རང་ཁུལ་གྱི་ས་གནས་ཁག་དང་སྡེ་ཁག་སོ་སོས་གཙོ་དོན་སློབ་གསོའི་བྱེད་སྒོ་ཏན་ཏིག་སྤེལ།

དབྱངས་ཅན་དང་ཀུན་དགས་བསྒྱུར།        2019-10-16

    ཁུལ་ཨུའི་མང་ཚོགས་ལས་དོན་ཨུ་ལྷན།

    ཉེ་ཆར་ཁུལ་ཨུའི་མང་ཚོགས་ལས་དོན་ཨུ་ལྷན་གྱིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་ཞེས་པའི་གཙོ་དོན་སློབ་གསོའི་གཅིག་བསྡུས་སློབ་སྦྱོང་གྲོས་ཚོགས་འཚོགས་པ་རེད།

ཅུས་དེའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་ནས་གཙོ་དོན་སློབ་གསོའི་འབྲེལ་ཡོད་ཡིག་ཆ་བསྐྱར་སྦྱོང་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དྲུང་ཡིག་ཆེན་མོ་གཞོན་པ། རྒྱལ་ཁབ་ཡིག་སྐུར་ངོ་གཏུག་ཅུས་ཀྱི་ཅུས་ཀྲང་སུའུ་ཞའོ་ཆིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཕེང་ཆིན་ཧྭ་དང་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་བཅས་ཀྱིས་གཙོ་དོན་སློབ་གསོའི་འབྲེལ་ཡོད་གསུང་བཤད་ཀྱི་སྙིང་དོན་གལ་ཆེན་དང་ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་ཡི་གཙོ་དོན་སློབ་གསོའི་འབྲེལ་ཡོད་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་བྱས་པ་རེད། བསྐྱར་སྦྱོང་དང་སློབ་སྦྱོང་ནན་ཏན་བྱས་ནས་ལས་བྱེད་པ་དང་ལས་བཟོའི་བསམ་བློའི་ངོས་འཛིན་ཇེ་དྲག་ཏུ་ཕྱིན་པ་དང་། དམངས་དོན་གྱི་འདུ་ཤེས་ཇེ་དྲག་དང་རང་འགུལ་གྱི་བྱ་སྤྱོད་ཇེ་མང་། ལས་སྒྲུབ་རྣམ་འགྱུར་ཡང་དུ་ཇེ་ཡག་ཏུ་ཕྱིན་པ་རེད།

    འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་ནས་ཁ་རྡལ་བྱེད་པ་དང་། ལས་བྱེད་དང་ལས་བཟོས་རེས་མོས་ཁ་རྡལ་བྱེད་པའི་ཐབས་ཤེས་སྤྱད་ནས། ལས་བྱེད་དང་ལས་བཟོ་པས་རང་ཉིད་ཀྱི་ལས་དོན་དང་། བསམ་བློའི་ངོས་འཛིན། ཉེ་འཁོར་གྱི་འགྱུར་ལྡོག་བཅས་དང་འབྲེལ་ནས། བསམ་བློའི་ངོས་འཛིན་དང་མྱོང་ཚོར། མི་འདང་ས་སོགས་གླེང་ནས། གཙོ་དོན་སློབ་གསོས་སྔར་ལས་ལྷག་པ་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་ཚོའི་འདུ་ཤེས་བཞི་ཇེ་དྲག་ཏུ་ཕྱིན་པ་དང་གདེང་ཚོད་བཞི་སྲ་བརྟན་དུ་བཏང་ནས། སྲུང་སྐྱོང་བྱ་རྒྱུ་གཉིས་ཀྱི་ལས་ཀ་བསྒྲུབ་ཐུབ་པ་དང་བསམ་བློའི་སྙིང་སྟོབས་གང་ལེགས་སྐྱོང་ཐུབ་པའི་ངོས་འཛིན་བྱུང་བ་རེད།

