གནམ་གྱི་ཕྱེད་ཀ་འདེགས་པའི་མི་བུ་ཞིག

ཀུན་དབང་དང་གཡུ་མགོན་གྱིས་བསྒྱུར།        2019-10-23

  

གནམ་གྱི་ཕྱེད་ཀ་འདེགས་པའི་མི་བུ་ཞིག

བདེ་འཇགས་སྐོར་སྐྱོད་བྱེད་ལམ་དུ་འབྲོག་པའི་གནས་ཚུལ་རྒྱུས་ལོན་བྱེད་བཞིན་པ།

 ལོ་ན40ལོན་པའི་གེགས་ཐར་ནི་གསེར་ཐར་རྫོང་གི་རིམ་པ་གསུམ་པའི་བོད་རིགས་ཉེན་རྟོག་པ་ཞིག་ཡིན། ད་ལྟ་སྙི་སྟོད་གྲོང་གི་གྲོང་དཔོན་དང་ཉེན་རྟོག་པའི་སའོ་ཀྲང་གི་འགན་བཞེས་ནས་ཡོད། སྤྱི་ལོ2018ལོར་སི་ཁྲོན་ཞིང་ཆེན་གྱི་ཕུལ་བྱུང་གི་མི་དམངས་ཉེན་རྟོག་པ་དང་།  2018ལོར་ཁུལ་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་ཐོག་མའི་གངས་ལྗོངས་སྲུང་དམག་བཅུའི་མཚན་བྱང་ཐོབ། 2018ལོར་སི་ཁྲོན་ཞིང་ཆེན་གྱི་སི་ཁྲོན་མི་བཟང་ཞེས་པའི་མཚན་བྱང་ཐོབ། 2019ལོར་དཀར་མཛེས་ཁུལ་སྐབས་དྲུག་པའི་ངལ་རྩོལ་དཔེ་བཟང་མི་སྣའི་མཚན་བྱང་ཐོབ། ད་ལྟ་གསེར་ཐར་རྫོང་སྙི་སྟོད་གྲོང་གྲོང་དཔོན་དང་མངག་གཏོང་ཁང་གི་སའོ་ཀྲང་གི་འགན་བཞེས་ཡོད། སྙི་སྟོད་གྲོང་ནི་གསེར་ཐར་རྫོང་གི་མཚོ་འཕགས་ཆེས་མཐོ་ཤོས་དང་ཆ་རྐྱེན་ཆེས་སྡུག་ཤོས། སྤྱི་ཚོགས་རྙོག་འཛིང་ཆེས་ཆེ་སའི་ཡུལ་གྲོང་གྲས་ཀྱི་ཅིག་ཤོས་ཡིན། གསེར་ཐར་རྫོང་ནས་སྤྱི་ལེ135ཡི་ས་མཚམས་སུ་ཆགས་ཡོད་ཅིང་། མངའ་ཁོངས་འདིའི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ1026དང་མཐོ་ཚད་སྨི4200ཡོད། མིང་དོན་མཚུངས་པའི་རྙོག་འཛིང་གི་འཐབ་ར་ཞིག་གོ  གེགས་ཐར་ནི་གནམ་གྱི་ཕྱེད་ཀ་འདེགས་མཁན་གྱི་མི་བུ་ཞིག་གི་འགན་འཁྲི་དང་དུ་བླངས་ཡོད།

