རང་ཁུལ་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ།

གཡུ་མགོན་དང་ཧོའུ་ཞའོ་ཅིན།        2019-11-11

རང་ཁུལ་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ།

ཁུལ་ཨུའི་ཏང་གི་སློབ་གྲྭ།

རེས་གཉིས་པའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་བའི་གཙོ་དོན་སློབ་གསོ་སྤེལ་བ་ནས་བཟུང་། ཁུལ་ཨུའི་ཏང་གི་སློབ་གྲྭས་ཏང་གི་སློབ་གྲྭའི་འགན་འཁྲི་ནུས་པ་འདོན་སྤེལ་བྱེད་ཅིང་། ལས་དོན་གསུམ་མངོན་གསལ་དུ་སྤེལ་ནས་ཁུལ་ཡོངས་ཀྱི་གཙོ་དོན་སློབ་གསོ་ཟབ་སྤེལ་གཏོང་བར་སྐུལ་འདེད་བཏང་བ་རེད།

ཆེད་དོན་རིགས་པའི་གཞུང་ལུགས་ཟུར་ཁྲིད་བྱས་པ་སྟེ། གཙོ་དོན་སློབ་གསོར་དམིགས་ཏེ་ཐུན་མོང་དུ་སློབ་ཁྲིད་གྲ་སྒྲིག་དང་། སློབ་ཁྲིད་བྱེད་སྟངས་ཀྱི་བསམ་བློ་བརྗེ་རེས་བྱེད་པ་སོགས་ཆེད་དོན་སློབ་ཁྲིད་ཞིབ་འཇུག་གི་བྱེད་སྒོ་སྤེལ་ནས། རིམ་རྩིས་བྱས་ན《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་འགྲེལ》དང་《བསམ་བློའི་ཕུགས་འདུན་དང་དད་སེམས་ནམ་ཡང་མི་འགྱུང་ཞིང་ཐོག་མའི་བསམ་འདུན་དང་འགན་འཁྲི་སེམས་ལ་འཆང་བ》སོགས་རིགས་པའི་གཞུང་ལུགས་ཀྱི་ཆེད་དོན་སྒྲོག་འགྲེལ་དྲིལ་བསྒྲགས་སློབ་ཚན15ལེགས་འགྲུབ་བྱུང་ཡོད། རྐང་འཛིན་དགེ་རྒན7སྐོང་འཐེན་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་སྒྲོག་འགྲེལ་ཚོ་ཆུང་བཙུགས་ནས། སྒོ་ཁར་ཕྱིན་ནས་སློབ་ཁྲིད་བྱེད་པ་དང་གདན་ཞུ་ལྟར་རྫོང་ཁག་སོ་སོར་ཕྱིན་ནས་སློབ་ཁྲིད་བྱས་ཏེ་ཁུལ་ཡོངས་ཀྱི་གཙོ་དོན་སློབ་གསོ་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་བ་རེད། སྤྱི་ཟླ10པའི་ཟླ་མཇུག་བར་སྔོན་རྗེས་སུ་རྟའུ་དང་། ཕྱག་ཕྲེང་། དཔལ་ཡུལ། འདབ་པ་སོགས་རྫོང10དང་ཁུལ་མི་དམངས་ཁྲིམས་ཁང་། ཁུལ་རྡོ་ཐ་སྤྱི་གཉེར་ཁང་། དར་མདོ་གྲོང་ཁྱེར་སྤྱི་བདེ་ཅུས་སོགས་ཁུལ་དང་རྫོང་གི་ལས་ཁུངས་དང་ཁེ་ལས་དོན་ལས་སྡེ་ཚན40ལ་ཕྱིན་ནས་གཙོ་དོན་སློབ་གསོའི་རིགས་པའི་གཞུང་ལུགས་ཀྱི་ཟུར་ཁྲིད་ཐེངས50བྱས་པ་རེད།

