བསམ་བློ་གཅིག་གྱུར་བྱས་ནས་ངོས་འཛིན་གོང་བུར་བསྒྲིལ། སྙིང་སྟོབས་དར་སྤེལ་བཏང་ནས་ནུས་ཤུགས་མཉམ་འདོན་བྱས།

དབྱངས་ཅན་གྱིས་བསྒྱུར།        2017-03-09

    ཟླ་བ2པའི་ཚེས23ཉིན། ཁུལ་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་གྲོས་ཚོགས་འཚོགས་ནས། བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོ་བྱས་པ་རེད།

གྲོས་ཚོགས་ཐོག་ལས་བྱེད་པ་དང་ལས་བཟོ་ཚོས་ཁུལ་ཨུའི་བཀོད་སྒྲིག་ལྟར་བསམ་བློ་དང་བྱ་སྤྱོད་གཅིག་གྱུར་ཡོང་བ་དང་། འཆར་འགོད་ཀྱི་བླང་བྱ་ལྟར་གྲོས་བསྡུར་ཆེན་པོའི་ལས་ཀ་ཡག་པོ་སྤེལ་ནས། སྔོན་ཐོན་དང་བསྡུར་ནས་མི་འདང་ས་འཚོལ་ཞིབ་དང་བྱེད་ཐབས་གསར་སྣོན་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

      འགོ་ཁྲིད་ལས་ཁུངས་འཛུགས་གཉེར་བྱས་པ་སྟེ། དུས་ཐོག་ཏུ་འགོ་ཁྲིད་གཞུང་ལས་ཁང་གི་ཀྲུའུ་རེན་གྱིས་ཚོ་དཔོན་གྱི་འགན་ཁུར་བ་དང་། ཚན་པ་དང་སྡེ་ཁག་སོ་སོའི་འགན་ཁུར་མཁན་བློ་མཐུན་གྱིས་གྲུབ་མི་བྱས་པའི་གྲོས་བསྡུར་ཆེན་པོའི་བྱེད་སྒོའི་འགོ་ཁྲིད་ཚོ་ཆུང་བཙུགས་ནས། གཞུང་ལས་ཁང་གི་ཀྲུའུ་རེན་འགན་ཁུར་མཁན་དང་པོ་བཞག་ནས་བྱེད་སྒོ་སྤེལ་བར་རྩ་འཛུགས་ཀྱི་འགོ་ཁྲིད་བྱེད་ཤུགས་ཇེ་ཆེར་བཏང་བ་རེད།

ལག་བསྟར་གྱི་འཆར་འགོད་གཏན་འབེབས་བྱས་པ་སྟེ། སྡེ་ཚན་གྱི་དོན་དངོས་དང་བསྟུན་ནས་གྲོས་བསྡུར་ཆེན་པོའི་བྱེད་སྒོའི་ལག་བསྟར་འཆར་འགོད་གཏན་འབེབས་བྱས་ཤིང་། ཁྲིད་སྟོན་བསམ་བློ་དང་། གཞི་རྩའི་རྩ་དོན།འགན་འཁྲི་གཙོ་བོ།    བྱེད་ཐབས་དང་གོ་རིམ། ལས་ཀའི་བླང་བྱ་བཅས་ཀྱི་ཐད་ལ་བླང་བྱ་གསལ་པོ་བཏོན་པ་རེད།

      ད་ལོའི་ལས་ཀའི་འགན་འཁྲི་གསལ་པོར་བཟོས་པ་སྟེ། གྲོས་བསྡུར་ཆེན་པོའི་བྱེད་སྒོ་སྤེལ་བ་དང་འབྲེལ། ཏང་གི་ལོ་རྒྱུས་བཟོ་འགོད་དང་ཞིབ་འཇུག་བྱས་ཏེ་སྤུས་དག་བརྩམས་ཆོས་བཟོ་བ་དང་།  སྲིད་ཕན་མི་སྐྱོང་ཐད་ཀྱི་འགག་གནད་སྒྲོལ་ཐུབ་པ། ཏང་གི་ལོ་རྒྱུས་ཀྱི་བྱ་གཞག་ལ་བྱས་རྗེས་ཡོད་པ་བཅས་ཀྱི་དམིགས་འབེན་ལྟར། ལྟེ་བའི་ལས་ཀར་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་ཞུ་བྱས་ཏེ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ལོ་རྒྱུས་ཉར་ཚགས་དང་སྲིད་སྐྱོང་ལ་ཕན་པ། མི་གསོ་སྐྱོང་བྱེད་པ་བཅས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཏང་གི་ལོ་རྒྱུས་ལས་ཀ་དེ་སྐས་རིམ་གསར་པར་སླེབས་པར་སྐུལ་འདེད་བཏང་བ་རེད།

      དེ་མིན་ཁུལ་གནམ་གཤིས་ཅུས་དང་ཁུལ་རྩིས་བཤེར་ཅུས། དཀར་མཛེས་རྫོང་། ཉག་ཆུ་རྫོང་སོགས་ཀྱིས་ཀྱང་བསམ་བློ་བཅིངས་འགྲོལ་ཆེན་པོ་དང་འཇོན་ནུས་ཇེ་ཆེར་གཏོང་བ། ལས་ཀར་གྲུབ་འབྲས་ཆེན་པོ་འཐོབ་པའི་གྲོས་བསྡུར་ཆེན་པོ་བྱེད་པའི་བྱེད་སྒོ་ཚ་ཚ་འུར་འུར་གྱི་སྒོ་ནས་སྤེལ་བཞིན་ཡོད་པ་རེད།།


  • ལེ་ཚན་སྔོན་མ།:གསེར་ཐར་རྫོང་ཤེལ་གྲུབ་ཤང་གིས་དབུལ་ཐར་འགག་སྒྲོལ་གྱི་འཕྲིན་ཕྲན་སྤྱི་རྟགས་ཐོག་མར་ཤར་གཏོང་བྱས།
  • ལེ་ཚན་རྗེས་མ།:པར་རིས་གསར་འགྱུར།
  • དོ་སྣང་ཆེ་བའི་རྩོམ།