ཨ་རིས་ཞིན་ཅང་གི་མིའི་དབང་ཆ་ལ་ཁག་གཡར་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ཇུས་ངན་གཏན་ནས་འགྲུབ་མི་སྲིད།

སྐལ་ཐུབ་ཀྱིས་བསྒྱུར།        2019-12-05

ཨ་རིས་ཞིན་ཅང་གི་མིའི་དབང་ཆ་ལ་ཁག་གཡར་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ཇུས་ངན་གཏན་ནས་འགྲུབ་མི་སྲིད།

    ས་གནས་དེ་གའི་ཟླ་བ12པའི་ཚེས3ཉིན། ཨ་རིའི་རྒྱལ་ཚོགས་གྲོས་ཁང་འོག་མས2019ལོའི་ཡུ་གུར་གྱི་མིའི་དབང་ཆ་སྲིད་ཇུས་ཀྱི་ཁྲིམས་དོན་གྲོས་གཞི་ཞེས་པར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཁྲིམས་དོན་གྲོས་གཞི་དེའི་ནང་དུ་ཀྲུང་གོའི་ཞིན་ཅང་གི་མིའི་དབང་ཆ་གནས་ཚུལ་ལ་བསམ་ངན་ཁོག་བཅུག་གིས་སྨ་འབེབས་བྱེད་ཅིང་། ཀྲུང་གོས་ཕྱོགས་ལྷུང་ཐལ་དྲགས་ཅན་འདོར་བ་དང་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བའི་འབད་པ་ཇི་སྙེག་ནག་བརྫས་ཚབས་ཆེན་བྱས་ཤིང་།ཀྲུང་གོ་སྲིད་གཞུང་གིས་ཞིན་ཅང་སྐྱོང་བའི་སྲིད་ཇུས་ལ་བསམ་ངན་གྱིས་ཕོག་ཐུག་བཏང་ཞིང་། རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱལ་སྤྱིའི་འབྲེལ་བའི་མ་མཐའི་ཚད་གཞི་དང་འགལ་བ་ཚབས་ཆེན་བྱུང་ཡོད་ལ། ཀྲུང་གོའི་ནང་སྲིད་ལ་ཇུས་གཏོགས་ཚབས་ཆེན་བྱས་ཏེ་ཡང་བསྐྱར་ཞིན་ཅང་གི་མིའི་དབང་ཆ་ལ་ཁག་གཡར་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་མ་རུང་ཁོག་ཇུས་རྗེན་པར་མངོན་པ་རེད།དེར་ཀྲུང་གོ་ཕྱོགས་ཀྱིས་ཁོང་ཁྲོ་ཆེན་པོས་ངོ་རྒོལ་མཐའ་གཅིག་ཏུ་བྱ་རྒྱུ་ཡིན་པ་རེད།

