མཚོ་སྔོན་གྱི་“མཐོ་སྒང་གི་མཆོག་ནོར”ཧྲེན་ཀྲེང་དུ་སྟོན་པ།

    མི་དམངས་དྲ་བ།    2019-12-13

མཚོ་སྔོན་གྱི་“མཐོ་སྒང་གི་མཆོག་ནོར”ཧྲེན་ཀྲེང་དུ་སྟོན་པ།

    ཟླ12ཚེས་10ཉིན། 2019ལོའི་མཚོ་སྔོན་ཞིང་ཆེན་རེབ་གོང་བོད་རིགས་རང་སྐྱོང་ཁུལ་གྱི་ཁྱད་ཆོས་ལྡན་པའི་ཐོན་ལས་ཚོང་འགུགས་འོས་སྦྱོར་ཚོགས་འདུ་ཧྲེང་ཀྲེན་དུ་འཚོགས་པ་རེད། རེབ་གོང་ཁུལ་གྱི་གཞུང་ཕྱོགས་ཀྱིས་མཛེས་རིས་གླིང་དང་། ཁེ་ལས། མཉམ་ལས་ཁང་སོགས་སྒྲིག་འཛུགས་བྱས་ཏེ། “མཐོ་སྒང་གི་མཆོག་ནོར”ཐང་ག་དང་། འཇིམ་སྐུ གསེར་ཡིག འབྲུ་སྣ་ལྔའི་རི་མོ། དབྱར་རྩྭ་དགུན་འབུ། ཚགས་ཤ ཞོ་སོགས་འགྲེམས་ཚོང་བྱས་ནས། འགྲེམས་ཚོང་ལ་ཞུགས་མཁན་ཚོང་པར་མཐོ་སྒང་གི་མཛེས་སྡུག་མྱོང་ཚོར་ཐུབ་པ་བྱས་་ཡོད། 
    ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་རེབ་གོང་བོད་རིགས་རང་སྐྱོང་ཁུལ་ནི་རྨ་ཆུའི་ཁུག་པ་དགུ་ཡི་ཁུག་པ་དང་པོར་ཆགས་ཤིང་། མཚོ་སྔོན་དང། ཀན་སུའུ། སི་ཁྲོན་བཅས་ཞིང་ཆེན་གསུམ་གྱི་བར་མཚམས་སུ་གནས་པ་དང་། རྒྱལ་ཁབ་གཙང་གསུམ་ཆུ་འགོ་རང་བྱུང་སྲུང་སྐྱོང་ཁུལ་དང་ཀྲུང་ཧྭ་ཆུ་མཛོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེར་མུ་མཐའ་མེད་པའི་རྩྭ་ར་དང་། མཛེས་སྡུག་ལྡན་པའི་རེབ་གོང་སྒྱུ་རྩལ། ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས། དེ་བཞིན་ཆུ་བོ་དྭངས་ལ་རི་བོ་སྔོ་བའི་མཛེས་སྡུག་ལྡན་པའི་རྣམ་པ་བཅས་ཡོད།

【1】  【2】

མཚོ་སྔོན་གྱི་“མཐོ་སྒང་གི་མཆོག་ནོར”ཧྲེན་ཀྲེང་དུ་སྟོན་པ།



  • ལེ་ཚན་སྔོན་མ།:2020ལོའི་མཐོ་སློབ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ནན་དུ་གཏོང་རྒྱུ་ཡིན་པ།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།