དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དཀར་མཛེས་ཁུལ2016ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་འཆར་འགོད་ལ་ཆོག་མཆན་སྤྲད་པའི་སྐོར་གྱི་ཆོད་དོན།

        2016-12-27

    2016ལོའི་ཟླ་བ12པའི་ཚེས23ཉིན་དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་སོ་དྲུག་པར་གྲོས་འཆམ་བྱུང་བ།

      དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སུམ་ཅུ་སོ་དྲུག་པའི་ཐོག་ཁུལ་མི་དམངས་སྲིད་གཞུང་གིཁུལ་རིམ་པའི་ནོར་སྲིད་ཀྱི་སྔོན་རྩིས་ལེགས་སྒྲིག་འཆར་འགོད་སྐོར་གྱི་སྙན་ཞུལ་ཉན་འཇོག་དང་གྲོས་ཞིབ་བྱས་ཤིང་། གྲོས་ཚོགས་ཐོག་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གཅིག་པའི་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྔོན་རྩིས་ལས་ཀའི་ཨུ་ཡོན་ལྷན་ཁང་གིས་ཞིབ་བཤེར་སྙན་ཞུའི་ཁྲོད་བཏོན་པའི་གྲོས་གཞི་ལ་ཡིད་མཐུན་བྱུང་ནས། 2016ལོའི་ཁུལ་རིམ་པའི་ནོར་སྲིད་སྔོན་རྩིས་ལེགས་སྒྲིག་གི་འཆར་འགོད་ལ་ཆོག་མཆན་སྤྲད་རྒྱུའི་གྲོས་ཐག་བཅད་པ་ཡིན།

                                    དཀར་མཛེས་ཁུལ་སྐབས་བཅུ་གཅིག་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ནས།

                                            2016ལོའི་ཟླ་བ12པའི་ཚེས23ཉིན།


  • ལེ་ཚན་སྔོན་མ།:སྲིད་གྲོས་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་འཚོག་རྒྱུའི་སྐོར་གྱི་སྤྱི་བསྒྲགས།
  • ལེ་ཚན་རྗེས་མ།:རྟ་མགྱོགས་མོར་སྐབས་དང་བསྟུན་ནས་ལྕག་གིས་སྐུལ། རང་ཁུལ་ཤར་ལྷོ་རྒྱུད་ཀྱི་འཐབ་ཇུས་ཆེན་མོ་དྲུག་གི་ཡུལ་དངོས་སྐུལ་འདེད་ཚོགས་འདུའི་ཟུར་བཀོད། (སྟོད)
  • དོ་སྣང་ཆེ་བའི་རྩོམ།