ཧྲུའུ་ཅིས་རིམས་འགོག་དང་གཙོ་གནད་ལས་གཞི་མཉམ་འཛིན་བྱ་དགོས་ཟེར།

སྐལ་ཐུབ་ཀྱིས་བསྒྱུར་ཞུས་བྱས།        2020-02-22

     ཚེས19ཉིན། རང་ཁུལ་གྱིས་གཙོ་གནད་ལས་གཞིའི་ལས་དོན་གྱི་ཡུལ་དངོས་སུ་བརྟག་ཞིབ་བཞུགས་མོལ་ཚོགས་འདུ་འཚོགས་ཏེ།  ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་།  ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱི་ལས་དོན་བསྐྱར་སྒྲུབ་དང་ཐོན་སྐྱེད་བསྐྱར་གསོའི་འབྲེལ་ཡོད་སྐོར་གྱི་བླང་བྱ་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཤིང་། མིག་སྔར་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞིར་སྐུལ་འདེད་གཏོང་བའི་ལས་ཀར་འཕྲད་པའི་དུས་བབ་ལ་དབྱེ་ཞིབ་དང་། ཞན་ཆ་དང་མི་འདང་སར་འཚོལ་བ། ལས་ཀའི་བྱ་ཐབས་དོན་འཁྱོལ་བྱས་ནས་གཙོ་གནད་ལས་གཞིའི་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། ཕྱོགས་གཅིག་ནས་རིམས་ནད་འགོག་བཅོས་ཚོད་འཛིན་དང་། ཕྱོགས་གཅིག་ནས་དཔལ་འབྱོར་འཕེལ་རྒྱས་ལ་དམ་འཛིན་ཏན་ཏིག་བྱ་དགོས་པར་བསྟན། ལིའུ་ཁྲེང་མིང་གིས་གཙོ་འགན་གནང་བར་མ་ཟད་གསུང་བཤད་གནང་བ་དང་།  ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཞའོ་ཡིའུ་ཚའེ་ཚོགས་འདུར་ཞུགས་པ་རེད།ཁུལ་ཨུའི་རྒྱུན་ཨུ། རྒྱུན་ལས་ཁུལ་དཔོན་གཞོན་པ་ལིའུ་ཅི་ཞང་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ། དུང་དཀར་ལུང་པའི་དོ་དམ་ཅུས་ཀྱི་འགོ་འཛིན་ཡན་ལེ། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། ཁུལ་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཁྲེན་ཐེན་ཁང་། སི་ཁྲོན་མི་རིགས་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཚུའེ་ཡུས་ཧྥེང་། ཐིང་རིམ་པ་གཞོན་པའི་ལས་བྱེད་པ་ཀྲང་ཡུང་ཏེ་བཅས་ཚོགས་འདུར་ཞུགས་པ་རེད།

    ལིའུ་ཁྲེང་མིང་གིས་ཁུལ་ཡོངས་ཀྱི་ཁུལ་རིམ་པའི་གཙོ་གནད་ལས་གཞིའི་ལས་འགོ་བསྐྱར་འཛུགས་བྱས་ཚུལ་དང་། དུས་ཚིགས་དང་པོའི་གལ་ཆེན་ལས་གཞི་ལས་འགོ་འཛུགས་རྒྱུའི་གྲ་སྒྲིག་བྱས་ཚུལ་གྱི་སྙན་སེང་་ལ་གསན་རྗེས། ལས་གཞི་ནི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་འགག་རྩ་ཡིན་པས། སི་ཁྲོན་མི་རིགས་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི(ལྕགས་ཟམ་སློབ་ཁུལ་གྱི་དུས་རིམ་དང་པོ)དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་། སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་སོགས་གཙོ་གནད་ལས་གཞིར་ལས་འགོ་ཚུགས་པའི་འབྲེལ་ཡོད་ལས་ཀ་དེ་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི་འཆར་འགོད་ལག་བསྟར་ལེགས་གྲུབ་དང་འབྲེལ་བ་ཡོད་ལ། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་འཆར་འགོད་ལས་གཞི་བརྩོན་ལེན་བྱ་རྒྱུ་དང་འབྲེལ་བ་ཡོད།  རང་ཁུལ་གྱི་རིགས་ཁག་གི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱ་རྒྱུའི་ཇུས་འགོད་ཆེན་པོ་དང་། དར་མདོ་དང་ལྕགས་ཟམ། ར་རྔ་ཁ་བཅས་ཀྱི་གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་སྤུས་ཚད་དང་།   ད་ལོའི་ལས་གཞིའི་མ་དངུལ་འཇོག་རྒྱུའི་དམིགས་འབེན་ལས་འགན་ལེགས་འགྲུབ་འབྱུང་བ་བཅས་དང་འབྲེལ་བ་ཡོད་བ་ཞེས་ནན་གསུང་གནང་བ་རེད།

     ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན།   ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ད་ལོའི་ཁུལ་ཡོངས་ཀྱི་ལས་གཞི་འཛུགས་སྐྲུན་དང་ཁྱད་པར་དུ་དེང་སྐབས་སུ་རིམས་ཚུལ་འགོག་བཅོས་ཚོད་འཛིན་གྱི་གནད་འགག་དུས་སྐབས་ཀྱི་ལས་གཞིའི་མ་འཇོག་ལས་ཀ་ཡག་མོ་འཛིན་རྒྱུ་དེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་འགོག་བཅོས་ཚོད་འཛིན་བྱེད་ཐབས་དོན་ཐོག་གནས་ལ་འཁྱོལ་བའི་རྨང་གཞིའི་ཐོག་ཁེ་ལས་ལས་དོན་བསྐྱར་སྒྲུབ་དང་ཐོན་སྐྱེད་བསྐྱར་གསོར་སྐུལ་འདེད་ཧུར་ཐག་གཏོང་ཞིང་། རིམས་ཚུལ་གྱིས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་འཚོ་བའི་ཐད་ལ་ཤུགས་རྐྱེན་བཟོ་ཚད་དམའ་རུ་ཚད་ཆེ་ཤོས་གཏོང་བའི་བླང་བྱ་དོན་འཁྱོལ་བྱེད་པའི་བྱ་སྤྱོད་ཞིབ་ཕྲ་ཡིན་པར་ངོས་འཛིན་གང་ལེགས་བྱ་དགོས། ཛ་དྲག་གི་བསམ་པ་དང་དགོས་གཏུག་གི་བསམ་པ་དང་འགན་འཁྲི་ཁུར་སེམས་སྔར་ལྷག་གིས་ཇེ་དྲག་ཏུ་གཏོང་ཞིང་། གཙོ་གནད་ལས་གཞིའི་ལས་ཀ་ཁག་ཡག་མོ་འཛིན་རྒྱུའི་གལ་ཆེའི་རང་བཞིན་ངོས་འཛིན་གང་ལེགས་བྱས་ནས་ཐུན་མོང་དུ་ལས་གཞི་འགོ་ཚུགས་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། ས་ཁུལ་དང་རིགས་ཚན་བགོས་ནས་ཁུལ་ཡོངས་ཀྱི་གཙོ་གནད་ལས་གཞི་བསྐྱར་ལས་དང་ཐོན་སྐྱེད་བསྐྱར་གསོ་ལ་སྐུལ་འདེད་གཏང་དགོས།  དེ་ཡང་སི་ཁྲོན་མི་རིགས་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི(ལྕགས་ཟམ་སློབ་ཁུལ་གྱི་ཨར་པོ་དུས་རིམ་དང་པོ)ཨར་ལས་དང་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་།  སི་ཁྲོན་བོད་ཡིག་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་སོགས་ཀྱི་གཙོ་གནད་ལས་གཞི་བཅས་སྔོན་མའི་དུས་བཀག་ལྟར་ལས་འགོ་བཙུགས་ཐུབ་པར་ཁག་ཐེག་བྱེད་ཆེད།  ལིའུ་ཁྲེང་མིང་གིས་རིམ་པ་དང་སྡེ་ཁག་སོ་སོས་ལས་གཞིའི་དུས་རིམ་སྔོན་མའི་ལས་ཀ་དངོས་སྒྲུབ་བྱས་ནས་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་བརྒྱབ་པ་དང་རྒྱུ་ཆ་འགན་སྲུང་ཡག་མོ་བྱ་དགོས།   ལས་གཞི་སྐུལ་སྤེལ་གཏོང་བའི་ཆེད་དམིགས་ཚན་ཁག་བཙུགས་ཏེ་ཁུལ་འགོ་ཁྲིད་ཀྱིས་འགན་ཁུར་ནས་གཟའ་འཁོར་རེར་འབྲེལ་ཐུག་ཐེངས་རེ་་བྱེད་པ་དང་ཟླ་བ་རེར་གྲོས་མོལ་ཐེངས་རེ་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་དུས་ཚོད་རེའུ་མིག་བཟོས་པ་དང་འགན་འཁྲི་ཡི་གེ་དོན་འཁྱོལ་བྱེད་པ་བཅས་བྱས་ནས་ལས་གཞི་འཛུགས་སྐྲུན་གཅིག་གྱུར་སྐུལ་འདེད་གཏང་དགོས།    ལས་གཞི་འཛུགས་སྐྲུན་གྱི་འབྲེལ་ཡོད་གཏན་འབེབས་དང་རིམས་ཚུལ་དུས་སྐབས་སུ་ལས་གཞི་ལས་འགོ་ཚུགས་པ་དང་ལས་གཞི་བསྐྱར་ཞུགས་འཛུགས་སྐྲུན་གྱི་འབྲེལ་ཡོད་སྲིད་ཇུས་ལྟར་ལས་གཞི་ཁག་ལས་འགོ་ཚུགས་པའི་འཛུགས་སྐྲུན་ལ་རང་འགུལ་གྱིས་སྐུལ་འདེད་ཧུར་ཐག་གཏང་དགོས། རང་ཁུལ་འཕེལ་རྒྱས་གཏོང་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་རང་ཁུལ་འཕེལ་རྒྱས་མཁོ་དགོས་དང་འཕྲད་པའི་ལས་གཞི་སྐུལ་འདེད་ལམ་སྲོལ་ཧུར་ཐག་གིས་བཙལ་ནས་གཙོ་གནད་ལས་གཞི་ཇུས་འགོད་སྔ་ཙམ་བྱེད་པ་དང་ལས་འགོ་སྔ་ཙམ་འགོ་ཚུགས་པ་།  ཐོན་སྐྱེད་སྔ་ཙམ་བྱེད་པ་བཅས་ཁག་ཐེག་བྱ་དགོས།

