ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་དར་མདོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས།

ལྷ་འཛོམས་ཀྱིས་བསྒྱུར།        2019-12-09

    ཞིང་ཆེན་ཏང་ཨུས་བཀོད་སྒྲིག་གཅིག་གྱུར་བྱས་པ་ལྟར། སྤྱི་ཟླ12པའི་ཚེས4ཉིན་གྱི་སྔ་དྲོར་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་རུ་ཁག་བདུན་པས་དར་མདོར་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་སྙན་སེང་ཞུ་བའི་ཚོགས་འདུ་འཚོགས་པ་རེད། ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པའི་ཡན་ལག་རུ་ཁག་བདུན་པའི་ཚོགས་དཔོན། ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཞུས་ལི་ཡིས་སྒྲོག་འགྲེལ་སྙན་སེང་ཞུས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་སྙན་སེང་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

    ཆུ་ཚོད་གཉིས་ལྷག་གི་རིང་ལ་སྒྲོག་འགྲེལ་སྙན་སེང་ཞུ་བའི་ཁྲོད་དུ་ཞུས་ལི་ཡིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་དེ་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ་བཅས་དོན་སྙིང་ལག་ཆེན་ངོས་འཛིན་གང་ལེགས་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དང་རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་གི་ལེགས་ཆ་མངོན་གསལ་དོད་པོ་ལ་གོ་བ་ཟབ་མོ་བླངས་ཤིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་གདེང་ཚོད་སྲ་བརྟན་དུ་གཏོང་ཞིང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏང་རྒྱུའི་སྤྱི་ཡོངས་ཀྱི་བླང་བྱ་དང་སྤྱི་ཡོངས་ཀྱི་དམིགས་འབེན། གཙོ་གནད་ལས་འགན་བཅས་ཁོང་དུ་ཡང་དག་པ་ཆུད་པ། ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་བརྒྱབ་སྟེ་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འབེབས་བྱས་པའི་དམིགས་འབེན་དང་ལས་འགན་སོ་སོ་དོན་ཐོག་འཁྱོལ་བ། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་གཏིང་ཟབ་མོ་བྱས་ནས་ཁྲོན་སྐྱོང་ཁྲོན་དར་དེ་སྐས་རིམ་གསར་པ་ཞིག་གི་ཐོག་སླེབས་པར་སྐུལ་འདེད་གཏང་རྒྱུ་སོགས་ཕྱོགས་ལྔའི་ཐད་ལ་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱས་པ་རེད། ལོ་རྒྱུས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་དང་སི་ཁྲོན་གྱི་གནས་ཚུལ་དངོས་དང་ཟུང་འབྲེལ་བྱས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་ལ་རྒྱུད་ཁོངས་འགྲེལ་བཤད་བྱས་པ་རེད།

    ལིའུ་ཁྲེང་མིང་གིས་ནན་གསུང་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ནི་རང་རེའི་ཏང་གིས་ལོ་བརྒྱ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལོ་རྒྱུས་འབྲེལ་མཚམས་སུ་འཚོགས་པའི་གྲོས་ཚོགས་གལ་ཆེན་ཞིག་ཡིན་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག་གྲོས་འཆམས་བྱུང་བའི《གཏན་འབེབས》དེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། རྒྱལ་ཁབ་ཀྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་གྱུར་བའི་ཆབ་སྲིད་ཀྱི་བསྒྲགས་གཏམ་དང་བྱ་སྤྱོད་རྩ་འཛིན་ལ་སྐུལ་འདེད་གཏོང་བ་ཡིན་ཞིང་། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཁག་སོ་སོས་ཐེངས་འདིར་ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པ་དཀར་མཛེས་ཁུལ་དུ་སྒྲོག་འགྲེལ་བྱེད་དུ་ཡོང་བ་དེ་གོ་སྐབས་ཤིག་ཏུ་བརྩིས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སློབ་སྦྱོང་དང་སྒྲོག་འགྲེལ་བྱ་རྒྱུ་དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་དོན་ལ་ཟུང་འབྲེལ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་གཙོ་བོ་དང་ཐབས་ཇུས་བཀོད་སྒྲིག་ལ་ཟུང་འབྲེལ་བྱས་ནས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་ལ་ཟུང་འབྲེལ་བྱ་དགོས། ཁྱོན་ཡོངས་ནས་ལོ་འཁོར་གྱི་དམིགས་འབེན་ལས་འགན་ལེགས་སུ་གྲུབ་རྒྱུ་དང་སང་ལོའི་ལས་ཀ་བཀོད་སྒྲིག་ལ་སྐུལ་འདེད་གཏང་རྒྱུ་ལ་ཟུང་འབྲེལ་བྱས་ནས་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ནས་བློ་རིག་དང་སྟོབས་ཤུགས་ཡོངས་རྫོགས་ཁུལ་ཡོངས་ཀྱི་འཛུགས་སྐྲུན་ལག་ལེན་ཁྲོད་གོང་བུར་འགྲིལ་ནས་མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱ་རྒྱུར་འབད་བརྩོན་ཧུར་ཐག་བྱ་དགོས།།

  • ལེ་ཚན་སྔོན་མ།:གནའ་རབས་གླིང་གི་མཁར་རྫོང་དེ།། དེང་སང་དཀར་མཛེས་རྫོང་དུ་མཇལ།།
  • ལེ་ཚན་རྗེས་མ།:ཞིང་ཆེན་ཏང་ཨུའི་སྒྲོག་འགྲེལ་ཚོགས་པས་ལྕགས་ཟམ་རྫོང་དུ་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྙིང་དོན་སྒྲོག་འགྲེལ་བྱས།
  • དོ་སྣང་ཆེ་བའི་རྩོམ།