   2003ལོའི་ཟླ་བ5པར་བྱ་བའི་ནང་དུ་ཞུགས་ཤིང་། གེགས་ཐར་ནི་གཞི་རིམ་ས་ཁུལ་གྱི་མི་དམངས་ཉེན་རྟོག་པ་ཞིག་ཡིན་ལ། ཆ་སྙོམས་ཀྱི་མཐོ་ཚད་སྨི4200ཅན་གྱི་རྙོག་འཛིང་གི་འཐབ་ར་རུ་ལས་གནས་བརྟན་སྲུང་བྱས་ཏེ་བགྲང་བྱ་བརྒྱད་ལ་ཟིན་ཡོད། དེ་ལས་ཀྱི་གལ་ཆེ་བ་ནི། ཁོ་བོའི་བགྲང་བྱ་བཅུ་གསུམ་གྱི་ཉེན་རྟོག་བྱ་བའི་ཁྲོད། ལས་ཀ་རེ་རེ་བཞིན་མཚར་ལོངས་ཀྱི་གོ་རིམ་ཅན་གྱི་དཔེ་སྟོན་གྱི་བརྙན་རིས་ཞིག་སྟེ།ང་ལ་སྙི་སྟོད་དུ་ཕ་མ་མང་ཞིང་། ཡན་ལག་དབང་སྐྱོན་བྱུང་བའི་རྒན་རྒོན་རྣམས་ལ་གཙང་སྦྲ་བྱ་རྒྱུ་དང་ཆུ་ལེན་རྒྱུ། འཚོ་བའི་ཐད་ཀྱི་གནད་དོན་འགའ་རེ་ཐག་གཅོད་བྱེད་ཀྱིན་ཡོད་ལ། དེ་ནི་ང་རང་གི་སྙི་སྟོད་ཀྱི་ཕ་མ་རྣམས་ལ་བསྒྲུབ་འོས་པའི་སྲི་ཞུ་ཡིན།  སྙི་སྟོད་ནི་ངའི་ཁྱིམ་ཡིན་ལ། ང་རང་ཁྱིམ་གཞིས་ཆེན་མོ་འདི་ཡི་བུ་ཕྲུག་ཡིན། འདི་ནི་གེགས་ཐར་གྱི་དུས་རྒྱུན་བཤད་པའི་སྐད་ཆ་དང་བྱ་བའི་རྩ་དོན་ཡང་ཡིན།

     གེགས་ཐར་ནི་ངོ་མཚར་མི་སྣ་ཞིག་མིན་རུང་། ཁོ་ནི་ངོ་མཚར་བའི་གཏམ་རྒྱུད་ཀྱིས་ཕྱུག་པའི་མི་བུ་ཞིག་ཡིན། ས་གནས་འདིའི་མི་ཞིག་ཡིན་པའི་ཆ་ནས། ས་གནས་འདིའི་ཡུལ་སྲོལ་དང་མང་ཚོགས་ལས་དོན་ལ་ཆ་ཡོད་རྒྱུས་ཡོད་ཡིན། དེ་དང་ཆབས་ཅིག་ཏུ། གནས་འདིའི་ཡོད་ཚད་ལ་དགའ་ཞིང་དུངས། འདི་ནི་གེགས་ཐར་གྱི་སྙི་སྟོད་དུ་བྱ་བ་གཉེར་བའི་རྒྱུ་རྐྱེན་ཡང་ཡིན།  2005ལོར་གསར་དུ་ཉེན་རྟོག་བྱ་བར་ཞུགས་མ་ཐག་ནས་རྩྭ་ཐང་གི་སྲུང་དམག་ཞིག་གི་གོ་ཐོབ་ཀྱི་ངོས་ནས། སྙི་སྟོད་ཡུལ་ཚོའི་མངགས་གཏོང་ཁང་དུ་བྱ་བ་གཉེར། ལོ་གཅིག་ཙམ་གྱི་རྗེས་ནས་སྙི་སྟོད་ཡུལ་ཚོའི་མངག་གཏོང་ཁང་གི་སའོ་ཀྲང་གཞོན་པའི་འགན་བཞེས་པ་དང་།  དེའི་རྗེས་སུ་ལས་ཀའི་ཉམས་མྱོང་ཕུན་སུམ་ཚོགས་པས་ལས་གནས་གཞན་དུ་གནས་སྐབས་རིང་བརྗེ་སྤོར་བྱས་ཀྱང་། 2010ལོར་སླར་ཡང་སྙི་སྟོད་ཡུལ་ཚོ་རུ་ལོག་དགོས་བྱུང་། གཟབ་ནན་གྱི་ལས་ཀ་བསྒྲབ་སྟངས་དང་ཕུན་སུམ་ཚོགས་པའི་ཉམས་མྱོང་བརྒྱུད། སྙི་སྟོད་ཡུལ་ཚོའི་མངག་གཏོང་ཁང་གི་སའོ་ཀྲང་གི་འགན་བཞེས།  2012ལོར་མང་ཚོགས་དང་རྩ་འཛུགས་ཀྱི་ཡིད་ཆེས་ལ་བརྟེན་ནས། བསྐྱར་དུ་སྙི་སྟོད་ཡུལ་ཚོའི་ཡུལ་དཔོན་དང་མངག་གཏོང་ཁང་གི་སའོ་ཀྲང་གི་འགན་དང་དུ་བླངས།  2016ལོའི་ཟླ་བ6པར་སྙི་སྟོད་ཡུལ་ཚོ་དེ་ཡུལ་གྲོང་དུ་བསྒྱུར་བ་དང་ལྷན་དུ། གྲོང་དཔོན་དང་སའོ་ཀྲང་གི་ལས་འགན་བཞེས།