གཙོ་དོན་སློབ་གསོའི་གསོ་སྦྱོང་བྱས་པ་སྟེ། རང་ཁུལ་གྱི་གསར་བརྗེའི་རིག་གནས་ཐོན་ཁུངས་སྔོག་འདོན་བྱས་ཏེ་དམར་དམག་གིས་ལྕགས་ཟམ་ཟམ་པ་མྱུར་འཕྲོག་བྱས་པའི་དྲན་གསོ་ཁང་སོགས་སློབ་ཁྲིད་བྱ་ཡུལ30ལྷག་གསར་སྦོལ་བྱས་ནས། 《དམར་དམག་རྒྱང་སྐྱོད་བྱས་པའི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ཁྲོད་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་རྟོགས་ཐུབ་པ་》སོགས་ཆེད་དོན་སློབ་ཁྲིད30ལྷག་གྲུབ་ཡོད། དགེ་རྒན20ལྷག་གསོ་སྦྱོང་གྲ་སྒྲིག་དང་། གསོ་སྦྱོང་གི་འཆར་འགོད་རིགས5གཏན་འབེབས། གཞི་རྩའི་ཐོག་རྒྱལ་ཡོངས་སུ་གསར་བརྗེའི་ཏང་གཤིས་སློབ་གསོ་བྱེད་ས་འཛུགས་སྐྱོང་བཅས་བྱས་ཡོད། སྤྱི་ཟླ10པའི་ཟླ་མཇུག་བར་རིམ་རྩིས་བྱས་ན་གཙོ་དོན་སློབ་གསོའི་འཛིན་གྲྭ40ལྷག་བཙུགས་ཡོད། (དེའི་ནང་ཁུལ་ཕྱི་ཕྱོགས་སུ་གསོ་སྦྱོང་འཛིན་གྲྭ་ཐེངས20ལྷག་བཙུགས་ཡོད)རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པ2000ལྷག་ལ་གསོ་སྦྱོང་བྱས་ཡོད་པ་རེད།

སྲིད་གཙང་གི་ཉེན་བརྡ་གཏོང་བའི་སློབ་གསོ་བྱས་པ་སྟེ། གཙོ་དོན་སློབ་གསོར་དམིགས་ནས་དུས་ཐོག་ཏུ་སྲིད་གཙང་སློབ་གསོའི་འགྲེམས་སྟོན་ཚོམས་ཁང་གི་ནང་དོན་གསར་བརྗེ་བྱས་ནས། ཡུལ་དངོས་སུ་སྒྲོག་འགྲེལ་བྱེད་མཁན་མི2བཀོད་སྒྲིག་དང་། སྒོ་འབྱེད་རང་བཞིན་གྱི་འགྲེམས་སྟོན་བྱས་ཏེ་ཁུལ་ཡོངས་ཀྱི་གཙོ་དོན་སློབ་གསོར་ཞབས་ཞུ་ཧུར་ཐག་བྱས་ཏེ་ཡི་གེ་དང་། པར་རིས་བཤམས་སྟོན། སྒྲིག་འགལ་དང་ཁྲིམས་འགལ་མི་སྣའི་བྱས་ཉེས་འགྱོད་བཤགས་བྱས་པའི་ཟིན་ཐོ་བཤམས་སྟོན། ཉེན་བརྡ་གཏོང་བའི་བརྙན་འཕྲིན་དང་ཁྲིམས་སའི་འདྲི་གཅོད་བརྙན་འབེབས་ལ་ལྟ་བ། ཏང་ཡོན་ལས་བྱེད་པར་རུལ་སུངས་ལ་ངོ་རྒོལ་དང་སྲིད་གཙང་དར་སྤེལ་གཏོང་བའི་ཉེན་བརྡ་སློབ་གསོ་བྱས། སྤྱི་ཟླ10པའི་མཇུག་ལ་སླེབས་དུས་རིམ་རྩིས་ཀྱིས་སྡེ་ཚན21གི་ཏང་ཡོན་ལས་བྱེད་པ་མི་གྲངས1000ལྷག་ལྟ་སྐོར་བྱེད་སར་འོངས་ནས་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པའི་གདེང་འཇོག་ཡག་པོ་ཐོབ་པ་རེད།

ཁུག་རྟ་ལུང་པའི་གྲོང་རྡལ།

གཙོ་དོན་སློབ་གསོ་ཡག་པོ་སྤེལ་ཐུབ་པའི་ཆེད། ཉེ་ཆར། ཁུག་རྟ་ལུང་པའི་གྲོང་རྡལ་གྱིས་འདེམས་བསྐོ་བྱེད་ཁོངས་སོ་སོའི་ཏང་ཡོན་གྱི་དམངས་ཆེན་འཐུས་ཚབ་སྒྲིག་འཛུགས་བྱས་ཏེ་འདེམས་བསྐོ་བྱེད་ཁོངས་སོ་སོར་ཕྱིན་ནས་གཙོ་དོན་སློབ་གསོ་ལག་བསྟར་བྱས་པ་རེད།

