དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

        2020-01-17

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

མཇུག་འགྲིལ་ཚོགས་ཆེན་གྱི་ཚོགས་ར།

  སྤྱི་ཟླ་དང་པོའི་ཚེས17ཉིན་གྱི་སྔ་དྲོར། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པས་གྲོས་རིམ་ཡོངས་རྫོགས་ལེགས་འགྲུབ་བྱུང་ནས་དར་མདོའི་ཟློས་གར་ཁང་དུ་མཇུག་བསྒྲིལ་བ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་། ལི་ཁང་གིས་ཚོགས་ཆེན་གཙོ་འགན་བཞེས། བྱང་ཆུབ་ཚོགས་ཆེན་ནང་ཞུགས་ཡོད་པ་རེད། 

  ཁྲེང་ཧུང་པའོ་དང་ཡོན་མིང་ཀོང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་། ཞུའེ་ཧུའེ་ཁུལ་ལྟ་ཞིབ་ཨུ་ཡོན  ་ལྷན་ཁང་ཀྲུའུ་རེན་དང་ཧྥུ་པའོ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་ལ་བདམས་ཐོན་བྱུང་བ་རེད། 

   ཐེངས་འདིའི་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལིའུ་ཁྲེང་མིང་དང་ལི་ཁང་། ཞའོ་ཡིའུ་ཚའེ། ཧྲི་ཀང་། ཡའོ་པིང་། ཧྲུའུ་ཏ་ཁྲེན། ལི་ཡུང་། ཁང་ཀོང་ཡིའུ།  ཁྲེང་ཐིང་ཆོན། ཁྲའོ་ཅན་ཁུའེ། ཚེ་རིང་དབང་འདུས། ཡོན་མིང་ཀོང་། ཕུའུ་ཡུང་ཧྥེང་། ལེ་ཅན་ཤིན། ཀྲུའུ་ཅུན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་པ་རེད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

 ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བཞིན་པ།

   ཐེངས་འདི་ཚོགས་ཆེན་ནང་ཞུགས་དགོས་པའི་འཐུས་མི272ཡིན་པ་དང་དངོས་སུ་ཞུགས་པའི་འཐུས་མི249 ཡོད་པས་ཁྲིམས་བཀོད་མི་གྲངས་དང་མཐུན་པ་རེད། 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

ལི་ཁང་གིས་ཚོགས་ཆེན་གཙོ་འགན་བཞེས་བཞིན་པ།

    ཚོགས་ཆེན་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་བཅས་འདེམས་བསྐོ་བྱས་པ་དང་། ཁུལ་དམངས་ཆེན་་སྐབས་བཅུ་གཉིས་པའི་མི་རིགས་ཆོས་ལུགས་ཕྱི་འབྲེལ་ལས་དོན་ཨུ་ལྷན། ལྟ་སྐུལ་དང་ཁྲིམས་འཛིན་ཨུ་ལྷན། དཔལ་འབྱོར་ཨུ་ལྷན། གྲོང་ཡུལ་འཛུགས་སྐྲུན་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན། སྔོན་རྩིས་ཨུ་ལྷན། སྤྱི་ཚོགས་འཛུགས་སྐྱོང་ཨུ་ལྷན་བཅས་ཀྱི་ཁོངས་མིའི་མིང་ཐོ་བརྡས་ཐག་བཅད་པ་དང་། ཁུལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་འཆར་གཞིའི་སྙན་སྒྲོན། ཁུལ་དམངས་ཆེན་རྒྱུན་ཨུའི་ལས་དོན་སྙན་སྒྲོན། ནོར་སྲིད་སྔོན་རྩིས་ཀྱི་སྙན་སྒྲོན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན།ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན། 《དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས<སི་ཁྲོན་ཞིང་ཆེན་གྱི་ཆུ་ལམ་དུ་བྱེ་རྡོ་འདྲུ་བའི་དོ་དམ་སྲོལ་ཡིག>ལག་བསྟར་བྱ་རྒྱུའི་ཁ་གསབ་ཆོད་དོན(འཆར་ཟིན)》གྲོས་ཆོད་འཆར་ཟིན་བཅས་བརྡས་ཐག་བཅད་པ་རེད། བདམས་ཐོན་བྱུང་བའི་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་ཀྲུའུ་རེན་གཞོན་པ་དང་།ཁུལ་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཉིས་པའི་མི་རིགས་ཆོས་ལུགས་ཕྱི་འབྲེལ་ལས་དོན་ཨུ་ལྷན། ལྟ་སྐུལ་དང་ཁྲིམས་འཛིན་ཨུ་ལྷན། དཔལ་འབྱོར་ཨུ་ལྷན། གྲོང་ཡུལ་འཛུགས་སྐྲུན་དང་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ལྷན། སྔོན་རྩིས་ཨུ་ལྷན། སྤྱི་ཚོགས་འཛུགས་སྐྱོང་ཨུ་ལྷན་བཅས་ཀྱི་ཁོངས་མི། ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་དང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན་བཅས་ཀྱིས་རྩ་ཁྲིམས་མདུན་དུ་དམ་བཅའ་བཞག་པ་རེད།  