    ཁུལ་མི་རིགས་ལས་བྱེད་སློབ་གྲྭ།

    རྒྱལ་སྟོན་དུས་ཆེན་གྱི་སྔོན་དུ་ཁུལ་མི་རིགས་ལས་བྱེད་སློབ་གྲྭའི་ཏང་ཨུའི་ཚོགས་པའི་གྲུབ་མིས་སློབ་གྲྭའི་ཏང་ཡོན་མི་གྲངས20ལྷག་སྣེ་ཁྲིད་ནས་དཀར་མཛེས་རྫོང་དུ་ཕྱིན་ནས། ཆ་སྒྲིག་མཉམ་འཛུགས་བྱ་ཡུལ་དཀར་མཛེས་རྫོང་ཐང་ཁ་ཡུལ་ཤོག་གི་ཏང་ཀྲི་པུའུ་དང་ཟི་ནན་མདའ་གྲོང་སྡེའི་ཏང་ཀྲི་པུའུ་ཡི་ཏང་ཡོན། ཟི་ནན་མདའ་གྲོང་སྡེར་བཅའ་སྡོད་བྱེད་སར་མངགས་པའི་ལས་སྒྲུབ་རུ་ཁག་གི་བློ་མཐུན་གཉིས། རྫོང་དེའི་དབུལ་སྐྱོར་གནས་སྤོ་བྱས་པའི་ཡུལ་མིའི་གྲོང་སྡེ་གསར་པ་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་སོགས་ལ་ཕྱིན་ནས་སྔོན་གཤེགས་དཔའ་བོའི་གསར་བརྗེའི་ལོ་རྒྱུས་ལ་དྲན་གསོ་བྱེད་ཅིང་། ཐོག་མའི་བསམ་འདུན་མི་བརྗེད་ནས་ཏང་གི་རྗེས་སུ་འབྲང་ཞེས་པའི་བརྗོད་དོན་གཙོ་བོའི་ཏང་གི་ཉིན་བྱེད་སྒོ་སྤེལ་བ་རེད།

    དབུལ་སྐྱོར་གནས་སྤོ་ཡུལ་མིའི་གྲོང་སྡེ་གསར་པའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་རྒྱག་ཡུལ་དུ་ཏང་ཡོན་ཡོངས་ཀྱིས་ཏང་ནང་ཞུགས་པའི་མནའ་ཚིག་བསྐྱར་སྦྱོང་བྱས་ཤིང་། དམག་དཔུང་འབུམ་ཤོག་བཅོ་བརྒྱད་པ་བོད་དུ་ཕྱིན་སྐབས་སྡོད་མྱོང་པའི་ས་ཕུག་གི་འདྲ་བཟོ་ལ་ལྟ་སྐོར་བྱས་པ་དང་། སྤྱི་ཁྱབ་དམག་སྤྱི་ཀྲུའུ་ཏེ་དང་དགེ་རྟག་སྤྲུལ་སྐུ་སྐུ་ཕྲེང་ལྔ་པའི་དྲན་གསོ་ཁང་དུ་ཏང་ཡོན་ཚོས་དམར་དམག་རྒྱང་སྐྱོད་བྱེད་སྐབས་དཀར་མཛེས་དུ་བསླེབས་ནས་དགེ་རྟག་སྤྲུལ་སྐུ་དང་མཇལ་འཕྲད་བྱས་མྱོང་པའི་འོད་སྟོང་འབར་བའི་མཛད་རྗེས་ཀྱི་འགྲེམ་སྟོན་དང་། ཀྲུང་གོའི་བཟོ་ཞིང་དམར་དམག་རྒྱང་སྐྱོད་བྱེད་ལམ་གྱི་པར་རིས། དམར་དམག་དཀར་མཛེས་ཁུལ་དུ་སྐྱོད་སྐབས་ཀྱི་ལམ་རིས། དམར་དམག་དཔུང་རུ་བཞི་པའི་ལམ་རིས། དམར་དམག་དཔུང་རུ་གཉིས་པ་དང་བཞི་པའི་དམག་དཔུང་མཉམ་འཛོམས་ཀྱི་པར་རིས། དཀར་མཛེས་ཀྱི་གྲོས་ཚོགས་འཚོགས་པ། རྗེས་ཤུལ་པར་རིས་དང་འབྲེལ་ཡོད་དངོས་རྫས་སོགས་ཀྱི་འགྲེམ་སྟོན་ལ་ལྟ་སྐོར་བྱས་པ་རེད།

