ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྲུང་གོའི་རྡོ་སྣུམ་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་དུ་ཕེབས་ནས་མཉམ་ལས་དོན་དག་གྲོས་མོལ་གནང་།

    ལྷ་འཛོམས་ཀྱིས་བསྒྱུར།    2019-10-23

  

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྲུང་གོའི་རྡོ་སྣུམ་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་དུ་ཕེབས་ནས་མཉམ་ལས་དོན་དག་གྲོས་མོལ་གནང་།

   སྤྱི་ཟླ10པའི་ཚེས18ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་དུ་ཕེབས་ནས་སྤྱི་གཉེར་ཁང་གི་སྤྱི་དཔོན་ལིའུ་ཅན་མིང་དང་སྤྱི་གཉེར་ཁང་གི་ཏང་ཨུའི་ཧྲུའུ་ཅི་སུན་ཞའོ་ཀང་བཅས་དང་བཞུགས་མོལ་གནང་བ་རེད། ཕྱོགས་གཉིས་ཀས་ཅི་འདྲ་བྱས་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བའི་ཐད་ལ་གྲོས་མོལ་བྱས་པ་རེད།

    གྲོས་མོལ་གནང་སྐབས་ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་རྣམ་གཉིས་ཀྱིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གིས་ཚབ་ཞུས་ནས་ཡུན་རིང་པོར་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་གིས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ལ་རྒྱབ་སྐྱོར་དང་རོགས་རམ་མཛད་པར་བཀའ་དྲིན་ཆེ་ཞུས་པ་དང་ད་དུང་ཁག་བགོས་ནས་རང་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད། ཕྱོགས་གཉིས་ཀས་ཅི་འདྲ་བྱས་ནས་མཉམ་ལས་བྱེད་ཤུགས་ཆེ་རུ་གཏོང་བ་དང་འབྲེལ་ཡོད་དྲྭ་ཚུགས་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ། ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་དཀར་མཛེས་ཁུལ་གྱི་ས་ཁོངས་ཡོངས་སུ་ཡུལ་སྐོར་འཕེལ་རྒྱས་གཏོང་བ་སོགས་ལ་ཞབས་འདེགས་དེ་བས་ཡག་པོ་ཞུ་རྒྱུ་སོགས་ཀྱི་ཐད་གྲོས་མོལ་གཏིང་ཟབ་བྱས་ནས་ངོས་འཛིན་གཅིག་མཐུན་ཡོང་བ་རེད།

    ལིའུ་ཅན་མིང་གིས་ཀྲུང་གོའི་རྡོ་སྣུམ་རང་བྱུང་སོལ་རླངས་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་སི་ཁྲོན་ཉོ་ཚོང་ཡན་ལག་སྤྱི་གཉེར་ཁང་གི་ཚབ་མཛད་དེ་ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་དང་བཅས་པར་དགའ་བསུ་ཞུ་བ་དང་དཀར་མཛེས་ཁུལ་གྱི་ཉེ་བའི་ལོ་འགའི་ནང་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཐད་གྲུབ་འབྲས་ཐོབ་པར་དགའ་སྟོན་རྟེན་འབྲེལ་ཞུ་བ་རེད། ཁོང་གིས་དཀར་མཛེས་ཁུལ་གྱིས་དུས་ཡུན་རིང་པོར་སྤྱི་གཉེར་ཁང་ལ་རྒྱབ་སྐྱོར་གནང་བ་ལ་བཀའ་དྲིན་ཆེ་ཞུས་པ་དང་། དཀར་མཛེས་ཁུལ་དང་མཉམ་ལས་སྤེལ་རེས་བྱ་རྒྱུར་ཤུགས་སྔ་ལས་ལྷག་པར་བརྒྱབ་ནས་དཀར་མཛེས་བོད་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ས་ཁོངས་ཡོངས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་བྱས་རྗེས་དེ་བས་ཆེན་པོ་གཞག་གང་ཐུབ་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།། 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་ས་ཆ་འདི་སི་ཁྲོན་གྱི་གནའ་གྲོང་ཆེས་ཡག་ཤོས་སུ་བདམས་འདུག
  • ལེ་ཚན་རྗེས་མ།:གནམ་གྱི་ཕྱེད་ཀ་འདེགས་པའི་མི་བུ་ཞིག
  • དོ་སྣང་ཆེ་བའི་རྩོམ།