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

འཐུས་མི་ཚོས་འདེམས་ཤོག་འཕེན་བཞིན་པ།

  ལིའུ་ཁྲེང་མིང་གིས་དང་ཐོག་གསར་དུ་བདམས་ཐོན་བྱུང་བའི་ཁུལ་དམངས་ཆེན་རྒྱུན་ཨུའི་ཀྲུའུ་རེན་གཞོན་པ་དང་ཁུལ་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན། ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཁུལ་དམངས་ཆེན་སྐབས་བཅུ་གཉིས་པའི་ཨུ་ལྷན་སོ་སོའི་ཁོངས་མི་བཅས་ལ་རྟེན་འབྲེལ་ཞུ་བའི་དུས་མཚུངས་སུ། ཁོ་ཚོར་དམ་བཅའ་སེམས་ལ་དམ་པོ་བཅངས་ནས་བཅའ་ཁྲིམས་ལྟར་འགན་ནུས་བསྒྲུབ་རྒྱུ་དང་ལས་བརྩོན་ལས་བཀུར། སྤྱོད་གཙང་གཞན་འབུལ་བྱས་ཏེ་ཁུལ་ཡོངས་ཀྱི་མི་དམངས་ཚོའི་ཡིད་རྟོན་དང་རེ་བཅོལ་སྟོང་ཟད་དུ་མི་གཏོང་བའི་ཐུགས་རེ་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཚོགས་འདུ་འཚོག་རིང་འཐུས་མི་རྣམ་པས་བླ་ན་མེད་པའི་ལས་འགན་སེམས་སུ་དམ་པོ་བཅངས་ནས་ཁུལ་ཡོངས་ཀྱི་མི་དམངས་ཚོའི་རེ་བཅོལ་ཕྲག་ཏུ་འཁུར་ཏེ་སྤྲོ་སེམས་འཕེལ་བའི་ཆབ་སྲིད་ཀྱི་ཆོད་སེམས་དང་གསལ་ཐག་ཆོད་པའི་ལས་འགན་འཁུར་བའི་རྣམ་འགྱུར་མཚོན་པ་བྱས་ནས་དམངས་གཙོ་དར་སྤེལ་དང་བཅའ་ཁྲིམས་ལྟར་འགན་ནུས་བསྒྲུབས་པས་མ་ཚད། ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་བདེ་རྩའི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ལ་གཞིགས་ནས་ཕན་པ་ཐོན་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་ཏེ་ཁུལ་ཡོངས་ཀྱི་མི་དམངས་ཀྱི་ཐུན་མོང་གི་རེ་འདུན་ཡར་ཞུ་བྱས་པར་བརྟེན། འཐུས་མི་ཚང་མས་བློ་གྲོས་ཀྱི་འཇོན་ནུས་གོང་བུར་གཅིག་ཏུ་བསྒྲིལ་བ་རེད། 