གནམ་གྱི་ཕྱེད་ཀ་འདེགས་པའི་མི་བུ་ཞིག

རླངས་འཁོར་ལ་དཔང་ཡིག་ཡོད་མེད་ལྟ་ཞིབ་བྱེད་བཞིན་པ།

     སྙི་སྟོད་གྲོང་གི་བགྲང་བྱ་བརྒྱད་ཀྱི་བྱ་བའི་གོ་རིམ་ཁྲོད། འགན་གཉིས་ཕྲག་ཏུ་བླངས་ཤིང་། མི་དམངས་མང་ཚོགས་ཀྱི་དགོས་མཁོའི་ཆེད་དུ། 2012ལོའི་ཟླ་བ3པའི་ཚེས23ཉིན་མེ་མདས་མི་བསད་ཀྱི་གྱོད་དོན་བརྟོལ་བ་དང་། དུས་ཐོག་ཏུ་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་ཁྲིད་དེ། རྩད་གཅོད་བརྡ་འདེད་དང་གོ་རིག་རྟོག་གསུམ་ཡོད་པའི་མི་སྣར་རྩར་གཅོད་བྱས་པར་བརྒྱུད།  དོགས་ཡོད་ཉེས་ཅན་གྱི་དམིགས་འབེན་གྱི་ཁྱབ་ཁོངས་སུ་ཇེ་ཆུང་དུ་བཏང་། གདུག་རྩུབ་ཆེ་ཞིང་གནམ་ལྕག་ཐོག་དང་འདྲ་བའི་མེ་མདའ་ལག་ཏུ་ཐོག་མཁན་གྱི་ཁེས་མིང་ཅན་ལ་གདོང་གཏད་པར། གེགས་ཐར་གྱི་ཞུམ་པ་སྤུ་ཙམ་མེད་པར་དཔའ་མཛངས་རྟུལ་ཕོད་དང་བཅས་གདོང་མཆོང་གནང་། དོགས་ཡོད་ཉེས་ཅན་གྱི་མེ་མདའ་ལག་ཏུ་བླངས་མ་ཐག ཐད་ཀར་གདོང་ཐུག་བྱས་པར་བརྟེན། དུས་ཐོག་ཏུ་དོགས་ཡོད་ཉེས་ཅན་ལ་ཚོད་འཛིན་བྱེད་ཐུབ་པར་གྱུར་ཅིང་། དོན་དག་རྙོག་འཛིང་ཅན་དང་མི་བསད་ཁྲག་བཞུར་གྱི་དོན་རྐྱེན་ལས་གཡོལ་ཐུབ་པ་བྱུང་བས། གྱོད་དོན་འདི་རྒྱལ་ཁའི་ངང་བརྟོལ་ཐུབ་པ་དང་། མེ་མདའ་གཅིག་དང་མདེའུ27གོང་ལེན་བྱས། 2016ལོའི་ཟླ་བ་དང་པོའི་ཚེས6ཉིན་གྱི་གྱོད་དོན་ནི་ཁྱིམ་དུ་ཇག་པ་ཐོན་པའི་གྱོད་དོན་ཞིག་ཡིན་ལ། 2017ལོའི་ཟླ་བ2པའི་ཚེས18ཉིན་གྱི་གྱོད་དོན་ནི་སྒོ་ཟོག་རྐུན་མས་དེད་པའི་གྱོད་དོན་ཞིག  གྱོད་དོན་འདི་གཉིས་རྩད་གཅོད་བྱེད་པའི་གོ་རིམ་ཁྲོད། གེགས་ཐར་ནི་སའོ་ཀྲང་ཡིན་པའི་ཆ་ནས། གྱོད་དོན་ལས་གཉེར་མཁན་དང་ལྷན་དུ་ཉིན་མཚན་མེད་པར་དབྱེ་ཞིབ་དང་རྩར་གཅོད་བྱས་ཤིང་།  