“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

        2020-01-14

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།


  སྤྱི་ཟླ་དང་པོའི་ཚེས13ཉིན་གྱི་ཕྱི་དྲོར། སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དེ་དར་མདོའི་ཟློས་གར་ཁང་དུ་འཚོགས་པ་རེད། ཚོགས་ཆེན་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཚབ་འགོ་གཙོ་ཧྥུ་པའོ་ཡིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ཞུས་པར་ཉན་འཇོག་བྱས་ཤིང་།  དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ལིའོ་ཞུའེ་ཏུང་གིས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ཞུས་པར་ཉན་འཇོག་བྱས་པ་རེད།  ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་རྒྱས་བུ་ཕྲུག་གིས་ཚོགས་ཆེན་གཙོ་འགན་བཞེས་པ་དང་། ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ཀྱི་ལག་བསྟར་ཀྲུའུ་ཞི་བྱང་ཆུབ་དང་། རྡོ་རྗེ་བཀྲ་ཤིས། ཅང་ཞིའུ་ཡིང་། སུན་ཧྥེ། ཨ་རྒྱས་བུ་ཕྲུག ཀུང་ཅན་ཀྲུང་། སྐུ་བཅར་ཡོན་ཏན་རྒྱ་མཚོ། གཡང་མཚོ་བཅས་ཀྲུའུ་ཞིའི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།   


“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཨ་རྒྱས་བུ་ཕྲུག་གིས་ཚོགས་ཆེན་གཙོ་འགན་བཞེས་པ།

       ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། 2019ལོ་ཧྲིལ་པོར་ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་གྱོད་གཞི་མི་འདྲ་བ7278བདག་སྤྲོད་བྱས་པ་དང་། གྱོད་གཞི7130ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ31.82དང་བརྒྱ་ཆ31.91སོ་སོར་འཕར་ཡོད། དེའི་ནང་ཁུལ་ཁྲིམས་ཁང་གིས་གྱོད་གཞི་མི་འདྲ་བ1009བདག་སྤྲོད་བྱས་པ་དང་གྱོད་གཞི981ཞིབ་གཅོད་མཇུག་སྒྲིལ་བྱས་པ་དེ་ན་ལོའི་དུས་མཚུངས་ལས་བརྒྱ་ཆ24.41དང་བརྒྱ་ཆ22.47སོ་སོར་འཕར་ཡོད།  ལོ་གཅིག་གི་རིང་ལ། ང་ཚོས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་བཏང་སྟེ་ཏང་གིས་ཁྲིམས་ཁང་གི་ལས་དོན་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱེད་པ་སེམས་ཐག་གཙང་བཅད་ཀྱིས་བྱས་ཐུབ་ཡོད། 


“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་གི་ལས་ཚབ་འགོ་གཙོ་ཧྥུ་པའོ་ཡིས་ལས་དོན་སྙན་སྒྲོན་ཞུ་བཞིན་པ།

 ལོ་གཅིག་གི་རིང་ལ། ང་ཚོས་ལས་དོན་གཙོ་བོར་དམིགས་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ཏེ་དཀར་མཛེས་ཀྱི་སྤྱི་ཚོགས་བརྟན་བརླིང་དང་འཕེལ་རྒྱས་ཡོང་ཆེད་ནུས་ཤུགས་ཡོད་རྒུས་གཡས་གཞོགས་གཡོན་འདེགས་བྱས་ཡོད། ལོ་གཅིག་རིང་ལ། ང་ཚོས་འགན་འཁྲི་གཙོ་བོ་དང་ལས་སྒོ་གཙོ་བོར་དམིགས་ནས་འདྲི་གཅོད་ལག་བསྟར་ལས་དོན་ལས་དཀར་མཛེས་ཀྱི་བྱེད་ཐབས་གསར་པ་ཧུར་ཐག་གིས་བསྐྲུན་ཡོད།  ལོ་གཅིག་གི་རིང་ལ། ང་ཚོས་བཅོས་བསྒྱུར་ཀྱིས་སྒུལ་ཤུགས་བསླངས་ནས་མི་དམངས་ཆེད་དུ་ཁྲིད་འཛིན་བྱེད་པའི་དམིགས་འབེན་ལག་ལེན་བསྟར་ནས་མི་དམངས་མང་ཚོགས་ལ་ཐོབ་སྣང་དེ་བས་མང་བ་མྱོང་དུ་བཅུག་ཡོད།