    ཞིན་ཅང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན་ཞིང་རྒྱལ་ཁབ་གང་ཡང་རུང་བར་ཇུས་གཏོགས་བྱ་རྒྱུའི་དབང་ཆ་མེད་པ་རེད། ཞིན་ཅང་དང་འབྲེལ་བའི་གནད་དོན་ནི་མི་རིགས་དང་ཆོས་ལུགས། མིའི་དབང་ཆ་བཅས་ཀྱི་གནད་དོན་མ་ཡིན་གྱི།དྲག་ཤུགས་དང་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ཁ་འཕྲལ་ལ་ངོ་རྒོལ་བྱེད་པའི་གནད་དོན་ཡིན་པ་རེད། ཀུན་གྱིས་ཤེས་གསལ་ལྟར། ཞིན་ཅང་ལ་དེ་སྔོན་ཕྱོགས་ལྷུང་ཐལ་དྲགས་རིང་ལུགས་དང་དྲག་ཤུགས་འཇིགས་སྐུལ་བྱེད་སྒོའི་གནོད་འཚེ་ཆེན་པོ་ཐེབས་ཡོད་པ་རེད། གནས་བབ་ཛ་དྲག་ཆེ་བའི་མདུན་དུ། ཞིན་ཅང་གིས་ལས་རིགས་ལག་རྩལ་སློབ་གསོ་དང་གསོ་སྦྱོང་ལྟེ་གནས་བཙུགས་པ་ཡན་ཆད་གཏོགས་པའི་འཇིགས་སྐུལ་ལ་ངོ་རྒོལ་དང་ཕྱོགས་ལྷུང་ཐལ་དྲགས་ཅན་འདོར་བའི་བྱེད་ཐབས་རབ་དང་རིམ་པ་ཁྲིམས་ལྟར་ལག་ལེན་བྱས་ནས། དྲག་ཤུགས་འཇིགས་སྐུལ་བྱེད་སྒོར་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། འབྱུང་རྩ་ནས་བཅོས་སྐྱོང་བྱ་རྒྱུར་མཐོང་ཆེན་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་དང་མི་རིགས་མཐུན་སྒྲིལ། སྤྱི་ཚོགས་འཆམ་མཐུན་བརྟན་བརླིང་བཅས་ཡོང་བར་སྐུལ་སྤེལ་རྒྱུན་ཆད་མེད་པར་བཏང་ཡོད།བྱེད་ཐབས་འདི་དག་གིས་ཞིན་ཅང་དུ་ལོ་གསུམ་རིང་ལ་འཇིགས་སྐུལ་རྒོལ་རྡུང་དོན་རྐྱེན་སྣ་གཅིག་ཀྱང་བྱུང་མེད་པ་ཁག་ཐེག་བྱས་ཡོད་ཅིང་། མི་རིགས་ཁག་གི་མི་དམངས་ཀྱི་ཚེ་སྲོག་གི་དབང་ཆ་དང་འཚོ་སྡོད་ཀྱི་དབང་ཆ། འཕེལ་རྒྱས་ཀྱི་དབང་ཆ་བཅས་འགན་སྲུང་ཆེས་ཆེན་པོ་བྱས་ཤིང་། མི་རིགས་ཁག་གི་མི་དམངས་ཀྱི་ཐོབ་སྣང་དང་སྐྱིད་སྣང་། བདེ་སྣང་བཅས་ཇེ་ཆེར་མངོན་གསལ་ཕྱིན་ཡོད་ཅིང་། ཞིན་ཅང་གི་མི་རིགས་ཁག་གི་མི་དམངས་བྱེ་བ་གཉིས་དང་ས་ཡ་ལྔ་ཡི་ཡོངས་ཁྱབ་ཏུ་རྒྱབ་སྐྱོར་ཐོབ་ཡོད་ལ། འཛམ་གླིང་ཡོངས་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱ་གཞག་ལ་བྱས་རྗེས་ཕན་ནུས་ལྡན་པ་བཞག་ཡོད་པ་རེད།

