རང་ཁུལ་གྱིས་མེ་གསོད་དང་འབྲེལ་བའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱས།

སྐལ་ཐུབ་ཀྱིས་བྲིས་ཤིང་པར་བླངས།        2016-12-10

རང་ཁུལ་གྱིས་མེ་གསོད་དང་འབྲེལ་བའི་པར་ལེན་བརྩམས་ཆོས་འགྲེམས་སྟོན་བྱས།

      ཉེ་ཆར། དཀར་མཛེས་ཁུལ་མེ་གསོད་ཡན་ལག་རུ་ཁག་དང་ཁུལ་པར་ལེན་པའི་མཐུན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། དཀར་མཛེས་ཉིན་རེའི་ཚགས་པར་ཁང་དང་། དཀར་མཛེས་ཁུལ་མེ་གསོད་དྲིལ་བསྒྲགས་སློབ་གསོ་ལྟེ་གནས། སི་ཁྲོན་ཝེ་ལུང་དངོས་གཉེར་ཚད་ཡོད་སྤྱི་གཉེར་ཁང་བཅས་ཀྱིས་གཉེར་འགན་ཁུར་ནས་མེ་གསོད་ཀྱི་བརྗོད་དོན་གཙོ་བོར་དམིགས་པའི་པར་ལེན་འགྲན་བསྡུར་གྱི་བརྩམས་ཆོས་འགྲེམས་སྟོན་ཆེན་མོ་དེ་དར་མདོར་སྤེལ་བ་རེད།

      ཟླ་བ་བཞི་ལྷག་གི་རིང་ལ་བརྩམས་ཆོས་གསར་རྩོམ་དང་དྲྭ་ཐོག་ནས་འདེམས་ཤོག་འཕེན་པ། ཆེད་རམས་པས་དཔྱད་ཞིབ་བྱས་པར་བརྒྱུད་པར་ལེན་བརྩམས་ཆོས་ཡག་པོ68བདམ་ནས་པར་འགྲེམས་བྱས་པ་རེད། པར་རིས་བརྩམས་ཆོས་རེ་རེ་ལས་མེ་གསོད་རུ་ཁག་གིས་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ཉེན་མེད་ཡོང་བར་ཁག་ཐེག་བྱ་ཆེད་རང་སྲོག་ལ་མ་འཛེམས་པར་མེ་འོབས་སུ་མཆོང་པའི་དཔའ་ཉམས་མངོན་ཞིང་ཡ་ང་བའི་མེ་སྐྱོན་གྱི་ཡུལ་དངོས་རེ་རེ་ལས་མི་རྣམས་ལ་མེ་དོགས་བྱ་རྒྱུ་ནི་ནམ་ཡང་ལྷོད་གཡེང་དུ་གཏོང་མི་རུང་བའི་གནད་དོན་གལ་ཆེན་ཞིག་ཡིན་པ་གོ་བསྐོན་སློབ་གསོ་ཐེབས་སྲིད་པ་རེད།།


  • ལེ་ཚན་སྔོན་མ།:ཞུམ་བཅས་རྩོལ་བ་འདོར་བས་ན།། ཕོངས་ལས་ཐར་བ་ཡོད་དམ་ཅི།།
  • ལེ་ཚན་རྗེས་མ།:2016ལོའི་མངར་འབྲས་མེ་ཏོག་བཞད་ཅེས་པའི་སྐབས་བཞི་པའི་མང་ཚོགས་ཐང་ཆེན་ཞབས་བྲོའི་འགྲན་བསྡུར།
  • དོ་སྣང་ཆེ་བའི་རྩོམ།