རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཧོ་པེ་སོགས་ཞིང་ཆེན་ དང་གྲོང་ཁྱེར་10རུ་བཅའ་སྡོད་བྱས་ཏེ“གནད་སྨིན་ལྟ་སྐུལ་མཛུབ་ཁྲིད”བྱས་པ།

    མི་དམངས་དྲ་བ།    2019-12-13

   ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་11ཉིན་གློག་འཕྲིན་འབྱོར་གསལ། ཚེས་10ཉིན། རྒྱལ་ཡོངས་ནག་སེལ་གཞུང་ལས་ཁང་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ཀྲུང་དབྱང་ནག་སེལ་གཤེད་བཅོམ་གྱིས་རེས་སྐོར་དང་པོར་ལྟ་སྐུལ་མཛུབ་ཁྲིད་བྱས་མྱོང་བའི་ཧོ་པེ་དང་། ཧྲན་ཤིས། ལིའོ་ཉིང་། ཧྥུའུ་ཅན། ཧྲན་ཏུང་། ཧོ་ནན། ཧུའུ་པེ། ཀོང་ཏུང་། ཁྲུང་ཆིང་། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་10ལ་སོ་སོར་བཅའ་སྡོད་བྱས་ཏེ། ཕྱོགས་ཡོངས་ནས་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དེ་ཐོག་ནས་གཞི་ཁྱོན་ཆེ་བ་དང་ཡོངས་ཁྱབ་ཀྱི་ཀྲུང་དབྱང་ལྟ་སྐུལ་མཛུབ་ཁྲིད་རེ་ཞིག་མཇུག་བསྒྲིལ་རྗེས་རྒྱུན་རྣམ་ཅན་དང་། སྐབས་བསྟུན་རྣམ་པ། དམིགས་སའི་རྣམ་པ་བཅས་ཀྱི་ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་དངོས་སུ་བྱེད་འགོ་ཚུགས་པ་རེད།
     ཆེད་མངགས་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་ཁག་གིས་ཆེད་དོན་འཐབ་རྩོད་ཀྱི“འགག་གནད”དང“དཀའ་གནད”ལ་དམིགས་ཏེ། མི་དམངས་མང་ཚོགས་ཀྱི་བསམ་འཆར་མང་ཞིང་གྱོད་སྒྲུབ་འཕེལ་རིམ་འགོར་བའི་གྱོད་གཞི་དང་། ཆེད་དོན་འཐབ་རྩོད་ལས་དོན་སྐུལ་འདེད་གཏོང་ཤུགས་མི་འདང་བའི་ས་ཁུལ་དང་གྲོང་ཁྱེར་དུ་སྐབས་བསྟུན་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། གཙོ་གནད་ལས་དོན་དང་། གཅོ་གནད་གྱོད་གཞི། གཙོ་གནད་ཁུངས་སྣེ། གཙོ་གནད་ས་ཁུལ་སོགས་ལ་དམ་པོར་དམིགས་ཏེ་གནད་སྨིན་ལྟ་སྐུལ་མཛུབ་ཁྲིད་བྱ་རྒྱུ་རེད།

  • ལེ་ཚན་སྔོན་མ།:ཀྲུང་གོའི་འབྲུ་རིགས་ལ་ཀྲུང་གོའི་སོན་སྤྱད་པ། ལོ་ཏོག་གཙོ་བོའི་སོན་བཟང་སྤྱོད་ཚད་95%ལྷག་ཙམ་ཟིན་པ།
  • ལེ་ཚན་རྗེས་མ།:2020ལོའི་མཐོ་སློབ་དཀྱུས་མའི་དམིགས་བསལ་རིགས་ཀྱི་སློབ་བསྡུའི་ལས་དོན་ནན་དུ་གཏོང་རྒྱུ་ཡིན་པ།
  • དོ་སྣང་ཆེ་བའི་རྩོམ།