    ཨ་རིའི་ཞིན་ཅང་དང་འབྲེལ་བའི་ཁྲིམས་དོན་གྲོས་གཞི་དེ་ཡིས་མིའི་དབང་ཆ་སྲུང་སྐྱོང་བྱེད་པར་ཁག་གཡར་ནས། ཞིན་ཅང་གིས་འཇིགས་སྐུལ་རིང་ལུགས་ལ་ཁྲིམས་དང་ངེས་སྲོལ་ལྟར་རྡུང་རྡེག་བྱེད་པ་དང་མིའི་དབང་ཆར་སྲུང་སྐྱོང་བྱེད་པའི་འབད་བརྩོན་སྣང་མེད་དུ་བཞག་ཅིང་། ཞིན་ཅང་དེང་སང་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་བརླིང་། མི་རིགས་མཐུན་སྒྲིལ།ཆོས་ལུགས་ཞི་མཐུན་བཅས་ཡིན་པའི་གནས་བབ་བཟང་པོ་སྣང་མེད་དུ་བཞག་པ་ལྟ་ཅི། ཐ་ན་དོན་དངོས་རྫུན་པར་བཟོས་ཤིང་།  དཀར་ནག་དང་ཡིན་མིན་གོ་ལྡོག་སྟེ། ཞིན་ཅང་བརྟན་བརླིང་ཡོང་བར་གཏོར་བཤིག་དང་ཀྲུང་གོ་འཕེལ་རྒྱས་འགྲོ་བར་བཀག་སྡོམ་བྱེད་པའི་བྱ་ངན་སྤེལ་བ་རེད། ཧམ་སྤྱོད་ཆེ་ཞིང་བདེན་རྩ་ཁྱོན་ནས་མེད་པའི་བྱ་སྤྱོད་གདུག་རྩུབ་དེར་ཀྲུང་གོ་མི་དམངས་དུང་ཕྱུར14ཡིས་ཁས་ལེན་རྩ་བ་ནས་མི་བྱེད་པ་དང་། དྲང་བདེན་དང་ཡར་ཐོན་ལ་དགའ་བའི་མི་ཚང་མས་ཁས་ལེན་གཏན་ནས་བྱ་རྒྱུ་མ་རེད།

   བདེན་ཡོད་རོགས་མང་དང་བདེན་མེད་རོགས་ཉུང་ཞེས་པ་ལྟར། ཀྲུང་གོ་སྲིད་གཞུང་གིས་ཞིན་ཅང་སྐྱོང་བའི་སྲིད་ཇུས་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཡོངས་ཁྱབ་ནས་གདེང་འཇོག་ཡག་པོ་བྱས་ཡོད། ད་ལོ་ཁོ་ན་ནས་བཟུང་། མཉམ་འབྲེལ་རྒྱལ་ཚོགས་མིའི་དབང་ཆ་ལས་འཛིན་ལྷན་ཚོགས་ཀྱི་རྒྱལ་ཁབ་ཁག་གི་མིའི་དབང་ཆ་གྲོས་ཞིབ་རེས་གསུམ་པའི་ཐོག་ཡིན་ནའང་འདྲ། རྒྱལ་ཁབ་བཅུ་ཕྲག་ཁ་ཤས་ཀྱིས་མཉམ་འབྲེལ་བྱས་ནས་མཉམ་འབྲེལ་རྒྱལ་ཚོགས་མིའི་དབང་ཆ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་མིའི་དབང་ཆའི་མཐོ་རིམ་ཆེད་གཏོང་མི་སྣར་སྤྲིངས་པའི་ཡི་གེ་ཡིན་ནའང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྲུང་གོའི་མི་དབང་བྱ་གཞག་འཕེལ་རྒྱས་གྲུབ་འབྲས་ལ་བསྟོད་བསྔགས་ཐེངས་མང་བྱས་ཏེ།ཀྲུང་གོས་ཞིན་ཅང་དུ་སྤྱད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱས་པ་རེད།མི་རིང་བར་འཚོགས་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཨུ་ཡོན་ལྷན་ཁང་གསུམ་པའི་གྲོས་ཚོགས་ཐོགཨུ་རུ་སུ་དཀར་པོས་རྒྱལ་ཁབ54ཡི་ཚབ་བྱས་ནས་ཐུན་མོང་གི་གཏམ་བཤད་བྱས་ཤིང་། རྒྱབ་ཁབ30ཡིས་རྒྱབ་ཁབ་གཏམ་བཤད་བྱས་ནས། ཚང་མས་ཀྲུང་གོས་ཞིན་ཅང་དུ་སྤྱད་པའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བྱེད་ཐབས་ལ་རྒྱབ་སྐྱོར་བྱེད་ཅིང་། ཨ་རི་སོགས་རྒྱལ་ཁབ་ཀྱིས་ཞིན་ཅང་དང་འབྲེལ་བའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་ནང་སྲིད་ལ་ཇུས་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོ་རྒོལ་བྱེད་པ་དང་། མིའི་དབང་ཆའི་གནད་དོན་ཆབ་སྲིད་ཅན་དུ་བསྒྱུར་མཚམས་གཞག་དགོས་ཞེས་པ་དང་། ཀྲུང་གོར་བདེན་རྩ་གང་ཡང་མེད་པའི་སྐྱོན་འཛུགས་བྱེད་མཚམས་གཞག་དགོས་ཞེས་པ་སོགས་ཀྱི་དྲང་བདེན་གྱི་སྐད་ཆ་དེ་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཐུན་མོང་གི་ཡོངས་ཁྱབ་ངོས་འཛིན་མཚོན་པ་རེད། ཨ་རིས་ཞིན་ཅང་དང་འབྲེལ་བའི་གནད་དོན་གྱིས་སྐྱོན་འཚོལ་སྒྲོ་འདོགས་བྱེད་པ་དོན་དངོས་དང་རྦད་དེ་འགལ་ཞིང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དམངས་ཀྱི་འདོད་བློ་གཙོ་ཕྱོགས་དང་ཡང་རྦད་དེ་འགལ་བས། རྐང་རྩ་བ་ནས་ཚུགས་མི་ཐུབ་ཅིང་མི་སེམས་འགུགས་མི་ཐུབ་པ་གཏན་འཁེལ་ཡིན་པ་རེད།

