ཚྭའེ་པའོ་ཧྭས་རང་ཁུལ་དུ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་།

བདེ་སྐྱིད་ཀྱིས་བསྒྱུར།    བདེ་སྐྱིད་ཀྱིས་བསྒྱུར།    2016-12-05

ཟླ་བ11པའི་ཚེས25ནས་ཚེས27ཉིན་གྱི་བར།  ཞིང་ཆེན་ཏང་ཨུའི་རྒྱུན་ཨུ།  འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཚུའེ་པའོ་ཧྭས་དཀར་མཛེས་ཁུལ་གྱིས་ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དགུ་པའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ཚུལ་དང་ནུས་ཤུགས་ཡོད་རྒུས་ད་ལོར་མཇུག་བསྡུ་བའི་ལས་དོན་ཁག་ཡག་པོ་བསྒྲུབས་ཚུལ་ལ་བརྟག་དཔྱད་ཞིབ་འཇུག་དང་ལྟ་སྐུལ་ཁྲིད་སྟོན་གནང་སྐབས། ཏང་ནན་སྐྱོང་བྱ་རྒྱུར་སྐུལ་འདེད་གཏང་རྒྱུ་དེ་ལས་ཀ་ཡག་པོ་བསྒྲུབ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ནུས་ཤུགས་ཡོད་རྒུས་དཀར་ཁུལ་གྱི་མཛེས་བསྒྱུར་བཅོས་དང་འཕེལ་རྒྱས་བརྟན་བརླང་གི་རྣམ་པ་གསར་པ་ཞིག་གཏོད་དགོས་ཞེས་གསུངས་པ་རེད།

དར་མདོ་གྲོང་ཁྱེར་ཝ་ཁྲལ་ཤང་རྫོང་ཞབས་གྲོང་སྡེ་དང་འགག་པ་ཤང་མགོ་བཏགས་སྨད་པ་གྲོང་སྡེར་ཕེབས་སྐབས་ཚུའེ་པའོ་ཧྭས་དབུལ་པོའི་དུད་ཚང་ཚོར་སྲིང་བལ་ཉལ་ཆས་དང་དགུན་ལྭ།  འབྲས།  བཟའ་སྣུམ་སོགས་འཚོ་བའི་མཁོ་ཆས་བཅས་སྟེར་བར་མ་ཟད།  ཁོ་ཚོའི་འཚོ་བའི་གནས་ཚུལ་དང་ལས་ཞུགས་གནས་ཚུལ། དབུལ་ཐར་བྱེད་ཐབས་བཅས་ལ་རྒྱུས་ལོན་ཞིབ་ཕྲ་གནང་ནས་ཁོ་ཚོར་གནས་སྐབས་ཀྱི་དཀའ་ངལ་ཁྱད་བསད་དང་ཐབས་ཤེས་ཡོད་རྒུ་ཡོང་འབབ་འཕར་སྣོན་བཏང་ནས་འཚོ་བ་ཇེ་ཡག་རོལ་རྒྱུའི་སྐུལ་སློང་གནང་བ་རེད།

ཚུའེ་པའོ་ཧྭས་དཀར་མཛེས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་ཀའི་སྙན་སེང་ལ་གསན་འཇོག་གནང་རྗེས། དཀར་མཛེས་ཁུལ་གྱི་ལས་དོན་སོ་སོའི་གྲུབ་འབྲས་དང་ལྷག་པར་དུ་དཔལ་འབྱོར་འཕེལ་རྒྱས་དང་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་དངོས་དང་། བརྟན་ལྷིང་གི་འཕེལ་ཕྱོགས་བཟང་པོ་དང་དེ་བཞིན་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་པའི་ཉམས་འགྱུར་བཅས་ལ་ཁས་ལེན་གནང་བ་རེད།

ཚུའེ་པའོ་ཧྭས་ནན་གསུང་གནང་དོན།  ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་བྱེད་སྐབས། དཀར་མཛེས་ཁུལ་ཀྱི་ལས་ཀའི་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ།  དཀར་མཛེས་ཁུལ་གྱི་དུས་རིམ་རང་བཞིན་གྱི་ཁྱད་ཆོས། འཕེལ་རྒྱས་ཀྱི་ཆ་རྐྱེན།  གནས་པའི་དཀའ་ངལ་ལ་གདེང་ཚོད་གནད་ལ་འཁེལ་བ་དང་། ནན་ཏན་གྱིས་ཐབས་ཇུས་བཀོད་ནས་འདུ་ཤེས་བཞི་སྔར་བས་ཇེ་དྲག་དང་ཏང་ལ་བློ་དཀར་ཟོལ་མེད་དང་འགན་འཁྲི་ཁུར་ཕོད་པ་བཅས་བྱས་ནས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏང་དགོས།། 


  • ལེ་ཚན་སྔོན་མ།:ཡེ་ཤེས་ཟླ་བས་ལྕགས་ཟམ་རྫོང་དུ་དབུལ་ཐར་འགག་སྒྲོལ་གྱི་ལས་ཀར་ལྟ་སྐུལ་ཞིབ་བཤེར་གནང་།
  • ལེ་ཚན་རྗེས་མ།:ཉག་རོང་རྫོང་རིག་གནས་ཡུལ་སྐོར་རྒྱང་བསྒྲགས་བརྙན་འཕྲིན་ཅུས་ཀྱིས་གྲོང་བརྡལ་དུ་ཕྱིན་ནས་རིག་རྩལ་འཁྲབ་སྟོན་བྱས།།
  • དོ་སྣང་ཆེ་བའི་རྩོམ།