2020-01-19
༼ ཁམས་པའི་འཛུམ་རིས༽ ཀྱི་འདས་མ་ད་གསུམ་ལ་དཔུང་རོགས་དུ་ཡོད་པའི་བོད་མདོ་དབུས་ཁམས་གསུམ་གྱི་རྩོམ་པ་པོ་དང་ཀློག་པ་པོ་ལྷན་རྒྱས་ཁམས་བཟང་།
ངེད་ཁམས་པའི་ཚགས་པར་ཁང་གིས་ཆེད་དུ་གཉེར་བཞིན་པའི་བོད་ཀྱི་དམངས་སྲོལ་རིག་པའི་ཡི་གེ་དང་འདྲ་པར་ཟུང་ལྡན་གྱི་དུས་དེབ༼ ཁམས་པའི་འཛུམ་རིས༽ཞེས་པ2019ལོའི་འདོན་ཐེངས4པ (སྤྱིའི་འདོན་ཐེངས་ཉེར་དྲུག་པ) འདི་ཉིད་དགུན་ཁ་བ་དཀར་པོའི་ལྷག་བསམ་དང་འགྲོགས་ཏེ་རྩོམ་པ་པོ་དང་ཀློག་པ་པོ་ཁྱེད་ཅག་གི་སྤྱན་སྔར་དུ་བསྟར་ཐུབ་བྱུང་ཡོད་ལ།
07 /10
周一 晴
དེ་ཡང་ད་རེས་ཀྱི་ཆེད་བསྒྲིགས་འདི་ནི་ཁམས་ཉག་ཆུའི་ཡུལ་གྱི་གནས་རི་གནས་ཡིག་དང་གཏམ་དཔེ། གཞས་མོ། གནའ་བྲོ། དེ་བཞིན་གནའ་བོའི་རྗེས་ཤུལ་དང་ས་མིང་གི་གསེད་བཀྲོལ། ཡུལ་གྱི་ཐོན་རྫས་སོགས་ལོ་རྒྱུས་དང་རིག་གནས་གཙོར་བྱས་ཀྱི་ཆེད་བསྒྲིགས་ཤིག་ཡིན། འདི་ཡང་རིགས་མཐུན་གྱི་སྤུན་ཟླ་དང་རིགས་ཞེན་གྱི་སྐྱེས་བུ་སོགས་ཤེས་ལྡན་མི་སྣ་དག་གི་རྒྱབ་སྐྱོར་དང་དཔུང་རོགས་ཀྱི་ནུས་མཐུ་ཁོ་ན་ལ་བརྟེན་ནས་བྱུང་ཞིང་། མ་འོངས་པ་ལ་ཡང་ཁྱེད་ཅག་གི་ལྷག་བསམ་དང་རྒྱབ་སྐྱོར་ལ་ཁ་འབྲལ་ཐབས་མེད་པས་མཛུབ་སྟོན་དང་རྒྱབ་སྐྱོར་གྱི་རེ་བཞག་སེམས་ནས་བཅོལ་བ་ཡིན།
༼ ཁམས་པའི་འཛུམ་རིས༽ ཀྱིས་ལོ་གསར་པར་བཀྲ་ཤིས་རྟེན་འབྲེལ་ཞུ།
ལོ་འདི་ཤས་རིང་ང་ཚོས་དམངས་ཁྲོད་རིག་གནས་ཀྱིས་གཙོ་བོར་བྱས་པའི་དུས་དེབ་མི་ཉུང་བ་ཞིག་རྩོམ་སྒྲིག་བྱས་ཡོད་ལ། དེབ་འདི་དག་བསྒྲིགས་པའི་ཐོག་མཐའ་བར་གསུམ་དུ་ཐུགས་བརྩེ་ཆེན་པོའི་དྲིན་གྱིས་བསྐྱངས་ཤིང་དགའ་མགུ་རངས་གསུམ་གྱིས་གཞོགས་ནས་སྐྱོར་བཞིན་པའི་མཁས་དབང་དང་དབུ་ཁྲིད། རྩོམ་པ་པོ་དང་ཀློག་པ་པོ་རྣམས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་དང་། སླད་མར་ཡང་ལྷག་བསམ་དཀར་པོའི་ཐུགས་བཞེད་ནི་ཉལ་འགྲོའི་རྒྱུན་དང་འགྲོགས་ནས་འདི་ཕྱོགས་སུ་རོགས་རམ་དང་རྒྱབ་སྐྱོར་གནང་བའི་རེ་བ་ཡང་ནས་ཡང་དུ་ཞུ་རྒྱུ་དང་བཅས་འདི་གའི་རྩོམ་སྒྲིག་ཁང་གིས་ཤར་དར་རྩེ་མདོ་ནས་ཕུལ།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10