“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་འགོ་འཛིན་ལིའོ་ཞུའེ་ཏུང་གིས་ལས་དོན་སྙན་སྒྲོན་ཞུ་བཞིན་པ། 

     སྙན་སྒྲོན་ནང་བསྟན་དོན། ད་ལོ་ནི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དབུ་བརྙེས་ནས་ལོ70འཁོར་བིའ་ལོ་ཡིན་ལ། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཐུབ་པའི་ལོ་བརྒྱའི་འབད་འཐབ་དམིགས་འབེན་དང་པོ་འགྲུབ་པར་རྒྱལ་ཁ་ཕུ་ཐག་ཆོད་པ་བླང་བའི་ལོ་ཡང་ཡིན་པ་རེད། ཁུལ་ཡོངས་ཀྱི་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དུ་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་དང་། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ། ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བརྒྱད་པ་བཅས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་ལེན་དངོས་སུ་བྱེད་ཅིང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཁག་ལག་ལེན་མཐའ་གཅིག་ཏུ་བྱེད་པ་དང་། ཁྲིམས་འཛིན་གྱི་གྱོད་དོན་ཚང་མའི་ནང་དུ་མི་དམངས་མང་ཚོགས་ཀྱིས་དྲང་གཞག་དྲང་བདེན་མྱོང་ཚོར་བྱེད་ཐུབ་པའི་དམིགས་འབེན་ལ་དམ་པོར་དམིགས་ནས། ཁྲིམས་འཛིན་དམངས་ཀྱི་ཆེད་དང་། ཁྲིམས་འཛིན་དྲང་གཞག་བྱ་རྒྱུ་དེ་གཙོ་ཕྱོགས་སུ་བྱ་རྒྱུ་དང་། ཁྲིམས་བསྟར་གྱོད་དོན་སྒྲུབ་པ་དང་དཔུང་སྡེ་འཛུགས་སྐྱོང་བྱ་རྒྱུ་དེ་སྲོག་ཤིང་དུ་བྱེད་པ། ནུས་པ་འཛུགས་སྐྱོང་ལོ་ཡིས་གཞི་འཛིན་སར་བྱེད་ཅིང་། འདྲི་གཅོད་འགན་ནུས་ཀྱི་ནསུ་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁུལ་ཡོངས་ཀྱི་འཕེལ་རྒྱས་དང་། དམངས་འཚོ། བརྟན་བརླིང་བཅས་ཀྱི་སྤྱི་ཡོངས་ཆེད་དུ་དྲང་གཞག་གི་ཁྲིམས་སྐྱོང་ཁོར་ཡུག་དང་ཞབས་ཞུའི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་དགོས། གཙོ་བོ་གཤམ་གྱི་ལས་དོན་ཁག་ཡག་པོ་བསྒྲུབ་དགོས་པ་སྟེ། ཏང་གིས་ཁྲིམས་ཁང་ལས་དོན་ལ་འགོ་ཁྲིད་མཐའ་གཅིག་ཏུ་བྱ་རྒྱུ་རྒྱུན་འཁྱོངས་བྱ་དགོས། སྤྱི་ཡོངས་ལ་དམ་པོར་དམིགས་ནས་ཁྲིམས་ལྟར་འགན་ནུས་ལེགས་སྒྲུབ་བྱ་དགོས། འདྲི་གཅོད་ཚད་ལྡན་ཅན་འཛུགས་སྐྱོང་བྱེད་པར་སྐུལ་འདེད་ནན་ཏན་གཏང་དགོས། ཕྱོགས་ཡོངས་ནས་ཁྲིམས་འཛིན་སྒྲིག་སྲོལ་བཅོས་བསྒྱུར་ཟབ་སྤེལ་གཏང་དགོས།