མ་གཞི་ལུས་ལ་ནད་བཞི་ཡོད་ཐོག་དུས་རྒྱུན་མཚན་གང་བོར་ལས་སྣོན་བྱས་པས། བདེ་ཐང་གི་གནས་སྟངས་ཇེ་ངན་ཇེ་སྡུག་ཏུ་ཕྱིན། ཁོང་དང་མཉམ་དུ་གྱོད་དོན་རྩར་གཅོད་བྱེད་མཁན་གྱིས་ངལ་གསོ་གནང་བར་སྐུལ་མ་གཏོང་ཡང་། གེགས་ཐར་ནི་བྱ་བ་ཞིག་གི་མགོ་བརྩམས་པ་ན། མ་འགྲུབ་བར་དུ་རྒྱུན་མ་བསྐྱངས་ཚེ་བློ་བདེ་ལ་འབབ་མི་ཐུབ་པའི་མི་ཞིག་ཡིན་པས། སྤྱི་ལོ2017ལོའི་ཟླ་བ2པའི་ཚེས18ཉིན་ཟོག་རྐུན་གྱོད་དོན་རྩད་ཆོད་བྱུང་རྗེས། ནད་གཞི་མང་ཞིང་ལས་ཀ་བསྒྲུབ་ཡུན་རིང་བར་བརྟེན་ཐད་ཀ་རང་ས་རུ་ས་ལ་འགྱེལ།  མ་གཞི་གཟུགས་སྟོབས་ཆེ་བའི་ང་ལ་མཚོན་ན། རང་གི་ལུས་་ཕུང་ནི་རྡོ་དང་འདྲ་བར་འདོད་ཀྱང་། དེ་རིང་ས་རུ་འགྱེལ་སོང་ཞེས་པ་འདི་ནི་གེགས་ཐར་གྱིས2017ལོའི་ཟླ3པའི་ཚེས24ཉིན་སྐད་འཕྲིན་བར་སྟོང་དུ་སྤེལ་བའི་སྐད་ཆ་ཞིག་ཡིན། 2017ལོའི་ཟླ་བ3པའི་ཚེས24ཉིན་ཁོང་གི་ཁྲིང་ཏུའུ་རུ་སྨན་བཅོས་བྱས་ཀྱང་དུས་རྒྱུན་མཚོ་འཕགས་མཐོ་ས་རུ་ལས་ཀ་གཉེར་བ་དང་། དེའི་ཁར་ལས་ཚེགས་ཆེ་ཞིང་གནམ་གཤིས་གྲང་བའི་ཤན་ཤུགས་ཀྱིས་ཁོང་གི་རྐང་པའི་རུས་ཚིགས་དང་པུས་མོ་སོགས་ནད་གཞི་ཚབས་ཆེན་གྱིས་ཟིན་ཚར་བས་གཤགས་བཅོས་མ་བྱས་ཀ་མེད་དུ་གྱུར། ཡིན་ཡང་འཐབ་གྲོགས་དང་ཁྱིམ་མི་སེམས་ཁུར་ལ་གདོང་གཏད་དེ། དགོད་ཞོར་དུ་སྐྱོན་མི་འདུག སྨན་བཅོས་ཙམ་གནང་བས་ཆོག་ཅེས་ཟེར། གཤགས་བཅོས་བྱས་རྗེས་ཀྱི་ཉིན15ཡི་རྗེས་སུ། གེགས་ཐར་སྔར་བཞིན་ལས་གནས་སུ་ཕྱིན་པ་དང་། ལུས་སེམས་གཉིས་ཀ་སྔར་བཞིན་བྱ་བའི་ཁྲོད་དུ་བསྟིམ།