    སློབ་གྲྭ་དེའི་རུ་སྣེ་ཁྲིན་མཁན་འགོ་ཁྲིད་ཀྱིས་ཏང་ཡོན་ཡོངས་ལ་ཏང་གི་དགོངས་དོན་དང་གུང་ཁྲན་ཏང་ཡོན་གྱི་འགན་འཁྲི་ཡིད་ལ་བརྟན་པོ་བཅངས་ནས་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེགས་འདོན་ཐུབ་པ་དང་། ཕྱིན་ཆད་ཀྱི་ལས་ཀའི་ཁྲོད་དཀར་མཛེས་ཁུལ་གྱི་མི་རིགས་ལས་བྱེད་པའི་སློབ་གསོའི་སྦྱོང་བརྡར་འཕེལ་རྒྱས་ཡོང་བར་ནུས་ཤུགས་བསྣན་ནས། རང་ཁུལ་གྱི་དབུལ་ཐར་འགག་སྒྲོལ་དང་གྲོང་སྡེ་དར་རྒྱས་གཏོང་བར་བྱས་རྗེས་གཞག་དགོས་ཞེས་བླང་བྱ་བཏོན་པ་རེད།

    དཀར་མཛེས་རྫོང་།

    ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་ཞེས་པའི་གཙོ་དོན་སློབ་གསོའི་ལས་ཀ་སྐུལ་འདེད་ཏན་ཏིག་བཏང་ནས། གཙོ་དོན་སློབ་གསོའི་ལས་ཀ་སྤུས་ཚད་མཐོན་པོའི་ངང་དོན་འཁྱོལ་གཏོང་ཆེད། ཉེ་ཆར། དཀར་མཛེས་རྫོང་གིས་གཙོ་དོན་སློབ་གསོའི་ཁྲིད་སྟོན་ཚོ་ཆུང་གི་གསོ་སྦྱོང་གྲོས་ཚོགས་འཚོགས་ནས། ཁུལ་སྐོར་ཞིབ་ཁྲིད་སྟོན་ཚོ་ཆུང་བཞི་པའི་མི་སྣ་གྲོས་ཚོགས་སུ་ཞུགས་ནས་ཁྲིད་སྟོན་བྱས་པ་རེད།

    གྲོས་ཚོགས་ཐོག་ཚོགས་ཞུགས་མི་སྣས《དཀར་མཛེས་རྫོང་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོ་འཆང་ཞེས་པའི་གཙོ་དོན་སློབ་གསོའི་ཁྲིད་སྟོན་ཚོ་ཆུང་གི་ལས་ཀའི་ལག་དེབ》སློབ་སྦྱོང་བྱས་ཤིང་། ཁྲིད་སྟོན་ཚོ་ཆུང་གི་ལས་ཀའི་དམིགས་ཡུལ་དང་། འགན་འཁྲི། བླང་བྱ་བཅས་དང་ཚོ་ཆུང་སོ་སོའི་ཁྲིད་སྟོན་བྱེད་འགན་ཁུར་ཡུལ་སྡེ་ཚན་གསལ་པོར་བྱས།

