བུ་མོ་ཞིག་བུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས། བོད་རིགས་བུ་མོ་ཐེན་ཅིན་དུ་རྐང་རྩེད་སྤོ་ལོར་རོལ།

    མི་དམངས་དྲ་བ།    2019-12-11

བུ་མོ་ཞིག་བུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས། བོད་རིགས་བུ་མོ་ཐེན་ཅིན་དུ་རྐང་རྩེད་སྤོ་ལོར་རོལ།

    ཕུར་བུ་སྒྲོལ་མ་འདི་ལོ་ལོ་18ལ་སླེབས་པ་དང་། བོད་ལྗོངས་ལྷ་ས་ནས་ཡིན་ཞིང་། ཁོ་མོ་ནན་ཁའེ་སློབ་ཆེན་ཡུལ་སྐོར་དང་ཞབས་ཞུ་སློབ་གླིང་གི་སློབ་མ་གསར་པ་ཞིག་རེད། མི་རིང་བའི་གོང་མཇུག་འགྲིལ་བའི“སློབ་གསར་བུམ་པའི”སློབ་གྲྭའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཁོ་མོ་ནི་སྤོ་ལོ་རྒྱག་མཁན་སློབ་མ་བུ་མོ་གཅིག་པུ་དེ་རེད།
    ཕུར་བུ་སྒྲོལ་མས་དམའ་རིམ་སློབ་འབྲིང་དུས་ནས་རྐང་རྩེད་སྤོ་ལོ་རྒྱག་མྱོང་བ་དང་། ནན་ཁའེ་སློབ་ཆེན་དུ་ཡིག་རྒྱུགས་འཕྲོད་རྗེས་ཁོ་མོས་གང་མགྱོགས་སློབ་གྲོགས་ཁྲོད་དུ་རང་ཉིད་ཀྱི་སྤོ་ལོའི་རྩལ་ངོམ་པ་རེད། བུ་མོའི་སྤོ་ལོ་རུ་ཁག་མེད་པའི་དབང་གིས་ཕུར་བུ་སྒྲོལ་མ་ཡུལ་སྐོར་དང་ཞབས་ཞུ་སློབ་གླིང་གི་བུའི་རྐང་རྩེད་སྤོ་ལོའི་རུ་ཁག་གི་རུ་དཔོན་ལ་འོས་འདེམས་བྱས་ནས“སློབ་གསར་བུམ་པའི”འགྲན་བསྡུར་ནང་ཞུགས་རྒྱུའི་མིང་ཐོ་བཀོད་པ་རེད། ཡིན་ནའང་། བུ་མོ་ཡིན་པས་སློབ་གྲྭའི་རྐང་རྩེད་སྤོ་ལོའི་མཐུན་ཚོགས་ཀྱིས་འགྲན་བསྡུར་ནང་ཞུགས་སུ་བཅུག་མེད་པ་རེད། ཕུར་བུ་སྒྲོལ་མ་འགྲན་བསྡུར་ནང་ཞུགས་འདོད་པའི་བསམ་ཚུལ་ཤེས་རྗེས། ཚོགས་ཆུང་འགྲན་བསྡུར་ཐེངས་གཉིས་པ་མ་བྱས་གོང་། ནན་ཁའེ་སློབ་ཆེན་རྐང་རྩེད་སྤོ་ལོའི་མཐུན་ཚོགས་དང་སློབ་གླིང་ཁག་གི་རུ་སྣེ་ཁྲིད་མཁན་གྱིས་དྲ་ཐོག་ཏུ་འདེམས་ཤོག་འཕངས་ནས་ཕུར་བུ་སྒྲོལ་མ་འགྲན་བསྡུར་ནང་ཞུགས་ཆོག་མིན་གཏན་འཁེལ་བྱས་པ་རེད། དེ་རྗེས་རྒྱབ་སྐྱོར་དང་། མོས་མཐུན། བསྔགས་བརྗོད་བཅས་བྱེད་མཁན་མང་པོ་བྱུང་ནས་ཕུར་བུ་སྒྲོལ་མ་འགྲན་བསྡུར་ནང་ཞུགས་རྒྱུར་སློབ་གླིང་མང་པོ་ཞིག་གི་མོས་མཐུན་བྱུང་བ་རེད། མཐར་ཚང་མའི་རེ་སྒུག་ལྟར་ཁོ་མོ་སློབ་གསར་བུམ་པའི་འགྲན་བསྡུར་ནང་ཞུགས་ཐུབ་པ་རེད།
    ཉེ་ཆར། སླར་ཡང་ཕུར་བུ་སྒྲོལ་མས་ནན་ཁའེ་སློབ་ཆེན་དུ“ནན་ཁའེ་ལས་ཞོར་བུ་མོའི་རྐང་རྩེད་སྤོ་ལོའི་རུ་ཁག”ཅིག་བཙུགས་ནས་རྐང་རྩེད་སྤོ་ལོར་དགའ་པོ་ཡོད་མཁན་བུ་མོ་རྣམས་ལ་སྤོ་ལོ་རྒྱག་སའི་ལས་སྟེགས་བསྐྲུན་པ་རེད། ཁོ་མོས“ང་རང་རྐང་རྩེད་སྤོ་ལོར་དགའ་པོ་ཡོད། དེ་གང་སར་ཁྱབ་གདལ་ཐུབ་པའི་རེ་བ་ཡོད”ཅེས་བརྗོད། 

བུ་མོ་ཞིག་བུའི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་ནང་ཞུགས། བོད་རིགས་བུ་མོ་ཐེན་ཅིན་དུ་རྐང་རྩེད་སྤོ་ལོར་རོལ།


  • ལེ་ཚན་སྔོན་མ།:ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཚོགས་འདུ་འཚོགས།
  • ལེ་ཚན་རྗེས་མ།:པདྨ་ཚེ་བརྟན་གྱི་གློག་བརྙན་འདིར་ཡང་བྱ་དགའ་ཆེན་པོ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།