སི་ཁྲོན་ཞིང་ཆེན་གྱི་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པ་དང་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པའི་ཐུན་མོང་གི་སྔོན་ཐོན་མཛད་རྗེས་སྐོར་སྐྱོད་སྙན་སེང་ཞུ་བའི་ཚོགས་འདུ་དར་མདོར་འཚོགས་པ།

        2019-12-11

སྤྱི་ཟླ11པའི་ཚེས29ཉིན། སི་ཁྲོན་ཞིང་ཆེན་གྱི་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པ་དང་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པའི་ཐུན་མོང་གི་སྔོན་ཐོན་མཛད་རྗེས་སྐོར་སྐྱོད་སྙན་སེང་ཞུ་བའི་ཚོགས་འདུ་དར་མདོར་འཚོགས་པ་རེད། སྐོར་སྐྱོད་སྙན་ཞུ་ཚོགས་པ་གཉིས་པའི་ཚོགས་དཔོན། ཞིང་ཆེན་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡི་སྐོར་སྐྱོད་རིམ་གྲས་དང་པོའི་སྐོར་སྐྱོད་པ་ཞའེ་ཡོས་ཚོགས་འདུའི་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་དྲིལ་བསྒྲགས་པུའུ་ཡི་འགན་ཁུར་མི་སྣས་སྙན་ཞུ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་ཐོག་ཁྲེང་ཏུའུ་གྲོང་ཁྱེར་སྤྱི་བདེ་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་དང་པོའི་ཚོ་དཔོན་ལི་ཅན་ཧྭ་དང་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ནགས་ལས་དང་རྩྭ་ཐང་ཐོན་ལས་ཚཁྲུའུ་ཡི་ཚཁྲུའུ་ཀྲང་གོ་ཞང་ཞིན་སོགས་ཀྱི་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པ་དང་མི་དམངས་ཀྱི་བློར་བབ་པའི་གཞུང་ཞབས་པ་ཐུན་མོང་གི་འཐུས་ཚབ་ཚོས་མི་སེམས་འགུལ་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་འདེད་གཏོང་བའི་མི་དམངས་གཞུང་ཞབས་པའི་མཛད་རྗེས་ཞུས་པ་རེད།།

(ལྷ་འཛོམས་ཀྱིས་བསྒྱུར།)


  • ལེ་ཚན་སྔོན་མ།:ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་རྫོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས།
  • ལེ་ཚན་རྗེས་མ།:གསེར་ཐར་རྫོང་གི་ས་ཁུག་ལུང་ཀྱོག་ཏུ་ཆགས་པའི་གྲོང་སྡེ་རུ་ཆ་འཕྲིན་དྲ་བ་དང་བརྡ་རྟགས་ཐོན་ཡོད།
  • དོ་སྣང་ཆེ་བའི་རྩོམ།