིན་དང་སྐྱོབ་བཅོས་ཀྱི་གྲུབ་འབྲས་སྲ་བརྟན་གཏང་དགོས།གསུམ་ནི་གཅིག་བསྡུད་ཀྱིས་སྐྱོབ་བཅོས་བྱེད་པའི་འབྲེལ་ཡོད་ལས་དོན་ཡག་པོ་བསྒྲུབས་ནས་རིགས་བགོས་བྱེད་ཐབས་དང་རིགས་བགོས་སྨན་བཅོས་བྱེད་སྟངས་སྤྱད་ནས་རྒྱུན་ཆད་མེད་པར་ནད་གཞི་སངས་དྲག་བྱུང་ཚད་མཐོར་འདེགས་དང་རིམས་ནད་འགོས་ཚད་དམའ་རུ་གཏང་གང་ཐུབ་བྱ་དགོས། བཞི་ནི་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་འགན་སྲུང་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཁྲིམས་སྐྱོང་གི་དར་ཆ་མཐོན་པོར་བསྒྲེངས་ནས་ལས་དོན་སྤེལ་དགོས།།


  • ལེ་ཚན་སྔོན་མ།:ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིའི་ལས་དོན་གྱི་ཡུལ་དངོས་སུ་བརྟག་ཞིབ་བྱེད་པའི་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས།
  • ལེ་ཚན་རྗེས་མ།:རིམས་འགོག་ལས་ཡུལ་དུ་རྟའུའི་ལས་བྱེད་པ5ཡི་གོ་གནས་སྤར་འདུག
  • དོ་སྣང་ཆེ་བའི་རྩོམ།