རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།

ཡེ་མིང་གིས་བསྒྱུར།        2019-10-18

    ཞིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་སྤྱི་ཟླ10པའི་ཚེས11ཉིན་འབྱོར་བའི་གཏམ་གསར། མཚོ་བོད་མཐོ་སྒང་ལ་དུས་སྐབས་ཤིག་གི་ནང“འཕུར་སྐྱོད་ཀྱི་བཀག་སྡོམ་ཁུལ”ཞེས་བརྗོད་པ་ནི་མཁའ་དབུགས་ཆེན་པོ་ཁྲོད་ཐད་འཕུར་གནམ་གྲུ་གཏང་དགོས་ན་དཀའ་ཚེགས་ཧ་ཅང་ཆེན་པོ་ཡོད་པའི་གནས་ལུགས་མཚོན་པ་ཡིན་ཞིང་། ད་ཆ་དཀའ་སྤྱད་སྦྱོང་བརྡར་བྱས་ནས་བོད་རིགས་གཞོན་ནུ་ཚན་པ་དང་པོས་དམངས་སྤྱོད་ཐད་འཕུར་གནམ་གྲུ་བཏང་ནས་ཇོ་མོ་གླང་མའི་སྒར་ས་ཆེན་མོར་བསྐྱོད་དང་སྐྱོད་བཞིན་ཡོད་པ་རེད།

རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།

    རྒྱལ་རབ་ཡེ་ཤེས་ནི་བོད་ལྗོངས་འདམ་གཞུང་རྫོང་གི་འབྲོག་པའི་ཁྱིམ་ཚང་དབུལ་པོ་ཞིག་ནས་ཡོང་བའི་བུ་མོ་ཞིག་ཡིན་པ་རེད། ད་བར་དུ་སློབ་གྲྭར་འགྲིམ་པར་ཕུད་ཁ་མོའི་འཚོ་བ་ནི་ཁྱིམ་ནང་གི་ནོར་ལུག་འཚོ་བ་དང་། བལ་འབྲེག་པ། མར་དཀྲོག་པ་བཅས་ལ་གཞིགས་ནས་འབྲོག་པ་ཕལ་བའི་འཚོ་བ་རོལ་མྱོང་བ་རེད། མོ་ཡིས་ཤོག་བུའི་གནམ་གྲུ་བཟོ་རྒྱུར་དགའ་པོ་ཡོད་པར་བརྟེན། རྩྭ་ཐང་ཐོག་རླུང་ལ་བརྟེན་ནས་འཕུར་དུ་བཅུག་པའི་གོམས་གཤིས་ཆགས་ཤིང་། “ཉིན་ཞིག་ངས་ཁྱོད་ཚོ་ཁྲིད་ནས་ནམ་མཁའ་ནས་ང་ཚོའི་རྩྭ་ཐང་ལ་ལྟ་རུ་འཇུག་རྒྱུ་ཡིན”ཞེས་མོ་ཆུང་དུས་ཆིག་ལབ་བརྒྱབ་ནས་བཤད་པའི་སྐད་ཆ་དེས་མོ་དང་ནམ་མཁའི་བར་ལས་འབྲེལ་ཆགས་པ་རེད། འོན་ཀྱང་རྒྱལ་རབ་ཡེ་ཤེས་ལ་རང་ཉིད་ཀྱི་ཕུགས་འདུན་མངོན་འགྱུར་ཐུབ་ནས་འཕུར་སྐྱོད་པ་ངོ་མ་ཞིག་ཏུ་འགྱུར་བ་ནི་བསམ་ཡང་ཕོད་མ་མྱོང་བ་ཞིག་རེད།

    2016ལོར་ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པར་སློབ་སྦྱོང་བྱེད་བཞིན་པའི་རྒྱལ་རབ་ཡེ་ཤེས་ལ་ལས་སྐལ་འགྱུར་ལྡོག་གཏོང་བའི་ཁ་པར་ཞིག་འབྱོར་ནས་སྤྱི་གཉེར་ཁང་ཞིག་གིས་ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོའི་ཁྱིམ་ཚང་ཁྲོད་ནས་འཕུར་སྐྱོད་པ་བདམས་རྒྱུ་ཡིན་པས་ཁོ་མོ་ངོ་རྒྱུགས་ནང་ཞུགས་དགོས་ཟེར་བས། “ངས་རང་ཉིད་ཀྱི་རྣ་བར་ཡིད་མ་ཆེས་པར་འཕུར་སྐྱོད་པའི་གསོ་སྦྱོང་གི་འགྲོ་གྲོན་མཐོ་ལ། གོ་སྐབས་ཡག་པོ་འདི་འདྲ་ང་ལ་ཐོབ་ག་ལ་སྲིད་ཅེས་ལན་བཏབ་པ་ཡིན”ཞེས་རྒྱལ་རབ་ཡེ་ཤེས་ཀྱིས་མྱོང་ཚོར་ཟབ་མོ་ཡོད་པའི་སྒོ་ནས་དེ་ལྟར་བཤད།

རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།
རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།

    རྒྱལ་རབ་ཡེ་ཤེས་ལ་ཕུགས་འདུན་མངོན་འགྱུར་བྱེད་རོགས་བྱེད་མཁན་ནི་ཅང་སུའུ་རུའོ་ཨར་ཀུན་སྤྱོད་མཁའ་འགྲུལ་འཕེལ་རྒྱས་ཚོགས་པ་དང་ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་མཉམ་དུ་མ་དངུལ་བཏང་ནས་བཙུགས་པའི་ལྷ་ས་གངས་རྒོད་ཀུན་སྤྱོད་མཁའ་འགྲུལ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་ཡིན་ཞིང་། སྤྱི་གཉེར་ཁང་དེས་གཙོ་བོ་བབ་བསྟུན་རོགས་སྐྱོབ་དང་སྨན་བཅོས་སྲོག་སྐྱོབ། ཁོར་ཡུག་སྲུང་སྐྱོང་། མཁའ་དབྱིངས་ནས་ལྟ་སྐོར། ལམ་ཐུང་སྐྱེལ་འདྲེན་སོགས་ཀྱི་ལས་སྒོ་སྤེལ་དགོས་པ་རེད། ཡིག་ཚགས་བྱང་བུ་བཟོས་པའི་དུད་ཚང་དབུལ་པོ་དབུལ་ཐར་ཐུབ་རྒྱུར་སྐུལ་ཁྲིད་བྱ་ཆེད། སྤྱི་གཉེར་ཁང་གིས་ཐེམ་ཁུངས་ལྷ་ས་ནས་ཡིན་པའི་དབུལ་སྐྱོར་གནད་སྨིན་བྱ་ཡུལ་གྱི་བུ་ཕྲུག་ཁྲོད་ནས་འཕུར་སྐྱོད་པ16དང་གནམ་གྲུའི་ལས་དོན་པ12ལས་ཀར་བཅུག་པ་དང་འབྲེལ་རུའོ་ཨར་མཁའ་འགྲུལ་སུའུ་ཀྲོའུ་རྟེན་གཞིས་གསོ་སྦྱོང་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།

རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།
རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།
རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།

    རིགས་པའི་གཞུང་ལུགས་ཀྱི་སློབ་ཚན་བཅུ་ལྷག་ཙམ་སློབ་སྦྱོང་བྱེད་པ་ཕུད་ཆུ་ཚོད་བརྒྱ་ཕྲག་གི་ཚད་གཞི་མཐོ་བའི་སྦྱོང་བརྡར་བྱས་པར་བརྒྱུད་རྒྱལ་རབ་ཡེ་ཤེས་ཀྱིས་ལོ་གཅིག་གི་དུས་ཚོད་སྤྱད་དེ་འཕུར་སྐྱོད་ཀྱི་རྩལ་ནུས་ཁོང་དུ་ཆུད་ནས་ཚོང་སྤྱོད་ཐད་འཕུར་གནམ་གྲུ་གཏོང་ཆོག་པའི་ལག་ཁྱེར་བླངས་པ་རེད། རྒྱལ་རབ་ཡེ་ཤེས་ཀྱིས“འཕུར་སྐྱོད་པ་ཞིག་གསོ་སྐྱོང་བྱེད་པའི་མ་རྩ་ཧ་ཅང་མཐོ་ལ། མི་རེར་སྒོར་ཁྲི་བརྒྱ་ལྷག་ཙམ་གྱི་གསོ་སྦྱོང་གྲོན་དངུལ་ཚང་མ་སྲིད་གཞུང་དང་ཁེ་ལས་ཀྱིས་འགན་འཁུར་བཞིན་ཡོད་པ་རེད། འདིས་ང་དང་ངའི་ཁྱིམ་ཚང་གི་ལས་དབང་ལ་འགྱུར་ལྡོག་བཏང་སོང”ཞེས་བརྗོད་པ་དང་། “ཐེངས་ཤིག་ངས་ཐད་འཕུར་གནམ་གྲུ་བཏང་ནས་འདམ་གཞུང་དུ་ལས་འགན་སྒྲུབ་པར་སྐྱོད་སྐབས་ཡུལ་མི་ཚོས་ང་ནི་གནམ་སྔོན་པོར་འཕུར་བའི་ལྷ་མོ་དང་འདམ་གཞུང་གི་ཡིད་སྨོན་བྱེད་རིན་ཡོད་པ་བུ་མོ་རེད་ཅེས་བསྔགས་བརྗོད་བྱེད་ཀྱི་འདུག”ཅེས་བཤད་པ་རེད།

  • ལེ་ཚན་སྔོན་མ།:མཚོ་སྔོན་སོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་པ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་ནས་དམག་དཔུང་གི་མི་སྣ་ཁག་ཅིག་དང་མཇལ་འཕྲད་གནང་བ།
  • དོ་སྣང་ཆེ་བའི་རྩོམ།