     2018ལོའི་ཟླ་བ5པ་ནི། སྙི་སྟོད་གྲོང་དབྱར་རྩྭ་བརྐོ་བའི་དུས་ཚིགས་ཡིན། སྐབས་དེར་སྙི་སྟོད་གྲོང་དུ་ཁ་བ་འབབ་ཀྱིན་ཡོད་ཅིང་། དབྱར་རྩྭ་བརྐོ་ཡུལ་གྱི་ས་གནས་དག་གི་གནམ་གཤིས་ཀྱི་འགྱུར་ལྡོག་ལ་ཆ་འཇོག་ཅི་ཡང་མེད། གེགས་ཐར་གྱི་ནད་གཞིར་གཤགས་བཅོས་གནང་ཡང་སངས་དྲག་ཏུ་ཕྱིན་མེད་ཀྱང་། སྙི་སྟོད་གྲོང་གི་སྡེ་ཐོག་ཏུ་སྐབས་སྡོད་བྱ་དགོས་པའི་ལས་སྒྲུབ་ཚོ་ཆུང་ཞིག་གི་གྲས་སུ་ཞུགས་ཤིང་། དཀའ་ངལ་ཆེ་བའི་དོ་དམ་ཞབས་ཞུའི་ལས་ཀའི་ཁྲོད། ལས་གྲོགས་དག་གིས་ཁོའི་ནད་གཞི་བསྐྱར་འཕར་འབྱུང་བར་སེམས་ཁུར་དང་བཅས་མངག་གཏོང་ཁང་དུ་སྡོད་པར་སྐུལ་མ་གནང་ཡང་། གེགས་ཐར་གྱིས་ཐེངས་འདིའི་ལས་ཀའི་སྐོར་ལ་རང་ཉིད་ལ་ཆ་རྒྱུས་ཡོད་པས། སྔར་ལས་ཀྱང་ལས་གྲོགས་དག་དང་མཉམ་དུ་ས་ཚིགས་གཅིག་ཏུ་ལས་གནས་བརྟན་སྲུང་བྱེད་རྒྱུའི་འདུན་པ་འགོག་མེད་དུ་སྐྱེས་ཤིང་། ནད་གཞི་ལ་རྐྱེན་བྱས་ཏེ་ཕྱི་བཤོལ་བྱ་འདོད་མེད་པས་ལས་གྲོགས་དག་ལ་ནད་གཞི་སངས་དྲག་ཏུ་ཕྱིན་འདུག་ཅེས་བཤད།  དེའི་རྗེས་སུ། གེགས་ཐར་དང་འཐབ་གྲོགས་དག་ཐབས་ཆག་གི་གུར་ནང་དུ་གངས་ཆུ་བཏུང་ནས་ཟླ་ངོ་གཉིས་ལྷག་འགོར། ལས་གྲོགས་དག་གིས་དུས་རྒྱུན་དུ་ཁོ་ལ་ཆུ་སེར་གྱི་ནད་གཞི་ཡོད་པས་མཚན་གང་བོར་ཕར་ལོག་ཚུར་ལོག་བྱས་ཏེ་མི་འདོད་ནད་ཀྱི་གདུང་བ་སེལ་བར་བྱེད་བཞིན་པའི་རྣམ་པ་མཐོང་བ་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན། དཔའ་ངར་ཞུམ་པ་མེད་པའི་གེགས་ཐར་ལགས་ཀྱི་ཟླ་ངོ་གཉིས་རིང་གི་ལས་ཀ་མཇུག་དྲིལ། དེའི་རིང་ལ་དབྱར་རྩྭ་བརྐོ་ཡུལ་དུ་དོན་རྐྱེན་སྣ་གཅིག་ཀྱང་མ་བྱུང་། ཡིན་ནའང་གེགས་ཐར་དང་ཁོང་གི་ལས་གྲོགས་དག་གི་ངོ་གདོང་ཇེ་ནག་དང་ལུས་ཟུང་ཇེ་སྐམ་དུ་ཕྱིན་འདུག ཁོས་ཁ་མཚར་དང་བཅས་ཆུ་སེར་དང་ཁ་བ་གཉིས་ནི་གཟུགས་ཕུང་ཇེ་སྐམ་དུ་འགྲོ་བའི་སྨན་མཆོག་ལྟ་བུ་ཞིག་རེད་ཅེས་ཟེར།

     གནས་འདིར། ཁོང་ནི་སའོ་ཀྲང་དང་གྲོང་དཔོན་གཉིས་ཀྱི་འགན་ཡོད་པས། ཁོས་སྙི་སྟོད་གྲོང་དུ་ངེས་པར་དུ་མང་ཚོགས་རྣམས་ལ་སྣེ་ཁྲིད་བྱས་ཏེ། གཞུང་ལམ་དང་སྡོད་ཁང་འཛུགས་སྐྲུན་དང་། ཐུན་མོང་གི་དཔལ་འབྱོར་འཕེལ་རྒྱས་གཏོང་བར་བྱ་དགོས་ལ། ཕྱུག་འགྱུར་དང་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན་གཏོང་བའི་གོ་རིམ་ཁྲོད་མང་ཚོགས་གཅིག་ཀྱང་མ་ལུས་པར་བྱེད་པ་ནི། ཁོའི་ཉིན་མཚན་དབྱེར་མེད་སེམས་སུ་བཅིངས་བའི་འདུན་མ་ཉག་གཅིག་ཡིན།