    གྲོས་ཚོགས་ཐོག་ཚང་མ་མྱུར་དུ་ལས་ཀར་ཞུགས་ཐུབ་པ་དང་། གནས་བབ་ཀྱི་བླང་བྱ་ངོས་འཛིན་བྱེད་ཐུབ་པ། ལས་ཀའི་འགན་འཁྲི་རྟོགས་ཐུབ་པ། ལས་ཀ་སྒྲུབ་སྟངས་ཁོང་དུ་ཆུད་ཐུབ་པ་དང་། ཆབ་སྲིད་ལ་དོ་སྣང་དང་ནན་པོ་བྱེད་པའི་རྣམ་འགྱུར་གྱིས་གཙོ་དོན་སློབ་གསོའི་ལས་ཀ་འགོ་ཡག་པོ་འཛུགས་པ། ཁྲིད་སྟོན་ཚོ་ཆུང་ཁག་གིས་ཁྲིད་སྟོན་ཚོ་ཆུང་གི་འགན་འཁྲི་ཆེན་པོ་དྲུག་ལག་བསྟར་ནན་པོ་བྱེད་ཅིང་། དུས་ཐོག་ཏུ་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཁུལ་ཨུ་དང་རྫོང་ཨུ་བཅས་ཀྱི་བཀོད་སྒྲིག་ཁག་བརྒྱུད་བསྒྲགས་བྱ་རྒྱུ་དང་། གོ་རིམ་ཡོངས་ཀྱི་གལ་ཆེའི་གྲོས་ཚོགས་སུ་ཞུགས་ནས་ལས་ཀའི་གནས་ཚུལ་རྒྱུས་ལོན་བྱེད་པ། དུས་ཐོག་ཏུ་སྔོན་ཐོན་དཔེ་འོས་ཡོད་ཚད་རྟོགས་ཐུབ་པར་བྱས་ཏེ་ཉམས་མྱོང་ཕྱོགས་བསྡོམས་བྱ་རྒྱུ། དུས་ཐོག་ཏུ་མངོན་གསལ་གྱི་གནད་དོན་རྟོགས་ཐུབ་པ་དང་གནད་དོན་ལྟ་སྐུལ་དང་ཐག་གཅོད་བྱ་རྒྱུ། དུས་ཐོག་ཏུ་གནས་ཚུལ་ཕྱིར་ལྡོག་བྱས་ཏེ་ཇུས་འདོན་ལག་རོགས་ཡག་པོ་བྱས་ཏེ་གཙོ་དོན་སློབ་གསོར་དངོས་ཕན་ཐོགས་ཐུབ་པ་བཅས་བྱས་ནས། ཐུན་མོང་གིས་རྫོང་ཡོངས་ཀྱི་གཙོ་དོན་སློབ་གསོའི་བྱེད་སྒོ་དམ་འཛིན་བྱས་ཏེ་གྲུབ་འབྲས་དངོས་སུ་ཐོབ་པ་བྱ་དགོས་པའི་བླང་བྱ་བཏོན་པ་རེད།

    ཁུག་རྟ་ལུང་པ་གྲོང་རྡལ།

    དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཅུས་ཏང་ཨུ་དང་ཁུག་རྟ་ལུང་པ་གྲོང་རྡལ་ཏང་ཨུས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་བླང་བྱ་དུས་ཐོག་ཏུ་དོན་འཁྱོལ་བྱ་ཆེད། ཉེ་ཆར། ཁུག་རྟ་ལུང་པ་གྲོང་རྡལ་ཁོངས་གཏོགས་ཀྱི་ཏང་ཀྲི་པུའུ་ཁག་གིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་གཙོ་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད།

    ཀྲི་པུའུ་ཁག་གིས་ཏང་ཡོན་ལས་བྱེད་པར་དུང་དཀར་ལུང་པ་ལྗོངས་ཁུལ་དོ་དམ་ཅུས་ཀྱི་ཏང་ཨུའི་གཙོ་དོན་སློབ་གསོ་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་འབྲེལ་ཡོད་སྙིང་དོན་བརྒྱུད་བསྒྲགས་བྱས་པ་དང་། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས《ཀྲུང་གུང་ཁུག་རྟ་ལུང་པ་གྲོང་རྡལ་ཨུ་ལྷན་གྱིས་པར་འགྲེམས་བྱས་པའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་སྐོར་གྱི་ལག་བསྟར་བསམ་འཆར་གྱི་བརྡ་ཐོ་》ཡིག་ཆ་སྦྱངས་ནས་སློབ་གསོའི་དམིགས་ཚད་བླང་བྱ་དང་། སློབ་སྦྱོང་ནང་དོན། ཞིབ་བཤེར་གནད་དོན་དག་ཐེར་གྱི་བླང་བྱ་སོགས་གསལ་བཤད་བྱས་པ་རེད།

