དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཏང་གི་བྱེད་སྒོ་འདི་ལྟར་སྤེལ།

ནོར་བུས།        2019-10-29

  སྤྱི་ཟླ10པའི་ཚེས25ཉིན། དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་པར། འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་བརྗོད་དོན་གཙོར་བྱས་ཀྱི་ཏང་གི་བྱེད་སྒོ་སྤེལ་བ་སྟེ། ཏང་ཀྲི་པུའུ་ཡི་ཁོངས་མི་ཡོངས་ལྕགས་ཟམ་ཁའི་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱེད་པའི་དྲན་གསོ་ཁང་དུ་སོང་ནས་ཏང་ཡོན་རྣམས་ཀྱིས་ཏང་ནང་ཞུགས་པའི་དམ་བཅའ་འཇོག་པ་དང་། ལྕགས་ཟམ་རྫོང་ཨུ་དང་རྫོང་སྲིད་གཞུང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་བཅས་ཀྱིས་གཙོར་གཉེར་བྱས་པའི་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱེད་པ་ཞེས་པའི་རྒྱང་སྐྱོད་ཀྱི་དངོས་ཉམས་དོད་པའི་ཟློས་གར་ཆེན་མོར་བལྟས་པ། དེ་བཞིན་དམར་དམག་གིས་ལྕགས་ཟམ་མྱུར་འཕྲོག་བྱེད་པའི་དྲན་གསོ་ཁང་དུ་ལྟ་སྐོར་སོགས་བྱས་པ་རེད།

དཀར་མཛེས་ཉིན་རེའི་ཚགས་པར་ཁང་གིས་ཏང་གི་བྱེད་སྒོ་འདི་ལྟར་སྤེལ།






  • ལེ་ཚན་སྔོན་མ།:གངས་ལྗོངས་མཐོ་སྒང་དུ་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་བཞད།
  • ལེ་ཚན་རྗེས་མ།:ཞའོ་ཡིའུ་ཚའེ་ཡིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐོར་འདི་ལྟར་གསུངས།
  • དོ་སྣང་ཆེ་བའི་རྩོམ།