   ཀྲུང་གོ་མི་དམངས་ཀྱིས་ལོག་བཤད་ལ་ཡིད་མི་ཆེས་ཤིང་ལོག་པར་བཤད་པ་ལའང་མི་སྐྲག་པ་དང་། དོན་རྐྱེན་མི་བཟོ་ཞིང་དོན་རྐྱེན་བཟོ་བ་ལ་ཡང་མི་སྐྲག  ཨ་རིས་ཞིན་ཅང་དང་འབྲེལ་བའི་གནད་དོན་བེད་སྤྱོད་བཏང་ནས་ཀྲུང་གོའི་འཕེལ་རྒྱས་ལ་བཀག་འགོག་བྱ་འདོད་པ་དང་། ལན་གཅིག་མིན་གཉིས་མིན་ཀྲུང་གོའི་སྲིད་གཞུང་གིས་ཞིན་ཅང་སྐྱོང་བའི་སྲིད་ཇུས་ལ་ཕོག་ཐུག་བཏང་ཞིང་། ཀྲུང་གོས་འཇིགས་སྐུལ་ལ་ངོ་རྒོལ་དང་ཕྱོགས་ལྷུང་ཐལ་དྲགས་ཅན་འདོར་བའི་བྱེད་ཐབས་ལ་རྐང་བཙུགས་ཀྱིས་ནག་བརྫས་བྱེད་པ་དང་། མ་རུང་ཁོག་ཏུ་བཅུག་ནས་ཞིན་ཅང་དང་འབྲེལ་བའི་ཁྲིམས་དོན་གྲོས་གཞི་བཟོས་པ་རེད། དེའི་བྱ་སྤྱོད་ལས་ཁོ་ཚོས་འཇིགས་སྐུལ་གནད་དོན་ཐད་ཚད་གཞི་ཉིས་བརྩེགས་འཛིན་ཡོད་པ་རྗེན་པར་བསྟན་པ་དང་།ཀྲུང་གོ་མི་དམངས་ཀྱིས་དེ་བས་ཀྱང་དེའི་བཟང་རྫུའི་ངོ་འབག་དང་གདུག་རྩུབ་ཀྱི་ངན་སེམས་གསལ་པོར་ཤེས་པ་ལས་མ་འདས། རྐྱེན་ངན་ཇི་ལྟར་འཚུབ་ཀྱང་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཁེ་ཕན་བཅས་སྲུང་སྐྱོང་བྱེད་པའི་ཆོད་སེམས་ལ་འགྱུར་བ་གཏན་ནས་མེད་ཅིང་། འགྲོ་ལམ་དཀའ་ཁག་ཇི་ཙམ་ཆེ་ཡང་། ཀྲུང་གོ་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་མདུན་སྐྱོད་གོམ་སྟབས་འགོག་ཐུབ་ཀྱི་མ་རེད།ཨ་རིས་ཞིན་ཅང་དང་འབྲེལ་བའི་གནད་དོན་བེད་སྤྱོད་བྱས་ནས་ཀྲུང་གོའི་མི་རིགས་འབྲེལ་བར་དཀྲུག་ཤིང་རྒྱག་པ་དང་། ཞིན་ཅང་དར་རྒྱས་བརྟན་བརླིང་ཡོང་བར་གཏོར་བཤིག་གཏོང་བ། ཀྲུང་གོ་འཕེལ་རྒྱས་ཆེན་པོར་འགྲོ་བར་བཀག་སྡོམ་བྱེད་པ་བཅས་ཀྱི་ངན་ཇུས་ནམ་ཡང་འགྲུབ་མི་སྲིད་པ་རེད།

