གསར་འགྱུར་གནད་བསྡུས།

        2019-11-11

   * ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན། ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཞའོ་ཡིའུ་ཚའེ་ཡིས2019ལོའི་དཀར་མཛེས་ཁུལ་ཐོན་ཁུངས་དོ་དམ་ཨུ་ལྷན་གྱི་ཚང་འཛོམས་གྲོས་ཚོགས་གཙོ་འགན་བཞེས་ནས། 2019ལོའི་སྤྱི་ཟླ་དང་པོ་ནས་སྤྱི་ཟླ་དགུ་པའི་བར་ཁུལ་ཡོངས་ཀྱི་གཙོ་གནད་ཐོན་ཁུངས་དོ་དམ་ལས་ཀའི་གནས་ཚུལ་གྱི་སྙན་ཞུ་ལ་གསན་ཏེ། འབྲེལ་ཡོད་མཛེས་ལྗོངས་ཁུལ་གྱི་ཐོན་ཁུངས་གསར་སྤེལ་དང་བརྒྱད་ཟིལ་རྫོང་གི་ཐུན་མོང་ཚོང་ཟོག་ནགས་སའི་གཉེར་སྐྱོང་དབང་ཆ་འཁོར་རྒྱུག་བྱ་རྒྱུ་སོགས་ཀྱི་འབྲེལ་ཡོད་ལས་ཀར་གྲོས་ཞིབ་བྱས་པ་རེད།

   * ཉེ་ཆར། དཀར་མཛེས་ཁུལ་གྱི2019ལོའི་དབུལ་ཐར་འགག་སྒྲོལ་ལ་རོགས་རམ་བྱེད་པའི་ཡུལ་དངོས་སུ་སྐུལ་འདེད་ཚོགས་འདུ་དཔལ་ཡུལ་རྫོང་དུ་འཚོགས་པ་རེད། ཁུལ་ཨུའི་རྒྱུན་ཨུ། དྲུང་ཡིག་ཆེན་མོ། ཁུལ་ཐད་གཏོགས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི། སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སྐལ་བཟང་གིས་ཡིག་ཐོག་གསུང་བཤད་གནང་ནས་ཁུལ་ཡོངས་ཀྱི་མང་ཚོགས་ཚོགས་པས་སྒྲིག་འཛུགས་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་མཛུབ་ཁྲིད་བྱས་ནས་འགན་འཁྲི་ནན་པོ་དང་འགན་འཁྲི་ཏན་ཏིག་འཁུར་བ་དང་། སྤྲོ་དགའ་སྔ་བས་ཆེ་བར་བརྟེན་ནས་དབུལ་ཐར་འགག་སྒྲོལ་གྱི་ལས་ཀའི་ནང་ཞུགས་ཏེ་དབུལ་ཐར་འགག་སྒྲོལ་རྒྱལ་ཁ་ཕུ་ཐག་ཆོད་པར་སྐུལ་འདེད་གཏོང་བ་རེད།

   * ཉེ་ཆར། ཁུལ་ཡོངས་ཀྱི་གྲོང་ཁྱེར་དང་ཡུལ་ཤོག﹙ཁྲོམ་ལམ་དང་འདུས་སྡེ་ཁུལ﹚གི་གཞི་རིམ་ཏང་འཛུགས་སྐྱོང་ལས་ཀའི་སྐུལ་འདེད་ཚོགས་འདུ་དང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་། འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་བརྗོད་དོན་གཙོ་བོའི་སློབ་གསོའི་སྐུལ་འདེད་ཚོགས་འདུ། ནུས་མེད་ཟབ་ཟོབ་ཀྱི་གཞི་རིམ་ཏང་རྩ་འཛུགས་གཅིག་སྡུད་བཅོས་སྒྲིག་གི་སྐུལ་འདེད་ཚོགས་འདུ་བཅས་དར་མདོར་འཚོགས་ཤིང་། ཁུལ་ཨུའི་རྒྱུན་ཨུ། རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡའོ་པིན་གྱིས་ལས་ཀ་ཁག་གསུམ་ལ་བཀོད་སྒྲིག་དང་བླང་བྱ་ཁ་གསལ་བཏོན་ཡོད་པ་རེད།

  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ།
  • ལེ་ཚན་རྗེས་མ།:ཀུ་ཤུའི་སྡོང་པོ་ལས་ཕྱུག་འགྱུར་གྱི་འབྲས་བུ་སྨིན།
  • དོ་སྣང་ཆེ་བའི་རྩོམ།