     བཞུགས་མོལ་ཚོགས་འདུ་འཚོགས་པའི་སྔོན་དུ་ཚོགས་ཞུགས་མི་སྣ་སི་ཁྲོན་མི་རིགས་སློབ་གླིང་གི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལས་གཞི(ལྕགས་ཟམ་སློབ་ཁུལ་ཨར་ལས་དུས་རིམ་དང་པོ)དང་དཀར་མཛེས་ཁུལ་གྲོང་གསར་དཀར་མཛེས་ཁུལ་ལས་རིགས་ལག་རྩལ་སློབ་གླིང་འཛུགས་སྐྲུན་ལས་གཞི་དང་སི་ཁྲོན་བོད་སྐད་ནང་བསྟན་སློབ་གླིང་དཀར་མཛེས་ཡན་ལག་སློབ་གླིང་གི་ལས་གཞི་འཛུགས་སྐྲུན་ལས་ཡུལ་དངོས་སུ་ཕྱིན་ནས་བརྟག་དཔྱད་ཞིབ་འཇུག་དང་ལྟ་ཞིབ་བྱས་པ་རེད།  ཁུལ་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དབྱི་ཐེན་ཧྥེང་དང་ཁུལ་ཨུ་ཁུལ་སྲིད་འབྲེལ་བཟོ་དྲུང་ཡིག་ཆེན་མོ་གཞོན་པ། ཁུལ་བཅོས་བསྒྱུར་འཕེལ་རྒྱས་ཨུ་ལྷན་དང་ཁུལ་རང་བྱུང་ཐོན་ཁུངས་ཅུས་སོགས་ཀྱི་སྡེ་ཁག་བློ་མཐུན་འགན་ཁུར་པ་དང་། ལྕགས་ཟམ་རྫོང་དང་དུང་དཀར་ལུང་པའི་དོ་དམ་ཅུས་ཀྱི་འབྲེལ་ཡོད་བློ་མཐུན་འགན་ཁུར་པ་གྲོས་ཚོགས་ནང་ཞུགས་ཡོད།།


  • ལེ་ཚན་སྔོན་མ།: ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཏེང་ཞའོ་ཀང་གིས་འདི་ལྟར་གསུངས།
  • ལེ་ཚན་རྗེས་མ།: ལུའོ་ཀྲེན་ཧྭས་སྤུས་ལེགས་སྨན་བཅོས་ཞབས་ཕྱི་བསྒྲུབ་དགོས་གསུངས།
  • དོ་སྣང་ཆེ་བའི་རྩོམ།