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

ཚོགས་རའི་ཟུར་ཞིག

འཐུས་མི་ཚོས་བརྡས་ཐག་གཅོད་བཞིན་པ།

   ལིའུ་ཁྲེང་མིང་གིས་གསུངས་དོན། འདས་པའི་ལོ་གཅིག་གི་ནང་ང་ཚོས་རྒྱུན་ཆད་མེད་པར་མི་རིགས་སོ་སོའི་མང་ཚོགས་ལ་བདེ་སྐྱིད་ཐོབ་ཚོར་ཇེ་དྲག་ཏུ་བཏང་ཡོད། དེ་འཕྲོས་ཀྱི་རྫོང་ཁག12ཀྱི་དབུལ་ཐར་བྱས་ཏེ་དབུལ་པོའི་ཞྭ་མོ་ཕུད་པའི་བླང་བྱའི་ཐོག་བསླེབས་པའི་དུས་མཚུངས་སུ། མང་ཚོགས་ཀྱི་དཀའ་སྡུག་ཆེ་བའི་དམངས་འཚོའི་དོན་དངོས28སྒྲུབ་གཉེར་ཡག་པོ་བྱས་པ་དང་ནུས་ཤུགས་ཡོད་རྒུས་ལོ15ལ་སློབ་ཡོན་མི་དགོས་པའི་སློབ་གསོ་བྱས་ཤིང་། སྨན་བཅོས་དང་འཕྲོད་བསྟེན་སོགས་དམངས་འཚོ་བྱ་གཞག་འཕེལ་རྒྱས་ཆེན་པོ་བྱུང་བ་དང་སྤྱི་ཚོགས་འགན་སྲུང་མ་ལག་དེ་བས་འཐུས་སྒོ་ཚང་བ། པད་དགེ་རི་ཉིལ་འཁྱིལ་མཚོའི་གནོད་སྐྱོན་ཐེབས་རྗེས་ཀྱི་བསྐྱར་འཛུགས་ཉམས་གསོ་སྐུལ་འདེད་ཏན་ཏིག་བྱས་ཏེ་མི་དམངས་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མངོན་གསལ་དུ་མཐོ་རུ་ཕྱིན་པ་རེད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

རྩ་ཁྲིམས་མདུན་དུ་དམ་བཅའ་འཇོག་བཞིན་པ། 

    ལིའུ་ཁྲེང་མིང་གིས་གསུངས་དོན། འདས་པའི་ལོ་གཅིག་གི་ནང་ཁུལ་དམངས་ཆེན་དང་དེའི་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཨུའི་འགྱུར་མེད་སྟོབས་ལྡན་གྱིས་འགོ་ཁྲིད་གནང་འོག  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱས་ཏེ་ཁྱོན་ཡོངས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་ཐེངས་གསུམ་པ།ཐེངས་བཞི་པའི་སྙིང་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་རང་ཁྱིམ་རང་བདག   བཅའ་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་ནུས་ལྡན་བྱས་ཏེ་རྩ་ཁྲིམས་ཀྱིས་གནང་བའི་འགན་དབང་སོ་སོ་བསྒྲུབས་ནས་ལྟེ་གནས་ལ་དམིགས་པ་དང་ལས་དོན་ཏན་ཏིག་བསྒྲུབས་ཏེ་ལོ་འཁོར་གྱི་ལས་འགན་སོ་སོ་བདེ་བླག་ངང་ལེགས་འགྲུབ་བྱུང་ནས་དཔལ་འབྱོར་དང་སྤྱི་ཚོགས་བརྟན་ཞིང་སྐྱོན་བྲལ་ངང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་བྱས་རྗེས་བཞག་ཡོད་པ་རེད།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

རྒྱལ་གླུ་ཁྲོད་དུ་ཚོགས་ཆེན་གྲོལ་བ།

དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་བཞི་པ་དར་མདོར་མཇུག་བསྒྲིལ།