“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

ཨུ་ཡོན་ཚོས་སྙན་སྒྲོན་ལ་ཉན་བཞིན་པ།

    ཁུལ་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་ནང་བསྟན་དོན། 2019ལོར་ཁུལ་མི་དམངས་ཞིབ་དཔྱོད་ཁང་གིས་རྩ་ཁྲིམས་ཀྱི་ཚད་དཔོག་ལ་གཞིགས་པ་དང་། ལྟ་སྐུལ་གྱི་འདུ་ཤེས་གསར་གཏོདབཅོས་བསྒྱུར་ལ་སྐུལ་འདེད་ཟབ་སྤེལ་དང་འགན་ནུས་ཇེ་མགྱོགས་སུ་ལེགས་སྒྲིག་བྱས་ཏེ་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བ་དང་། འགན་འཁྲི་སྒྲུབ་པའི་ཞན་ཆ་གསབ་སྣོན་བྱས་ནས་ཞིབ་དཔྱོད་ཆེན་པོ་བཞི་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་གཏོང་བའི་ཆགས་ཚུལ་གསར་པ་མཐུན་སྦྱོར་གང་ལེགས་བྱས་པར་བརྟེན།  མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱས་པར་སྲ་མཁྲེགས་ནུས་ལྡན་གྱི་ཞིབ་དཔྱོད་རིག་སྟོབས་དང་ནུས་ཤུགས་ཀྱི་བྱས་རྗེས་བཞག་ཡོད། གཅིག་ནི་ལྟེ་གནས་ལ་དམིགས་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྩ་ལག་མཉམ་སྐྱོང་དང་དཀར་མཛེས་ཁུལ་གྱི་བདེ་འཇགས་སྲུང་སྐྱོང་བྱས་ཡོད། གཉིས་ནི་ཚད་དཔོག་མཐོན་པོས་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྲ་བརྟན་རིམ་སྤར་བྱས་ཤིང་ཉེས་དོན་ཞིབ་དཔྱོད་ལེགས་འགྱུར་བྱས་ཡོད། གསུམ་ནི་བརྟན་ཁྲོད་སྐུལ་འདེད་གཏང་རྒྱུན་འཁྱོངས་བྱས་ནས་ནུས་ཤུགས་ཡོད་རྒུས་འདང་ས་སྲ་བརྟན་དང་ཞན་སར་ཁ་གསབ་བྱས་ཏེ་དམངས་སྲིད་ཞིབ་དཔྱོད་ལེགས་སྒྲུབ་དངོས་གཉེར་བྱས་ཡོད། བཞི་ནི་གཞི་གཅིག་སྐུལ་འདེད་གཏང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་སྤུས་དག་གྲུབ་འབྲས་འཕར་བ་བྱས་ཏེ་སྤྱི་ཕན་ཁྲིམས་སྦྱོར་ཡག་པོ་བྱས་པ་ཡིན། ལྔ་ནི་བཅོས་བསྒྱུར་ཟབ་སྤེལ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ནང་རྐྱེན་ནན་པོ་བྱས་ནས་འཕེལ་རྒྱས་གཏོང་སྟངས་གསར་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།  དྲུག་ནི་གཟབ་ནན་དངོས་གཉེས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དེ་བས་མཐོ་ཞིང་སྟོབས་ལྡན་བྱས་ཏེ་རང་ངོས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།


