མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

    ཀྲུང་དབྱང་རླུང་འཕྲིན་ལས་ཁུངས།    2019-11-07

     ཟླ༡༡པའི་ཚེས༤ཉིན་ཟི་ལིང་ནས།  གསར་འགོད་པར་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་སྐོང་འཚོགས་བྱས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་གསལ།  《མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ》ཞེས་པར་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཆོག་མཆན་བཀོད་པ་བརྒྱུད།  སྤྱི་ལོ༢༠༡༩ལོའི་ཟླ༡༡པའི་ཚེས་༡ཉིན་ནས་བཟུང་ལག་ལེན་བསྟར་རྒྱུ་ཡིན་པ་རེད།

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།

           ཡུལ་ཤུལ་རྡོ་བརྐོས་ལ་བྲག་རིས་དང་བྲག་བརྐོས།  མ་ཎི་རྡོ་འབུམ།  རྡོ་པར་རི་མོ་སོགས་རིགས་སྣ་ཚོགས་འདུས་པ་དང་།  མིག་སྔར་ཡུལ་ཤུལ་ཁུལ་དུ་རྡོ་བརྐོས་རིག་གནས་ནང་དོན་ཡིན་པའི་རྒྱལ་ཁབ་རིམ་པའི་གནའ་རྫས་སྲུང་སྐྱོབ་ཚན་པ་༢དང་ཞིང་ཆེན་རིམ་པའི་གནའ་རྫས་སྲུང་སྐྱོབ་ཚན་པ་༡༠ཡོད་ལ།  གཞན་ཡང་གནའ་བོའི་བྲག་རིས་ས་ཚིགས་༢༥དང་པར་རིས་༣༠༠༠ལྷག་གཏན་འཁེལ་བྱས་ཤིང་།  ཡུལ་ཤུལ་ནི་རྒྱལ་ཡོངས་སུ་རྡོ་བརྐོས་རིག་གནས་ཤུལ་བཞག་བརྗོད་བྱ་བྱས་པའི་གནའ་རྫས་སྲུང་སྐྱོབ་ཚན་པ་ཆེས་མང་བའི་ས་ཁུལ་དང་གྲོང་ཁྱེར་རིམ་པའི་སྲིད་འཛིན་ས་ཁུལ་ཞིག་ཡིན་པ་རེད།

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་རྒྱ་ནག་མ་ཎི།

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་རྒྱ་ནག་མ་ཎིའི་ཟུར་ཞིག

           མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧན་སན་ཚུང་གིས།  ཡུལ་ཤུལ་ཁུལ་དུ་རྣམ་པ་མི་གཅིག་པའི་རྡོ་བརྐོས་ཡོད་པས།  དེ་ནི་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་སྲོལ་རྒྱུན་གྱི་ལམ་ནས་ཕྱོགས་གཅིག་ཏུ་མངོན་པའི་ས་ཁུལ་ཡིན་པར་མ་ཟད།  ཁྱབ་རྒྱ་ཆེ་བ་དང་གཞི་ཁྱོན་ཆེ་བ།  དུས་རབས་ཀྱི་བརྒལ་ཚད་ཆེ་བ།  རིག་གནས་ནང་དོན་ཕུན་སུམ་ཚོགས་པ་བཅས་ཡིན་རྐྱེན།  འཇིག་རྟེན་ཐོག་མཐོང་དཀོན་པའི་མཐོ་སྒང་གི་རྡོ་བརྐོས་རིག་གནས་མཛེས་ལྗོངས་སུ་འབོད་ཀྱི་ཡོད་ཅེས་ངོ་སྤྲོད་གནང་བ་རེད།

