འཆི་མེད་རྡོ་རྗེས་རང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་འགོ་ཚུགས།

མཁས་གྲུབ་ཀྱིས་བསྒྱུར།        2019-10-30

   སྤྱི་ཟླ10ཚེས28ཉིན། སི་ཁྲོན་ཞིང་ཨུའི་དྲིལ་བསྒྲགས་པུའུ་ཡིས་གཉེར་བའི“ཆེས་བཟང་བའི་འབད་འཐབ་པ”བློ་མཐུན་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་ཀྱི་སྙན་ཞུའི་ཚོགས་འདུ་ཐེངས་དང་པོ་དེ་སི་ཁྲོན་སློབ་ཆེན་དུ་འཚོགས་པ་རེད།

འཆི་མེད་རྡོ་རྗེས་རང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་འགོ་ཚུགས།

འབྱུང་འགྱུར་གྱི་ཉིན10ལྷག་གི་རིང་ལ་སྙན་ཞུ་ཚོགས་པས་གློག་རྡུལ་ཚན་རྩལ་སློབ་ཆེན་དང་། སི་ཁྲོན་དགེ་འོས་སློབ་ཆེན། ཀྲུང་གོ་འཛུགས་སྐྲུན་ཅུས་གསུམ་པའི་ནུབ་རྒྱུད་མ་འཇོག་ཚད་ཡོད་སྤྱི་གཉེར་ཁང་། ཞིང་ཆེན་གཞུང་ཁོངས་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ལྷན། ཀོང་ཡོན་གྲོང་ཁྱེར། མན་དབྱང་གྲོང་ཁྱེར། ཏེ་དབྱང་གྲོང་ཁྱེར་སོགས་སུ་བསྐྱོད་དེ་འཆི་མེད་རྡོ་རྗེའི་སྔོན་ཐོན་བྱས་རྗེས་དང་བླ་ན་མེད་པའི་སྙིང་སྟོབས་སྒྲོག་འགྲེལ་བྱ་རྒྱུ་རེད།

འཆི་མེད་རྡོ་རྗེས་རང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་འགོ་ཚུགས།

    སྙན་ཞུའི་ཚོགས་འདུ་ཐོག་འཆི་མེད་རྡོ་རྗེ་དང་དཀར་མཛེས་ཁུལ་སྦྲག་སྲིད་ཡན་ལག་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི། གཉེར་དཔོན་ལི་ཤན་ཧྭ། འཆི་མེད་རྡོ་རྗེ་ཡི་བུ་བཀྲ་ཤིས་ཚེ་དབང་། དཀར་མཛེས་ཁུལ་གཞུང་ལམ་དོ་དམ་དར་མདོའི་ཡན་ལག་ཅུས་ཀྱི་ལས་བཟོ་ཙེང་ཧྲོང་ཆོན། ཀྲུང་གོ་སྦྲག་སྲིད་ཚོགས་པ་སི་ཁྲོན་ཞིང་ཆེན་ཡན་ལག་སྤྱི་གཉེར་གཞུང་ལས་ཁང་གི་དྲུང་ཡིག་ཧོ་ཡན་ཧྭ་སོགས་སྙན་ཞུ་ཚོགས་པའི་ཁོངས་མི5ཡིས་སྔ་རྗེས་སུ་རང་ཉིད་དང་ལས་རོགས། བུ་ཕྲུག  གྲོགས་པོ་སོགས་ཀྱི་ཐད་ནས་གནས་ཚུལ་གསལ་སྒྲོག་དང་། དེ་བཞིན་རང་གི་མྱོང་བ་དང་མི་སེམས་འགུལ་བའི་བྱས་རྗེས་སོགས་གསོན་ཉམས་དོད་པའི་ངང་གཏམ་བཤད་བྱས་པ་རེད།

འཆི་མེད་རྡོ་རྗེས་རང་གི་སྔོན་ཐོན་བྱས་རྗེས་སྙན་ཞུ་འབུལ་འགོ་ཚུགས།

  • ལེ་ཚན་སྔོན་མ།:གཙོ་དོན་སློབ་གསོ་གཏིང་ཟབ་མོའི་ཕྱོགས་སུ་སྐུལ་འདེད་ནན་པོ་གཏོང་།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།