ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་ཟངས་རི་འབབ་ ཚུགས་བར་འདིང་ཟིན་པ།

    མི་དམངས་དྲ་བ།    2019-12-13

༄༅།།ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་ཟངས་རི་འབབ་
ཚུགས་བར་འདིང་ཟིན་པ།

    མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་10ཉིན་གྱི་ས་སྲིབ་ཏུ། ཟངས་རི་འབབ་ཚུགས་ཀྱི་ཟམ་པ་ཆེས་ཆེ་བ་བཞིའི་ཆེས་མཐའ་མཇུག་གི་Tགདུང་མ་བརྟན་པོའི་ངང་ཟམ་སྟེགས་ཐོག་སྒྲིག་པ་དང་། ཁྲོན་བོད་ལྕགས་ལམ་གྱི་ལྷ་ཉིང་དུམ་བུའི་ལམ་ཐིག་བཞིའི་ཆེས་ཆེ་བའི་ཟམ་ཆེན་ཐོག་མ་དེ་བསྐྲུན་ཟིན་ནས། དངོས་སུ་ལམ་ཐིག་ཡོངས་ཀྱི་དུས་རིམ་གོང་མ་ལྔ་བ་ཤར་གཏོང་འབབ་ཚུགས་ཏེ། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ཟངས་རི་འབབ་ཚུགས་སུ་སླེབས་པ་རེད།
    ཨར་ལས་འགན་འཁུར་མཁན་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས། ཟངས་རི་འབབ་ཚུགས་བར་ལྕགས་ལམ་འདིང་ཟིན་པས་ལྷ་ས་གྲོང་ཁྱེར་ནས་ཟངས་རི་རྫོང་བར་མེ་འཁོར་བསྐྱོད་པར་རྨང་གཞིའི་ཨར་ལས་ཀྱི་དགོས་མཁོ་བསྐངས་ཡོད་པ་མཚོན་ཞིང་། ཟངས་རི་རྫོང་དུ་མེ་འཁོར་བསྐྱོད་མི་ཐུབ་པའི་ལོ་རྒྱུས་མཇུག་སྒྲིལ་བ་རེད། མ་འོངས་པར་ལམ་ཐིག་ཡོངས་ཤར་གཏོང་ཐུབ་རྗེས། ས་གནས་དེ་གའི་མང་ཚོགས་ཀྱི་འགྲོ་སྐྱོད་བྱེད་སྟངས་བསྒྱུར་བ་དང་། ལམ་འགྲམ་གྱི་གཏེར་ལས་དང་། ཞིང་འབྲོག་ཐོན་རྫས། ཡུལ་སྐོར་ལས་རིགས་སོགས་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད་ཅེས་བཤད། 
    གསར་དུ་བསྐྲུན་པའི་ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་ཐག་ལ་སྤྱི་ལེ་435ཡོད་པ་དང་། ལམ་ཐིག་གིས་ཡར་ཀླུང་གཙང་པོ་ཐེངས་16བརྒལ་ཞིང་། ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་ལ། ཟམ་ཕུག་གིས་བཟུང་ཚད་75%ཟིན་ཞིང་། ཇུས་འགོད་མྱུར་ཚད་ནི་ཆུ་ཚོད་རེར་སྤྱི་ལེ་160ཡིན་པ། བོད་ལྗོངས་ཀྱི་གློག་ཤུགས་ཅན་གྱི་ལྕགས་ལམ་ཨང་དང་པོ་དེ་རེད། ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པས་དངོས་སུ་ལྕགས་ལམ་འདིང་བ་ནས་བཟུང་། མིག་སྔའི་བར་སྤྱི་ལེ་119.3གྱི་ལམ་དངོས་འདིང་བ་དང་ཨི་ཁུང་1375ཡི་གདུང་མ་སྒྲིག་པའི་ལས་འགན་ལེགས་འགྲུབ་ཟིན་ཡོད་པ་རེད།

【1】  【2】

༄༅།།ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་ལྕགས་ལམ་ལྷོ་ཁ་གྲོང་ཁྱེར་ཟངས་རི་འབབ་
ཚུགས་བར་འདིང་ཟིན་པ།


  • ལེ་ཚན་སྔོན་མ།:“2019ལོའི་ལྷོ་ལྷོ་འགྲོ་བ་མིའི་ཐོབ་ཐང་གླེང་སྟེགས” པེ་ཅིང་དུ་འཚོགས་པ།
  • ལེ་ཚན་རྗེས་མ།:ཀྲུང་གོའི་འབྲུ་རིགས་ལ་ཀྲུང་གོའི་སོན་སྤྱད་པ། ལོ་ཏོག་གཙོ་བོའི་སོན་བཟང་སྤྱོད་ཚད་95%ལྷག་ཙམ་ཟིན་པ།
  • དོ་སྣང་ཆེ་བའི་རྩོམ།