བྱང་ཆུབ་ཀྱིས་བྲག་མགོ་རྫོང་དུ་དབུལ་ཕོངས་ཕྱིར་འཐེན་བྱེད་པའི་ལས་ཀར་ལྟ་སྐུལ་ཁྲིད་སྟོན་གནང་།

བདེ་སྐྱིད་ཀྱིས་བསྒྱུར།        2019-11-20

    སྤྱི་ཟླ11པའི་ཚེས11ཉིན་ནས་ཚེས14ཉིན་གྱི་བར་ཁུལ་ཨུའི་གཅིག་གྱུར་བཀོད་སྒྲིག་ལྟར། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་བྱང་ཆུང་དང་ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཏུའུ་ཏེ་ཆིང་དང་བཅས་པ་བྲག་འགོ་རྫོང་དུ་བཅའ་སྡོད་བྱས་ནས། དབུལ་ཐར་འགག་སྒྲོལ་ལས་ཀར་ཁྲིད་སྟོན་བྱེད་པ་དང་། དབུལ་ཕོངས་ཕྱིར་འཐེན་བྱེད་པའི་ལས་ཀའི་སྐོར་ཁུལ་རིམ་པས་ཞིབ་བཤེར་རྩིས་ལེན་བྱེད་པའི་ལས་ཀར་གཞོགས་འདེགས་བྱས་པ་རེད།

    བྱང་ཆུབ་ཀྱིས་ནན་གསུང་གནང་དོན། གཅིག་ནི་ཚད་གཞི་དང་བསྡུར་གཞི་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་བསམ་བློའི་ངོས་འཛིན་མཐོ་རུ་གཏང་རྒྱུར་དམིགས་ཏེ་དག་ཐེར་ལས་ཀ་དམ་འཛིན་བྱ་དགོས། གཉིས་ནི་རིམ་པ་དང་རིགས་དབྱེ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་འགན་འཁྲི་དང་བྱེད་ཐབས་ཞིབ་ཕྲ་བཟོ་རྒྱུར་དམིགས་ནས་དག་ཐེར་ལས་ཀ་དམ་འཛིན་བྱ་དགོས། གསུམ་ནི་གནད་དོན་གྱི་ཕྱོགས་སྟོན་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་ནང་ཁུལ་ལས་རིགས་ཀྱི་དཔྱད་གཞིའི་ཡིག་རིགས་འཐུས་ཚང་དུ་གཏང་རྒྱུར་དམིགས་ནས་དག་ཐེར་ལས་ཀ་དམ་འཛིན་བྱ་དགོས། བཞི་ནི་གོང་འོག་མཉམ་འགུལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ནང་གནས་སྒུལ་ཤུགས་འཕེལ་བར་དམིགས་ནས་དག་ཐེར་ལས་ཀ་དམ་འཛིན་བྱ་དགོས། ལྔ་ནི་ལྟ་སྐུལ་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྡོག་སྐུལ་འགག་སྒྲོལ་ངར་ཤུགས་ལ་དམིགས་ནས་དག་ཐེར་ལས་ཀ་དམ་འཛིན་བྱ་དགོས། དྲུག་ནི་ཡུན་རིང་འཕེལ་རྒྱས་གཞི་ཚུགས་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོན་ལས་དབུལ་སྐྱོར་འཕེལ་རྒྱས་ཀྱི་རྗེས་ཤུགས་སྲ་བརྟན་དང་མཐོ་རུ་གཏང་དགོས།།


  • ལེ་ཚན་སྔོན་མ།:སྙི་སྟོད་སློབ་ཆུང་གིས་ཤེས་རིག་འགྲན་སྡུར་གྱི་བྱེད་སྒོ་སྤེལ།
  • ལེ་ཚན་རྗེས་མ།:མཐའ་འཁོབ་གྲོང་སྡེ་ལ་ཕྱུར་འགྱུར་གྱི་མེ་ཏོག་བཞད།
  • དོ་སྣང་ཆེ་བའི་རྩོམ།