    གྲོང་སྡེ་སོ་སོའི་ཏང་ཡོན་ལས་བྱེད་པས་ངེས་པར་དུ་བླང་བྱ་ལྟར་སློབ་སྦྱོང་ནང་ཧུར་ཐག་ཞུགས་དགོས་པ་དང་ཆབས་ཅིག་སློབ་སྦྱོང་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེར་གཏོང་བའིAPPསྤྱད་དེ་སློབ་སྦྱོང་བྱ་དགོས་པར་མ་ཟད། རང་ཉིད་ཀྱི་འགན་འཁྲི་དང་ལས་འགན་ཐད་ལྷག་པའི་གནད་དོན་ཞིབ་བསྡུར་ནན་ཏན་བྱས་ཏེ་ཆེད་དོན་རྩ་འཛུགས་འཚོ་བའི་ཚོགས་འདུར་གྲ་སྒྲིག་ཡག་པོ་བྱ་དགོས་པའི་བླང་བྱ་བཏོན་པ་རེད། ཏང་ཀྲི་པུའུ་ཁག་གཅིག་གིས་ད་དུང་ཏང་ཡོན་སྒྲིག་འཛུགས་བྱས་ཏེ《ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་སློབ་སྦྱོང་རྩ་གནད》སློབ་སྦྱོང་བྱས་པ་རེད།

    ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་།

    ཉེ་ཆར། ཞིང་ལས་དངུལ་ཁང་དཀར་མཛེས་ཡན་ལག་དངུལ་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་གསུང་གལ་ཆེན་ལ་ཆེད་དོན་སློབ་སྦྱོང་བྱས་པ་རེད། དངུལ་ཁང་དེའི་ཏང་ཨུའི་ཚན་ཁག་གི་ཁོངས་མི་དང་ལས་ཁུངས་ཁག་གི་ཏང་ཀྲི་པུའུ་ཧྲུའུ་ཅི་གཅིག་སྡུད་སློབ་སྦྱོང་བགྲོ་གླེང་ཚོགས་འདུར་ཞུགས་ཡོད།

དངུལ་ཁང་དེས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དངུལ་རྩའི་ལས་དོན་སྐོར་གྱི་རྒྱས་གསུང་གལ་ཆེན་ལ་དམིགས་ནས་གཙོ་དོན་སློབ་སྦྱོང་དང་། མ་ཡིག་སློབ་སྦྱོང་། རྩ་བའི་རིགས་པ་རྟོགས་པ་བཅས་བྱས་ཡོད། དངུལ་ཁང་དེས་གཙོ་དོན་སློབ་གསོའི《2017ལོའི་རྒྱལ་ཡོངས་ཀྱི་དངུལ་རྩའི་ལས་དོན་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན》དང《སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཞིང་ཆེན་དང་པུའུ་རིམ་པའི་འགོ་ཁྲིད་ལས་བྱེད་པ་གཙོ་བོས་མཐའ་ཚད་ཀྱི་བསམ་གཞིག་མཐའ་འཁྱོངས་ཀྱིས་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བའི་ཆེད་དོན་སྐོར་གྱི་གསུང་བཤད་གལ་ཆེན》《ཞི་ཅིན་ཕིང་གིས་འགན་འཁྲི་སེམས་ལ་བརྟན་པོར་འཆང་ནས་རང་ངོས་གསར་བརྗེ་ལ་སྐུལ་འདེད་གཏོང་བ》སོགས་ངེས་པར་དུ་སྦྱང་དགོས་པའི་ནང་དོན་སློབ་སྦྱོང་བྱས་པ་རེད།

