རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཆུ་ཚད་འཛམ་གླིང་གི་ཨང་དང་པོའི་གྲས་སུ་ཚུད་ཡོད།

སྐལ་ཐུབ་ཀྱིས་བསྒྱུར།        2019-11-13

    ཉེ་ཆར། ཀྲུང་གོའི་ས་རྡོའི་རིག་རྫས་སྲུང་སྐྱོང་རྒྱུད་འཛིན་དང་འཕེལ་རྒྱས་ཀྱི་རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་གྲོས་ཚོགས་ཁྲུང་ཆིང་དུ་འཚོགས་པ་དང་། ཚོགས་ཞུགས་ཀྱི་རྒྱལ་ཕྱི་ནང་གི་ཆེད་རམས་པ་མང་པོས་ཀྲུང་གོའི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཆུ་ཚད་འཛམ་གླིང་གི་ཨང་དང་པོའི་གྲས་སུ་ཚུད་ཟིན་ཞིང་། དེ་སྔོན་གྱི་རིག་རྫས་སྲུང་སྐྱོང་རོགས་སྐྱོར་བྱ་ཡུལ་རྒྱལ་ཁབ་ནས་རོགས་སྐྱོར་བྱེད་མཁན་རྒྱལ་ཁབ་ཏུ་གྱུར་ཡོད་པ་འདོད་པ་རེད། 

   དེ་སྔོན་རྒྱལ་སྤྱིའི་བྲག་རྡོ་ཤུགས་རིག་དང་བྲག་རྡོ་ཨར་ལས་རིག་པའི་སློབ་ཚོགས་གནའ་ཤུལ་སྲུང་སྐྱོང་ཆེད་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། འཇར་པན་ཏ་པན་སློབ་ཆེན་གྱི་སློབ་དཔོན་ཆེན་པོ་ཀུའེ་པིང་ཆིང་པེ་ཡིས་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་ཐད་ལ་ཀྲུང་གོ་ནི་འཛམ་གླིང་གི་ཨང་དང་པོའི་གྲས་སུ་ཚུད་ཡོད། ཀྲུང་གོའི་རིག་གནས་ཤུལ་བཞག་གི་ཐོན་ཁུངས་འབེལ་པོ་ཡིན་པས་རིག་རྫས་སྲུང་སྐྱོང་བྱེད་མཁན་ལ་སྲུང་སྐྱོང་གི་ཉམས་མྱོང་མང་པོ་ཐོབ་ཐུབ་པ་ནི་ཀྲུང་གོའི་ལེགས་ཆ་རེད། ཀྲུང་འཇར་རྒྱལ་ཁབ་གཉིས་ཀྱིས་རིག་རྫས་སྲུང་སྐྱོང་ཁྱབ་ཁོངས་སུ་མཉམ་ལས་དེ་བས་མང་པོ་བྱ་ཆོག་གི་རེད་ཅེས་བཤད་པ་རེད། 

    ཀྲུང་གོའི་རིག་གནས་ཤུལ་བཞག་ཞིབ་འཇུག་ཁང་གི་འགོ་གཙོ་ཚའེ་ཞའོ་མིང་གིས་ཀྲུང་གོས་སྲོལ་རྒྱུན་རྒྱུ་ཆ་ལེགས་སྒྱུར་བྱས་ནས་རིག་རྫས་ཉམས་གསོའི་ཁྲོད་དུ་བེད་སྤྱོད་བཏང་བར་འཛམ་གླིང་ཐོག་གསར་གཏོད་ཀྱི་དོན་སྙིང་ཡོད་པ་རེད། རྡོ་རིགས་རིག་རྫས་སྲུང་སྐྱོང་བྱ་རྒྱུ་ནི་འཛམ་གླིང་རང་བཞིན་གྱི་དཀའ་གནད་ཅིག་ཡིན་ཞིང་། རྒྱལ་ཁབ་ཁ་ཤས་ཀྱིས་རྫས་འགྱུར་རྒྱུ་ཆ་ཡིས་རླུང་ཟད་དང་གས་པའི་རིག་རྫས་ཉམས་གསོ་བྱེད་ཁུལ་བགྱིས་མོད་ལམ་ལྷོང་བྱུང་མེད་པ་རེད། ཀྲུང་གོས་ཁྲེན་ཏེ་སོགས་སུ་རིག་རྫས་རང་དང་གཤིས་མཐུན་གྱི་སྲོལ་རྒྱུན་རྒྱུ་ཆ་སྤྱད་དེ་རིག་རྫས་ཉམས་གསོ་བྱས་ཤིང་། ལོ་ངོ་བཅུ་ཕྲག་རིང་ལ་ལྟ་ཞིབ་ཚད་ལེན་བྱས་ནས་ཕན་འབྲས་ཡག་པོ་ཐོབ་ཡོད། མ་འོངས་པར་རིག་རྫས་སྲུང་སྐྱོང་གི་ལས་གཞི་མང་པོར་བེད་སྤྱོད་གཏང་རྒྱུ་ཡིན་ཞེས་གསུངས་པ་རེད།

   རྒྱལ་ཁབ་རིག་རྫས་ཅུས་རིག་རྫས་སྲུང་སྐྱོང་དང་གནའ་རྫས་དཔྱད་ཞིབ་ཁང་གི་འགོ་གཙོ་གཞོན་པ་ཀྲང་ལེ་ཡིས་འཛམ་གླིང་གི་ཁྱབ་ཁོངས་སུ་ཀྲུང་གོའི་ས་རྡོའི་རིག་རྫས་སྲུང་སྐྱོང་ལས་ཀར་རྒྱལ་སྤྱིའི་ལས་རིགས་གཅིག་པའི་མོས་མཐུན་ཆེན་པོ་བྱུང་ཡོད་ཅིང་། ཁྱབ་ཁོངས་འདིའི་ནང་དུ་ཀྲུང་གོའི་སྐད་ཆ་བསྒྲགས་དང་སྒྲོག་བཞིན་ཡོད་ཅེས་གསུངས་པ་རེད།།

  • ལེ་ཚན་སྔོན་མ།:ཆོས་དབྱིངས་སྐྱིད་ཀྱིས་ཡང་བསྐྱར་རྒྱལ་སྤྱིའི་ཨང་དང་པོ་བླངས་འདུག
  • ལེ་ཚན་རྗེས་མ།:རང་རྒྱལ་གྱི་རིག་གནས་ཤུལ་བཞག་སྲུང་སྐྱོང་ཆུ་ཚད་འཛམ་གླིང་གི་ཨང་དང་པོའི་གྲས་སུ་ཚུད་ཡོད།
  • དོ་སྣང་ཆེ་བའི་རྩོམ།