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་གྱི་བྲག་བརྐོས་ཆོས་ཡིག

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་གྱི་རྡོ་པར་རི་མོ།

           《ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་སྒྲིག་སྲོལ》ཞེས་པར་ལེའུ་ལྔ་དང་དོན་ཚན་ཉེར་དྲུག་ཡོད་ཅིང་། དེ་དག་སྤྱིའི་དོན་ཚན་དང་དོ་དམ་སྲུང་སྐྱོབ།  རྒྱུན་འཛིན་བཀོལ་སྤྱོད།  ཁྲིམས་ལུགས་འགན་འཁྲི།  ཞར་བྱུང་དོན་ཚན་བཅས་སུ་འདུས་ཡོད་པ་རེད།  སྒྲིག་སྲོལ་ནང་རྡོ་བརྐོས་རིག་གནས་ཀྱི་ནང་དོན་ལ་དབྱེ་མཚམས་བྱས་པ་ལས་གཞན་རིམ་ཁག་སྲིད་གཞུང་དང་དོ་དམ་སྡེ་ཁག   འབྲེལ་ཡོད་སྡེ་ཁག་བཅས་ཀྱི་འགན་ཁུར་གཏན་འཁེལ་དང་རིག་དབྱེའི་སྲུང་སྐྱོབ་དོ་དམ་དང་རྡོ་བརྐོས་གནའ་རྫས་ལ་དུས་བཅད་ཞིབ་བཤེར་དང་ཉེན་ཟོན་དཔྱད་དཔོག་གི་ལམ་ལུགས་འཛུགས་དགོས་པ་བཅས་གསལ་སྟོན་བྱས་ཡོད། 

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་གྱི་བྲག་རིས།

མཚོ་སྔོན་ཡུལ་ཤུལ་གྱིས་མཚོ་སྔོན་མཐོ་སྒང་གི་རྡོ་བརྐོས་རིག་གནས་ལ་སྲུང་སྐྱོབ་བྱ་རྒྱུ་རེད།

ཡུལ་ཤུལ་གྱི་བྲག་རིས།

           མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཧན་སན་ཚུང་གིས། སྒྲིག་སྲོལ་འདི་བཟོས་པ་ཡིས་ཡུལ་ཤུལ་གྱི་རྡོ་བརྐོས་རིག་གནས་སྲུང་སྐྱོབ་དོ་དམ་ལ་ཤུགས་སྣོན་དང་རིག་གནས་ལས་དོན་འཕེལ་རྒྱས་ཡག་ཏུ་འགྲོ་བར་སྐུལ་འདེད་ཐེབས་ཏེ།  རྡོ་བརྐོས་རིག་གནས་ནང་འདུས་པའི་ལོ་རྒྱུས་དང་སྒྱུ་རྩལ།  ཚན་རིག་རིན་ཐང་བཅས་ལ་ཞིབ་འཇུག་དང་སྔོག་འདོན་བྱས་ནས་ཕུལ་དུ་བྱུང་བའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་དགོས་མཁོ་བསྐང་ཐུབ་པ་མ་ཟད།  མང་ཚོགས་དང་ལྷག་པར་དུ་ཆོས་དད་མང་ཚོགས་ཀྱི་ཆོས་ལུགས་དད་མོས་དང་རིག་གནས་ཀྱི་དགོས་མཁོ་བསྐང་ནས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་དང་།  དབུལ་སྒྲོལ་འགག་གཏོར་དང་སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་དང་མི་རིགས་མཐུན་སྒྲིལ་གྱི་ཡར་རྒྱས་ལས་དོན་ལ་ཤུགས་སྣོན་རྒྱག་ཐུབ་ཅེས་གསུངས་གནང་བ་རེད།


  • ལེ་ཚན་སྔོན་མ།:ལི་ཁེ་ཆང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སི་ལ་མཇལ་འཕྲད་གནང་།
  • ལེ་ཚན་རྗེས་མ།:པེ་ཅིན་རྒྱལ་སྤྱིའི་བོད་རིག་པའི་དཔྱད་གླེང་གྲོས་ཚོགས་སྐབས་བདུན་པའི་བརྡ་ཐོ་དང་པོ།
  • དོ་སྣང་ཆེ་བའི་རྩོམ།