མཚོ་སྔོན་སོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-10-17

མཚོ་སྔོན་དང་ཀོང་ཞི། ཀོང་ཏུང་ཉེན་རྟོག་ཕྱོགས་ཀྱིས་མཉམ་འབྲེལ་ཐོག་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ཚོགས་པ་ཞིག་གི་གྱོད་གཞི་ཚབས་ཆེན་རྩད་ཆོད་བྱུང་།

མཚོ་སྔོན་སོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་པ།

མཚོ་སྔོན་གསེར་ཆེན་རྫོང་སྤྱི་བདེ་ཅུས་ཀྱིས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་དང་མཚོ་ལྷོ་ཁུལ་སྤྱི་བདེ་ཅུས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་འོག་མྱུལ་ཞིབ་ཞིབ་ཚགས་དང་དཀའ་སྤྱད་ངང་དཔང་རྟགས་བསྡུ་ལེན་བྱས་པ་བརྒྱུད། ཀོང་ཞི་དང་ཀོང་ཏུང་ཞིང་ཆེན་གཉིས་སུ་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི68.5ཟིན་པའི་གློག་འཕྲིན་མགོ་སྐོར་གྱི་གྱོད་གཞི་ཚབས་ཆེན་ཞིག་རྩད་ཆོད་པ་དང་། མཱ་ཆེ་གེ་མོས་གཙོ་བྱས་པའི་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་པ་མ་ཟད། ཟླ10བའི་ཚེས11ཉིན་གྱི་དགོང་མོ་ཀོང་ཞི་ནས་ཚོགས་པ་དེའི་ཁོངས་མི་འཛིན་བཟུང་བྱས་ནས་ཁྲིམས་ལ་སྦྱར། 

མཚོ་སྔོན་སོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་པ།

དོགས་ཡོད་ཉེས་ཅན་དག་བཟུང་ནས་ཕྱིར་མཚོ་སྔོན་དུ་ལོག་པ།


ཟླ9བའི་ཚེས11ཉིན། གསེར་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཆེན་ལ་གནོད་འཚེ་ཕོག་མཁན་ཅེ་ཆེ་གེ་མོས(ཀུང་སི་ག་གེ་མོ་ཞིག་གི་ནོར་དོན་མི་སྣ)གྱོད་དོན་སྙན་སེང་ཞུས་པ་དང་། ཁོས་ཉིན་དེའི་ཆུ་ཚོད14ཙམ་ལ། ལས་རོགས་མི་སྣ“པོ་ཨན་འཛུགས་སྐྲུན་ལས་དོན་ཚོགས་པ”ཞེས་པའིQQཚོགས་པ་ཞིག་གི་ནང་དུ་བཅུག་པ་མ་ཟད། ཚོགས་པའི་ནང་སྦྱིན་བདག་ཡིན་ཁུལ་བྱེད་མཁན་ཞིག་གིས་རྣམ་གྲངས་ཀྱི་གན་རྒྱ་ག་གེ་མོའི་གཏའ་དངུལ་སྒོར་ཁྲི68.5ཕྱིར་སློག་ནས་དངུལ་ཁོངས་སུ་རྒྱག་དགོས་པའི་རེ་བ་བཏོན་པ་དང་།  ཅེ་ཆེ་གེ་མོས་ཞིབ་དཔྱད་མ་བྱས་པར་གན་རྒྱའི་གཏའ་དངུལ་དངུལ་ཁོངས་སུ་བརྒྱབ་རྗེས་མགོ་སྐོར་ཐེབས་སོང་བ་ཤེས་ནས་འཕྲལ་མར་ཉེན་བརྡ་བཏང་བ་རེད། 

མཚོ་སྔོན་སོགས་ཀྱིས་དྲ་རྒྱའི་མགོ་སྐོར་ཚོགས་པ་ཆེན་པོ་ཞིག་རྩད་ཆོད་པ།

དོགས་ཡོད་ཉེས་ཅན་དག་བཟུང་ནས་ཕྱིར་མཚོ་སྔོན་དུ་ལོག་པ།

ཉེན་རྟོག་པར་ཉེན་བརྡ་འབྱོར་རྗེས། གསེར་ཆེན་རྫོང་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་དང་དྲ་ལམ་བདེ་འཇགས་ཉེན་རྟོག་རུ་ཆེན་གྱིས་འཕྲལ་མར་མཉམ་སྡེབ་དམག་འཐབ་དང་གཅིག་གྱུར་སྒོས་བཀོད་འདོམས་བྱས་ཏེ་གྱོད་གཞི་དེའི་དོགས་ཡོད་ཉེས་ཅན་གཙོ་བོ་གཏན་འཁེལ་བྱས་པ་དང་། འཕྲལ་མར་གྱོད་སྒྲུབ་མི་དམངས་ཉེན་རྟོག་པ་ཀོང་ཞི་དང་ཀོང་ཏུང་ཞིང་ཆེན་གཉིས་སུ་བསྐྱོད་ནས་ཟླ་གཅིག་ལྷག་ཙམ་རིང་མྱུལ་ཞིབ་དང་དཔང་རྟགས་ལེན་པའི་ལས་དོན་སྤེལ་ཞིང་། ཀོང་ཞི་དང་ཀོང་ཏུང་གི་ཉེན་རྟོག་ཕྱོགས་དང་གཞོགས་འདེགས་དམ་ཟབ་བྱས་པ་བརྒྱུད་ས་ཆ་མང་པོ་དང་ལམ་ཐག་རིང་པོར་བསྐྱོད་དེ་སྔ་རྗེས་སུ་དོགས་ཡོད་ཉེས་ཅན4འཛིན་བཟུང་བྱས་པ་དང་། གྱོད་འབྲེལ་གློག་ཀླད་ཀྱི་གཙོ་འཁོར1དང་གློག་ཀླད3 ལག་ཁྱེར་ཁ་པར13 དངུལ་བྱང5 དྲ་སྦྲེལ་ཆས1བཅས་གཞུང་བཞེས་བྱས་པར་མ་ཟད།  གྱོད་གཞི་དང་འབྲེལ་བ་ཡོད་པའི་མ་དངུལ་སྒོར་ཁྲི30ཙམ་བསྡམས་བཅད་བྱས། དོགས་ཡོད་ཉེས་ཅན་ཟླ10བའི་ཚེས11ཉིན་གྱི་དགོང་མོར་འཛིན་བཟུང་བྱས་ནས་མཚོ་སྔོན་དུ་ཁྲིད་ཡོང་བ་རེད།

  • ལེ་ཚན་སྔོན་མ།:རྒྱ་བོད་ཤན་སྦྱར་ཐ་སྙད་བཀས་བཅད་ཚིག་མཛོད་འགྲེམ་སྤེལ་བྱས།
  • ལེ་ཚན་རྗེས་མ།:རྒྱལ་རབ་ཡེ་ཤེས་བོད་རིགས་འབྲོག་མོ་ ནས་འཕུར་སྐྱོད་པར་གྱུར།
  • དོ་སྣང་ཆེ་བའི་རྩོམ།