    དངུལ་ཁང་དེའི་འབྲེལ་ཡོད་འགོ་ཁྲིད་ཀྱིས་གཅིག་སྡུད་སློབ་སྦྱོང་དང་རང་སྦྱོང་གི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པ་དང་མི་སྒེར་གྱིས་རང་སྦྱོང་གཙོ་བོར་བྱེད་པ་དང་གཅིག་སྡུད་སློབ་སྦྱོང་གཞོགས་འདེགས་སུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་ལ་བསམ་གཞིག་གཏོང་བ་དང་། སྦྱངས་པ་གོ་ཆོད་པ། སྦྱངས་པ་ལ་གྲུབ་འབྲས་ཐོབ་པ་བཅས་བྱ་དགོས། བརྗོད་བྱ་གཙོ་བོར་དམིགས་ནས་གནད་དོན་ཐག་གཅོད་དང་འཚོལ་ཞིབ་བྱས་ཏེ། གྲོས་བསྡུར་ཁྲོད་བཏོན་པའི་གནད་དོན་དག་རྩིས་ཐོར་ལེགས་སྒྲིག་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་དང་དག་ཐེར་ཡོ་བསྲང་གི་ཁ་ཕྱོགས་སུ་བརྩིས་ནས་གནད་དོན་ཐག་གཅོད་ཏན་ཏིག་བྱ་དགོས། བརྗོད་བྱ་གཙོ་བོའི་སློབ་སྦྱོང་དང་ལས་སྒོ་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ་དང་། ཕྱོགས་གཉིས་དམ་འཛིན་དང་དབུལ་ཐར་འགག་སྒྲོལ། ཕྱོགས་བསྡུས་ལས་ཆོད། ཉེན་ཁ་དོ་དམ་སོགས་གཙོ་དོན་སློབ་གསོ་དང་སློབ་སྦྱོང་གི་ཕན་འབྲས་ལ་ཞིབ་བཤེར་བྱེད་པའི་ཚད་གཞིར་བརྩི་དགོས་ཅེས་བཤད་པ་རེད།

    སྡེ་དགེ་རྫོང་ཁྲིམས་ཁང་།

    ཉེ་ཆར། སྡེ་དགེ་རྫོང་ཁྲིམས་ཁང་གིས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། རྫོང་དེའི་རྫོང་ཨུའི་སྐོར་སྐྱོད་མཛུབ་སྟོན་ཚོ་ཆུང་དྲུག་པ་དང་དེ་བཞིན་ཁྲིམས་ཁང་དེའི་ལས་བྱེད་པ་དང་ཉེན་རྟོག་པ་ཡོངས་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུ་མ་འཚོག་གོང་ཚོགས་ཞུགས་མི་སྣས་རྒྱལ་གླུ་མཉམ་ལེན་བྱས་པ་དང《འཆི་མེད་རྡོ་རྗེའི》ཆེད་དོན་གློག་བརྙན་ལ་བལྟས་ཡོད།

    ཚོགས་འདུའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་རྨང་གཞི་སློབ་སྦྱོང་དང་། གནད་འགག་ལེགས་སྒྲུབ། གཙོ་གནད་སྒྱུར་བཅོས་བཅས་བྱས་ཡོད་པས་ད་ཐེངས་ཀྱི་གཙོ་དོན་སློབ་གསོ་དེ་ཏང་གཤིས་བློ་སྦྱོང་ལ་ཤུགས་རྒྱག་པ་དང་ཆུ་ཚད་མཐོར་འདེགས་ཀྱི་སྣུམ་སྣོན་ས་ཚུགས་ཤིག་ཏུ་བརྩིས་ནས་གནད་དོན་ལ་ལྟ་ཞིབ་བྱེད་ཤུགས་མི་འདང་བ་དང་འཇོན་ཐང་ཆེ་རུ་གཏོང་བའི་བརྡར་རྡོའི་ནུས་པ་ཞིག་ཏུ་བརྩིས་ནས་བསམ་བློའི་ཐལ་རྡུལ་གཙང་སེལ་དང་བསམ་པའི་ཁྱིམ་གཞིས་གཙང་མ་བཟོ་བའི་དག་རྫས་ཤིག་ཏུ་བརྩི་དགོས་ཞེས་བསྟན།

    ཚོགས་འདུའི་ཐོག་སྤྱི་ཡོངས་ཀྱི་བླང་བྱ་ཁོང་དུ་ཆུད་པར་བྱས་ཏེ་ཆབ་སྲིད་ལ་སྣང་ཆེན་བྱེད་པའི་མཐོ་ཚད་ནས་དམིགས་ཚད་དམ་འཛིན་ཡག་པོ་བྱས་ཏེ་བརྗོད་བྱ་གཙོ་བོའི་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས་པ་དང་། འགོ་ཁྲིད་སྒྲིག་འཛུགས་ཞིབ་ཚགས་བྱས་ཏེ་བརྟག་ཐབས་སྨྲ་བའི་ཟུར་ཚད་ཐོག་ནས་སྐུལ་འདེད་ཀྱི་བླང་བྱ་ཁོང་དུ་ཆུད་པ་བྱས་ཏེ་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བར་ལེགས་སྐྱེས་འབུལ་དགོས་པའི་བླང་བྱ་བཏོན།