འདེམས་བསྐོ་བྱེད་ཁོངས་སོ་སོའི་དམངས་ཆེན་འཐུས་མི་ཀྲི་པུའུ་སོ་སོས་སྒྲིག་འཛུགས་བྱས་པའི་ཏང་གི་སློབ་ཚན་སྦྱོང་བ་དང་འཕྲོད་བསྟེན་ལས་ཀ་སྤེལ་བའི་བྱེད་སྒོའི་ནང་ཞུགས་གང་ཐུབ་བྱས་ནས། གད་སྙིགས་གཙང་འཕྱག་དང་ཆུ་རྐ་གཙང་བཤང་གི་ཁྲོད་དུ་དངོས་སུ་ཞུགས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་མང་ཚོགས་ཀྱི་ཁྲོད་དུ་འོངས་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི་གདོང་ལེན་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་པ་རེད། བྱེད་སྒོའི་ཁྲོད་དམངས་ཆེན་འཐུས་མིས་ད་དུང་མང་ཚོགས་ཀྱི་དཀའ་ངལ་དང་གཏུག་བཤེར་གྱི་གནད་དོན་བསྡུ་ལེན་བྱེད་གང་ཐུབ་བྱས་ཏེ་མི་དམངས་ཀྱིས་ང་རང་འཐུས་མིར་བདམས་ན་ངས་མི་དམངས་ཀྱི་ཆེད་དུ་བྱ་བ་བསྒྲུབ་དགོས་པའི་དམ་བཅའ་ལག་ལེན་བྱས་པ་རེད།

གསེར་ཐར་རྫོང་སྙན་ལུང་ཡུལ་ཤོག

ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་མཐར་ཕྱིན་བསྟར་བ་དང་། གསར་བརྗེའི་རྒན་རབས་པ་རྣམས་ལ་རྗེས་དྲན་དང་གསར་བརྗེའི་སྙིང་སྟོབས་དར་སྤེལ་གཏོང་བ། རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་རྣམས་ཀྱིས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱེད་ཆེད། ཉེ་ཆར། གསེར་ཐར་རྫོང་སྙན་ལུང་ཡུལ་ཤོག་གི་འགན་འཛིན་པས་ཏང་ཡོན་ལས་བྱེད་པའི་སྣེ་ཁྲིད་དེ་མཚོ་སྔོན་ཞིང་ཆེན་པདྨ་རྫོང་གྲུབ་ཆེན་ཡུལ་ཤོག་དང་རྔ་བ་ཁུལ་འཛམ་ཐང་རྫོང་རྡོ་སྟོད་ཡུལ་ཤོག་གི་ཏང་ཡོན་ལས་བྱེད་པ་དང་མཉམ་དུ་མཚོ་སྔོན་ཞིང་ཆེན་དམར་དམག་སྙིང་སྟོབས་དར་སྤེལ་ལྟེ་གནས་པདྨ་རྫོང་དམར་དམག་ལུང་པར་“ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་བརྟན་པོ་འཆང་ཞེས་པའི་གཙོ་དོན་སློབ་གསོ་སྤེལ་བ་རེད།

གཙོ་དོན་སློབ་གསོའི་ཁྲོད་དམག་གཞས་མཉམ་ལེན་དང་ཏང་ནང་ཞུགས་པའི་མནའ་ཚིག་བསྐྱར་སྦྱོང་བྱེད་ཅིང་། དམར་དམག་རྒྱང་སྐྱོད་ལམ་དུ་བསྐྱར་བགྲོད་དང་གསར་བརྗེའི་སློབ་གསོའི་ལྟེ་གནས་སུ་ལྟ་སྐོར། དེ་བཞིན་བཞུགས་མོལ་ཚོགས་འདུ་འཚོགས་པ་བཅས་གཞི་རྒྱ་ཕུན་སུམ་ཚོགས་པའི་སྒོ་ནས་ཕན་ཚུན་ཆ་འཕྲིན་མཉམ་རོལ་དང་། ཐོན་ཁུངས་མཉམ་རོལ། མཉམ་ལས་མཉམ་རོགས་བཅས་བྱས་པར་བརྒྱུད། ལས་བྱེད་པས་ལས་ཀ་མང་ཙམ་སྒྲུབ་པ་དང་མང་ཚོགས་ཀྱི་འགྲོ་རྒྱུག་ཉུང་ཙམ་བྱེད་པའི་སྤྱི་ཚོགས་ཁོར་ཡུག་ཅིག་ཆགས་པ་རེད། ཏང་ཡོན་ལས་བྱེད་པས་ཀྱག་ཀྱོག་གི་རི་ལམ་དེད་དེ་དམར་དམག་གི་ལོ་རྒྱུས་འཚོལ་རྟོགས་བྱས་ཤིང་། གསར་བརྗེའི་རྒན་རབས་པའི་བཞུད་ལམ་ལ་ཕྱིར་རྟོགས་དང་དམར་དམག་གི་སྐབས་དེའི་གསར་བརྗེའི་ལས་ཀའི་དཀའ་སྡུག་ལ་དྲན་གསོ་ཞུས་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་སླར་གསོ་བྱས་པ་རེད།