“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

“ཁང་གཉིས”ལས་དོན་སྙན་སྒྲོན་གྱི་མདོ་དོན་འདིར་ཡོད།

ཨུ་ཡོན་ཚོས་སྙན་སྒྲོན་ལ་ཉན་བཞིན་པ།

    སྙན་སྒྲོན་ནང་བསྟན་དོན། 2020ལོ་ནི་ཞིབ་དཔྱོད་འགན་ནུས་ལེགས་སྒྲིག་བྱེད་པར་འགོ་གསར་པ་འཛུགས་པའི་ལོ་ཡིན་ལ།  རང་སྐྱོང་ཁུལ་བཙུགས་ནས་ལོ70འཁོར་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ལམ་དུ་སྐྱོད་པའི་ལོ་གལ་ཆེན་ཞིག་ཀྱང་ཡིན་པ་རེད།  ཁུལ་ཡོངས་ཀྱི་ཞིབ་དཔྱོད་ལས་དོན་གྱི་སྤྱི་ཡོངས་ཀྱི་བསམ་ཕྱོགས་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོ་སྒྲེང་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སི་ཁྲོན་གྱི་ལས་དོན་དང་བོད་ལྗོངས་ལས་དོན། སྲིད་ཁྲིམས་ལས་དོན། ཞིབ་དཔྱོད་ལས་དོན་ཐད་གནང་བའི་གལ་ཆེ་བའི་བཀའ་སློབ་ཀྱི་མཆན་བཀོད་མཛུབ་སྟོན་རབ་དང་རིམ་པའི་སྙིང་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱ་དགོས།  ཁྱོན་ཡོངས་ནས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་ཐེངས་དྲུག་པ་དང་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཐེངས་བརྒྱད་པའི་སྙིང་དོན་ལག་ལེན་དོན་འཁྱོལ་བྱས་ཤིང་།  རང་རེའི་ཁུལ་གྱིས་ཞིང་ཆེན་ཡོངས་ཀྱི་གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔའི་ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་གཏང་རྒྱུའི་ཆགས་ཚུལ་གསར་པ། ཁུལ་ཨུའི་འཐབ་ཇུས་ཆེན་པོ་དྲུག་དང་གསུམ་འཛུགས་མཉམ་འགུལ་ལ་དམ་པོར་དམིགས་ནས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་བཅངས་ཏེ་ལྷག་བསམ་ཟོལ་མེད་ཀྱིས་རྒྱལ་ཁབ་ཀྱི་ཆབ་སྲིད་ཉེན་མེད་སྲུང་སྐྱོང་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་བརླིང་ལ་འགན་སྲུང་། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་སྤེལ།  མི་དམངས་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པའི་འགན་འཁྲི་ལས་འགན་སྒྲུབ་པར་བརྟེན། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་འཇོན་ནུས་དེང་རབས་ཅན་དུ་སྐུལ་འདེད་གཏོང་རོགས་བྱས་ནས་ཞིབ་དཔྱོད་ཆེན་པོ་བཞི་ཁྱོན་ཡོངས་ནས་མཐུན་སྦྱོར་ངང་འཕེལ་རྒྱས་གང་ལེགས་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་གཏང་དགོས།  ཁྱོན་ཡོངས་ནས་ཏང་གི་འཛུགས་སྐྱོང་དང་ཞིབ་དཔྱོད་ལས་དོན་སྒོ་འཛུགས་སྐྱོང་། ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་། ཞིབ་དཔྱོད་ལས་དོན་འགན་སྲུང་བྱེད་པར་སྐུལ་འདེད་བཏང་ནས་འགན་ནུས་གཙང་སྒྲུབ་དང་ལས་དོན་སྒྲུབ་འགན་ཁུར་ནས་མཛེས་སྡུག་སྐྱེ་ཁམས་འཆམ་མཐུན་འབྱོར་འབྲིང་དཀར་མཛེས་ཁུལ་འཛུགས་སྐྱོང་བྱས་པར་འགྱུར་མེད་ནུས་ལྡན་གྱི་ཁྲིམས་འཛིན་འགན་སྲུང་བྱ་དགོས། གཅིག་ནི་གཙོ་བོ་སྲུང་སྐྱོང་བྱ་རྒྱུས་ལས་འགན་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་འགྲོ་ཕྱོགས་བརྟན་པོ་བྱ་དགོས། གཉིས་ནི་སྤྱི་ཡོངས་ལ་ཞབས་ཕྱི་བསྒྲུབ་རྒྱུ་དེ་རང་གི་ལས་འགན་ལ་བརྩིས་ནས་ནུས་ཤུགས་ཡོད་རྒུས་རང་ཁུལ་གྱི་སྤྱི་ཚོགས་སྤྱི་ཡོངས་བརྟན་བརླིང་དང་ཡུན་རིང་བདེ་འགོད་ལ་སྲུང་སྐྱོང་བྱ་དགོས། གསུམ་ནི་ཆགས་ཚུལ་སླར་ཡང་འཛུགས་སྐྱོང་བྱ་རྒྱུས་འདེགས་སྐྱོར་བྱས་ནས་ནུས་ཤུགས་ཡོད་རྒུས་ཞིབ་དཔྱོད་ཆེན་པོ་བཞི་གསོ་སྐྱོང་བྱ་དགོས། བཞི་ནི་བཅོས་བསྒྱུར་གསར་གཏོད་བྱ་རྒྱུས་སྐུལ་ཤུགས་བྱས་ནས་ཞིབ་དཔྱོད་ཀྱི་ནང་གནས་ཕན་ནུས་ངར་སློང་བྱ་དགོས། ལྔ་ནི་རྨང་གཞི་བརྟན་པོ་འདིང་རྒྱུ་ཡིས་དམིགས་ཡུལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཉམས་སད་ཐེག་ཐུབ་པའི་ཞིབ་དཔྱོད་དཔུང་སྡེ་འཛུགས་སྐྱོང་བྱ་དགོས།། 


  • ལེ་ཚན་སྔོན་མ།:ཞའོ་ཡིའུ་ཚའེ་དང་ལི་ཁང་སོགས་ཀྱིས་དམངས་ཆེན་འཐུས་མིར་འཚམས་འདྲི་ཞུས།
  • ལེ་ཚན་རྗེས་མ།:ལོ་གསར་པར་ཁུལ་དམངས་ཆེན་གྱིས་དམངས་དོན་འདི་འདྲ་བསྒྲུབ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།