    ལི་ཐང་རྫོང་ཁྲིམས་ཁང་།

    ཉེ་ཆར། ལི་ཐང་རྫོང་ཁྲིམས་ཁང་གིས་ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པ་སྒྲིག་འཛུགས་བྱས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་སྐུལ་སློང་བཀོད་སྒྲིག་ཚོགས་འདུ་འཚོགས་ནས། འབྲེལ་ཡོད་ཚོགས་འདུ་དང་དེ་བཞིན་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་འབྲེལ་ཁྲིམས་ཁང་གི་གཙོ་དོན་སློབ་གསོའི་ཐད་བླང་བྱ་དང་བཀོད་སྒྲིག་བྱས་པ་རེད།

    ཚོགས་འདུའི་ཐོག་ཁྲིམས་ཁང་དེའི་འགན་འཁུར་བས་ཁྲིམས་ཁང་ཡོངས་ཀྱི་ལས་བྱེད་ཉེན་རྟོག་པས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོའི་བྱེད་སྒོའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་སྤྱོད་ཚུལ་ཁྱད་བསད་བྱེད་པ། འདུ་ཤེས་བཞི་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། གདེང་ཚོད་བཞི་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་ཐུབ་པ། བཀའ་རྒྱ་ཕབ་ནས་བཀོད་འདོམས་ལ་ཉན་པ་བཅས་བྱ་དགོས་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་རྒྱས་གསུང་གལ་ཆེན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱས་ནས་སློབ་སྦྱོང་ཁྲོད་མི་འདང་ས་འཚོལ་བ་དང་དག་ཐེར་དོན་འཁྱོལ་ལ་ཤུགས་བརྒྱག་དགོས། སློབ་སྦྱོང་བྱས་ནས་ཆབ་སྲིད་ཀྱི་བློ་སྦྱོང་དང་ཀུན་སྤྱོད་ཀྱི་བྱང་ཚད་མཐོ་རུ་བཏང་ནས་ལས་ཀའི་འཇོན་ཐང་དང་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏང་དགོས། གཙོ་དོན་སློབ་གསོ་དེ་ལས་དོན་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞིར་བརྩིས་ནས་སློབ་སྦྱོང་སློབ་གསོ་དེ་འདྲི་གཅོད་ལས་དོན་གྱི་ཐོག་མཐའ་བར་གསུམ་དུ་ཁྱབ་པ་བྱེད་པ་དང་། ཚད་གཞི་མཐོ་པོ་དང་བླང་བྱ་ནན་པོ་བཏོན་པ། འདྲི་གཅོད་ལག་བསྟར་ལས་དོན་ཁྲོད་ལྷག་པའི་གནད་དོན་ལ་དབྱེ་ཞིབ་དང་བརྡར་གཅོད་ནན་ཏན་བྱེད་པ། ལས་ཀའི་ལག་ལེན་ལ་བརྟེན་ནས་ཀྲུང་དབྱང་གི་ཐོག་མའི་བསམ་འདུན་སྲུང་སྐྱོང་དང་འགན་འཁྲི་འཁུར་བ། ཧེ་བག་འཚོལ་བ། དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱར་དམིགས་ཏེ་གཙོ་དོན་སློབ་གསོར་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱ་དགོས་པའི་ནན་བཤད་གནང་བ་རེད།།

  • ལེ་ཚན་སྔོན་མ།:ནུས་རྩལ་སྦྱངས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམིགས་ཡུལ་བྱ་དགོས།
  • ལེ་ཚན་རྗེས་མ།:མཐོན་མཐིང་སྤྲིན་དཀར་བར་གསེང་ནས།། བདེ་སྐྱིད་ལམ་དྲྭས་བོད་ཡུལ་ཡོངས་སུ་སྦྲེལ།
  • དོ་སྣང་ཆེ་བའི་རྩོམ།