མཚོ་སྔོན་ཞིང་ཆེན་རྒྱང་སྐྱོད་སྙིང་སྟོབས་རྒྱུད་འཛིན་ལྟེ་གནས་སུ་ཏང་ཡོན་ལས་བྱེད་པ་རྣམས་དྲན་གསོ་ཁང་དུ་ཕྱིན་ཏེ། པར་རིས་དང་བཤམས་སྟོན་དངོས་རྫས་ལ་རིམ་པ་བཞིན་ལྟ་སྐབས་དམར་དམག་གི་སྙིང་རུས་དང་ལོ་ཟླ་དེར་ཕྱིར་དྲན་བྱས་ཤིང་། ལོ་རྒྱུས་རང་བཞིན་གྱི་སྙིང་སྟོབས་དེར་བསྐྱར་དུ་མྱོང་རོལ་བྱས། ཏང་ཡོན་ཚོས་དྲན་གསོའི་ཁང་གི་མདུན་ནས་མཉམ་དུ་པར་བླངས་ཤིང་། ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་འཇོག་བྱས་པ་རེད།

ཏང་ཡོན་ཚང་མས་ང་ཚོས་འདས་པའི་ལོ་རྒྱུས་ལ་ཕྱིར་རྟོགས་བྱས་ནས་རྙེད་པར་དཀའ་བའི་དེ་རིང་གི་བདེ་སྐྱིད་འཚོ་བར་དོ་ཁུར་དང་། ཕྱིན་ཆད་ཀྱི་ལས་ཀའི་ཁྲོད། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་ཞིང་། ཏང་གི་དར་ཆ་རླབས་ཆེན་མཐོན་པོར་སྒྲེང་ཞིང་བློ་བརྟན་འགྱུར་མེད་ཀྱིས་དཀའ་བ་ཁྱད་གསོད་དང་ངལ་བ་དང་དུ་ལེན་པའི་དམ་བཅའ་ཕུལ་བ་རེད།

སྙན་ལུང་ཡུལ་ཤོག་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་དཔོན་ཚེ་རིང་ཨ་ཁོ་ཡིས་གསེར་ཐར་དུ་ཐོན་རྗེས། ང་ཚོས་ངེས་པར་དུ་བྱ་བའི་ཁྲོད་གསར་བརྗེ་རྒན་རབས་རྣམས་ཀྱི་སྙིང་སྟོབས་དར་སྤེལ་དང་། གསེར་ཐར་གྱི་མ་འོངས་པའི་མདུན་ལམ་གྱི་ཆེད་དུ་ང་ཚོས་འབད་བརྩོན་ལྷོད་མེད་བྱ་ངེས་ཡིན་ལ། མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བར་བཅངས་པའི་རེ་སྙེག་དང་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་ཆེན་ཡོང་བར་བརྩོན་པ་ཆུ་བོའི་རྒྱུན་བཞིན་བསྟེན་ངེས་ཡིན་ཞེས་བཤད་པ་རེད།།

  • ལེ་ཚན་སྔོན་མ།:ལི་ཐང་རྫོང་ཁྲིམས་ཁང་གིས་སྐད་འཕྲིན་ཐོག་ཁྲིམས་ར་འཚོགས་ནས་གྱོད་གཞི་འདྲི་གཅོད་བྱས་པར་བསྔགས་བརྗོད་ཐོབ་པ།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།