    ཉེ་བའི་ལོ་འདི་དག་གི་རིང་། ཁྲིམས་ལྟར་ཁྲིམས་འགལ་གྱི་སྦྱོར་བར་རྡུང་རྡེག་གནང་བ་དང་། ཁྲིམས་ཀྱི་དབང་དྲག་ཏུ་མངོན་པར་བྱས་ཏེ། སྙི་སྟོད་གྲོང་ཐབས་ལམ་འདྲ་མིན་བརྒྱུད། བློ་བརྟན་འགྱུར་མེད་ཀྱིས་ཁྲིམས་ལྟར་རྡུང་རྡེག་བྱེད་པའི་ཆེད་དོན་བཅོས་སྐྱོང་གི་འཐབ་རྩོད་སྤེལ་བ་དང་། ཧུར་ཐག་གིས་ཁྲིམས་སྐྱོང་གི་ཁོར་ཡུག་ཆགས་པ་དང་མང་ཚོགས་རྒྱབ་སྐྱོར་ཐོབ་པར་བྱས་པས། མངོན་གསལ་དོད་པོའི་གྲོང་ཁུལ་གྱི་ཁྲིམས་སྐྱོང་ལས་ཀར་ཕན་ནུས་བླ་ན་མེད་པ་ཐོན་ཅིང་། གྲོང་ཁུལ་ཡོངས་ཀྱི་སྤྱི་ཚོགས་བདེ་འཇགས་བརྟན་བརླིང་སྲུང་སྐྱོབ་ཐོབ་པར་བྱས།  ཉེ་བའི་ལོ་ངོ་གསུམ་ཙམ་གྱི་རིང་ལ། གྱོད་དོན་སྣ49རྩད་གཅོད་བྱུང་བ་དང་། གྱོད་དོན་རྩད་ཆོད་ཀྱི་ཚད་བརྒྱ་ཆ96ལ་ཐོན། ཁྲིམས་འགལ་གྱི་འཁོར་ནག20དང་གྲི་མཚོན100ལྷག་གོང་ལེན་བྱས་པས།  ནག་འཇོམས་ངན་སེལ་ཆེད་དོན་འཐབ་རྩོད་ཀྱི་ལས་ཀར་ཕན་འབྲས་མངོན་གསལ་དོད་པོ་ཐོབ་བྱུང་།  བོའུ་སྡུད་ཞི་སྐྱོང་གི་ཆེད་དོན་ལས་འགུལ་ཐེངས16ལ་སྤེལ་བ་དང་། མེ་མདའ120དང་མདེའུ900ལྷག་གོང་ལེན་བྱས།  སྡེ་བ་རེ་རེ་དང་ཁྱིམ་ཚང་རེ་རེ་བཞིན་བོའུ་སྡུད་ཞི་སྐྱོང་གི་འགན་ལེན་ཡི་གེ5000ལྷག་ལ་མིང་རྟགས་འགོད་དུ་བཅུག་པ་དང་། གྱོད་དོན16རྒྱལ་ཁའི་ངང་འདུམ་འགྲིག་གནང་བ་དང་། གྱོད་དོན་འབྱུང་ཉེན་ཅན་དང་མང་ཚོགས་ཀྱི་ཡིད་ཚིམས་ཚད་ཀྱང་མངོན་གསལ་དོད་པོའི་སྒོས་ཇེ་ཡག་སུ་ཕྱིན་ཡོད་དོ།། 


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྲུང་གོའི་རྡོ་སྣུམ་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་དུ་ཕེབས་ནས་མཉམ་ལས་དོན་དག་གྲོས་མོལ་གནང་།
  • ལེ་ཚན་རྗེས་མ།:འདབ་པའི་ཉི་སྟེན་གྱི་སྟོན་ཉམས།
  • དོ་སྣང་ཆེ་བའི་རྩོམ།