ཨ་རིས་ཞིན་ཅང་གི་མིའི་དབང་ཆ་ལ་ཁག་གཡར་ནས་ཀྲུང་གོར་བཀག་སྡོམ་བྱེད་པའི་ཇུས་ངན་གཏན་ནས་འགྲུབ་མི་སྲིད།

    དུས་རབས་ཀྱི་འགྲོ་ཕྱོགས་ལྡོག་ཏུ་མེད་ཅིང་བདེན་ལམ་ལས་ལོག་ན་ཕམ་ཁ་འཁུར་ངེས་རེད། ང་ཚོས་ཨ་རི་ཕྱོགས་ཀྱིས་གནས་བབ་ལ་ངོ་འཛིན་གསལ་པོར་བྱས་ནས་འཇམ་འཐབ་བསམ་ཕྱོགས་དང་གཉིས་ཕན་བྲལ་བའི་འཐབ་རྩོད་ཀྱི་འདུ་ཤེས་རྙིང་བ་དོར་བ་དང་། ཞིན་ཅང་དང་འབྲེལ་བའི་གནད་དོན་བེད་སྤྱོད་བཏང་ནས་ཀྲུང་གོའི་ནང་སྲིད་ལ་ཇུས་གཏོགས་བྱེད་མཚམས་བཞག་ཅིང་། ཀྲུང་ཨའི་འབྲེལ་བའི་སྤྱི་ཡོངས་སྲུང་སྐྱོང་བྱ་རྒྱུ་གཙོ་བོར་བྱེད་ཅིང་། ཀྲུང་ཨ་ཕྱོགས་གཉིས་ཕན་ཚུན་ཡིད་རྟོན་དང་མཉམ་ལས་བྱེད་པར་ཕན་པའི་བྱ་བ་མང་པོ་སྒྲུབ་པ་དང་། ཐུན་མོང་ངང་རྒྱལ་སྤྱིའི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས་འཛམ་གླིང་དང་ས་ཁུལ་ཞི་བདེ་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱ་དགོས་པ་ཁ་ཏ་བསླབ་བྱ་བྱས་པ་ཡིན་ནོ།།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་2019ལོའི་ཚུང་ཏུའུ་རྒྱལ་སྤྱིའི་གླེང་སྟེགས་སུ་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་སྐུ་མགྲོན་དང་མཇལ་འཕྲད་གནང་བ།
  • ལེ་ཚན་རྗེས་མ།:རང་ཁུལ་གྱི་རྩོམ་པ་པོ་རྒྱ་སྤང་བུ་ཕྲུག་ལ་ཚངས་ལུགས་རྒྱལ་སྤྱིའི་སྙན་ངག་བྱ་དགའ་ཨང་དང་པོ་དེ་ཐོབ་འདུག
  • དོ་སྣང་ཆེ་བའི་རྩོམ།