ལིའུ་ཁྲེང་མིང་གིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྐྲུན་པའི་ཁྲོད་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་དགོས་པའི་ཐུགས་རེ་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-10-16

    སྤྱི་ཟླ10པའི་ཚེས10ཉིན་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་གཙོ་དོན་སློབ་གསོ་བྱེད་སྒོའི་བཀོད་སྒྲིག་ལྟར་དཀར་མཛེས་རྫོང་གི་བྱང་རྒྱུད་ས་ཁུལ་དུ་ཕེབས་ནས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་འབྱོར་འབྲིང་སྐྲུན་པའི་ཁྲོད་དུ་ཏང་གི་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་ལེན་བསྟར་བ་ཞེས་པའི་ཆེད་དོན་ཏང་གི་སློབ་ཁྲིད་སྙན་སེང་ཞུས་པ་རེད། ཁོང་གིས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱ་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་སྔ་ལྷག་གིས་འདུ་ཤེས་བཞི་ཇེ་དྲག་ཏུ་གཏོང་བ་དང་གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་བྱེད་པ། རང་རྟོགས་ཀྱིས་ཐོག་མའི་བསམ་འདུན་བརྟན་སྲུང་བྱེད་པ་དང་འགན་འཁྲི་འཁུར་བ། མི་འདང་ས་བཙལ་ནས་དོན་འཁྱོལ་དམ་འཛིན་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་རང་རྟོགས་ཀྱིས་ཤན་སྦྱར་བྱས་ནས་བློ་གཅིག་སེམས་གཅིག་གིས་འགན་འཁྲི་གཙང་སྒྲུབ་བྱེད་ཅིང་། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་དང་དུས་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཡོངས་སུ་སྐྲུན་ཐུབ་པའི་སྦྱངས་འབྲས་ལེགས་པོས་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་ཡིད་ཚིམས་པའི་རྒྱུགས་ཤོག་ཅིག་སྤྲད་དགོས་པའི་ཐུགས་རེ་གནང་བ་རེད།

    ལིའུ་ཁྲིང་མིང་གིས་བླང་བྱ་བཏོན་དོན། གཅིག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དབུལ་སྐྱོར་ལས་ཀའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་དབུལ་ཐར་འགག་སྒྲོལ་ཆེན་པོ་ལས་མཐའ་གཅིག་ཏུ་རྒྱལ་ཁ་ཐོབ་པར་བྱ་དགོས། གཉིས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཐའ་མཚམས་སྐྱོང་ཞིང་བོད་ཁུལ་བརྟན་བརླིང་ཡོང་བའི་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་ཟབ་མོ་བྱས་ནས་སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་རྒྱུན་སྲིང་ཡོང་བར་འཚོ་སྐྱོང་མཐའ་གཅིག་ཏུ་བྱ་དགོས། གསུམ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཆོས་ལུགས་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ནས་ཆོས་ལུགས་དེ་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཕྲོད་ཐུབ་པར་ཁྲིད་སྟོན་ཧུར་ཐག་བྱས་ནས་ཆོས་ལུགས་སྐྱོན་བྲལ་ཞིང་རྒྱུན་བསྲིངས་ཡོང་བར་ཐག་ཐེག་བྱ་དགོས། བཞི་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་སྐྱེ་ཁམས་དམིགས་སུ་བཀར་ནས་ལྗང་མདོག་འཕེལ་རྒྱས་གཏོང་བའི་ལམ་བུའི་ཐོག་སྐྱོད་པར་རྒྱུན་འཁྱོངས་བྱ་དགོས། ལྔ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་མཐུན་སྒྲིལ་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་མི་རིགས་འཆམ་མཐུན་མཉམ་གནས་དང་ཕྱར་བ་གྲུ་འདེགས་ཡོང་བ་བྱ་དགོས། དྲུག་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་གོ་བ་ཟབ་མོ་བླངས་ཏེ་ཏང་གིས་བོད་ཁུལ་དུ་སྲིད་འཛིན་བྱས་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏང་དགོས།།

  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་གིས་ཁ་སྣོན་སློབ་གསོའི་སྐོར་ལ་འདི་འདྲ་གསུངས།
  • ལེ་ཚན་རྗེས་མ།:ནུས་རྩལ་སྦྱངས་ནས་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱ་རྒྱུ་དེ་དམིགས་ཡུལ་བྱ་དགོས།
  • དོ་སྣང་ཆེ་བའི་རྩོམ།