འཐུས་མི་ཚོ་ཚོགས་ར་ལས་གྲོལ་བ།

   ལིའུ་ཁྲེང་མིང་གིས་གསུངས་དོན། 2020ལོ་ནི་ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་རྒྱུ་དང་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་མཇུག་བསྡུ་བའི་ལོ་ཡིན་ལ། ལོ་བརྒྱའི་འབད་འཐབ་དམིགས་ཡུལ་དང་པོ་རྒྱལ་ཁ་ཕུ་ཐག་ཆོད་པའི་ལོ་ཡང་ཡིན། ལོ་ལྔའི་འཆར་གཞི་བཅུ་བཞི་པ་ཐབས་ཇུས་བཀོད་སྒྲིག་བྱེད་པའི་ལོ་ཡིན་ལ། དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བ་དང་དཀར་མཛེས་ཁུལ་གྱི་བོད་ཁུལ་དར་རྒྱས་གོང་འཕེལ། ཡུན་རིང་བདེ་འགོད་ཀྱི་གྲུབ་འབྲས་སྲ་བརྟན་བཏང་ནས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་བྱེད་ནུས་དེང་རབས་ཅན་དུ་སྐུལ་འདེད་གཏོང་བའི་འགག་རྩའི་ལོ་ཡང་ཡིན་པ་རེད། མིག་སྔར་དང་ཕྱིན་ཆད་ཀྱི་དུས་རིམ་ཞིག་གི་ནང་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཅིག་འདོམས་བྱས་ཏེ་ཁྱོན་ཡོངས་ནས་ཀྲུང་དབྱང་གི་གལ་ཆེའི་སྲིད་དོན་བྱེད་ཕྱོགས་དང་།ཞིང་ཆེན་ཏང་ཨུའི་ཐབས་ཇུས་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ངེས་ཤུགས་སྲུང་འཛིན་བྱས་ཏེ་གཏན་འཁེལ་བྱས་པའི་སྤྱི་ཡོངས་ཀྱི་ལས་དོན་ཆགས་ཚུལ་དང་འཐབ་ཇུས་བཀོད་སྒྲིག  འབད་འཐབ་དམིགས་ཡུལ་དང་ལས་དོན་གྱི་ལས་འགན་ལ་གཞིགས་ནས་ཞུམ་མེད་མདུན་སྐྱོད་བྱེད་པའི་སྙིང་སྟོབས་ཀྱིས་དུས་རབས་གསར་པར་སྐྱོད་པ་དང་།དངོས་སྒྲུབ་དོན་གཉེར་བྱ་རྒྱུ་ཡིས་འབད་འཐབ་བྱེད་པའི་སྙིང་སྟོབས་ཀྱིས་བྱས་རྗེས་གསར་པ་བསྐྲུན་དགོས། རིམ་པ་སོ་སོའི་དམངས་ཆེན་དང་འཐུས་མི་ཚང་མས་འགན་འཁྲི་འཁུར་སེམས་དང་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་བསམ་བློ་དང་བྱ་སྤྱོད་འདི་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་བྱེད་པ་དང་། བློ་གྲོས་དང་འཇོན་ནུས་དཀར་མཛེས་ཁུལ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་ཅིག་ཅར་དུ་འབྱོར་འབྲིང་དུ་སྐྱོད་པ་དང་ཡུན་རིང་བདེ་འགོད་ཡོང་བའི་ཐོག་ཏུ་གོང་བུར་གཅིག་ཏུ་བསྒྲིལ་པར་བྱས་ཏེ་འགན་འཁྲི་ནན་ཏན་སྒྲུབ་པ་དང་། མ་སྐུལ་དང་བླངས་ཀྱིས་བྱས་རྗེས་བཞག་ནས་དམངས་ཆེན་ལས་དོན་གྱི་གནས་བབ་གསར་པ་རྒྱུན་ཆད་མེད་པར་འཛུགས་སྐྱོང་བྱས་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་ཇེ་མགྱོགས་བྱ་རྒྱུའི་རེ་བ་ཡོད། གཅིག་ནི་དར་ཆ་མཐོན་པོར་བསྒྲེངས་ནས་ལྷག་བསམ་ཟོལ་མེད་ཀྱིས་ཆབ་སྲིད་ལ་དོ་སྣང་བྱ་དགོས། གཉིས་ནི་ལྟེ་གནས་ལ་གཙིགས་གནད་བྱས་ཏེ་སེམས་ཤུགས་གོང་བུར་གཅིག་ཏུ་བསྒྲིལ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས། གསུམ་ནི་ཐོག་མའི་བསམ་འདུན་མི་བརྗེད་ནས་ཐབས་བརྒྱ་ཇུས་སྟོང་གིས་དམངས་འཚོར་ཕན་པ་བསྐྲུན་དགོས། བཞི་ནི་བཅའ་ཁྲིམས་ལྟར་འགན་འཁྲི་བསྒྲུབས་ནས་ལས་འགན་དང་འགན་འཁྲི་ཁུར་ཏེ་ལས་དོན་སྒྲུབ་མཁས་པ་བྱ་དགོས། ལྔ་ནི་རང་ངོས་འཇོན་ནུས་གསོ་སྐྱོང་བྱས་ཏེ་ནང་གནས་རྨང་གཞི་ཇེ་དྲག་ཏུ་བཏང་ནས་སྤྱོད་ཚུལ་གྱི་རྣམ་པ་འཛུགས་སྐྱོང་བྱ་དགོས།།

  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པ་གྲོལ་བའི་པར་རིས་རགས་བཀོད།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་གྲོང་སྡེ་བཅུ།
  • དོ་སྣང་ཆེ་བའི་རྩོམ།