ནེ་པ་ལ་ཡིས་ཁྲེན་ཏུའུ་རུ་གཞུང་ཚབ་སྤྱི་ཁྱབ་དོན་གཅོད་ཁང་འཛུགས་རྒྱུ།

    མི་དམངས་དྲ་བ།    2019-10-15

    ཟླ10ཚེས13ཉིན། སི་ཁྲོན་ཞིང་ཆེན་ཕྱི་དོན་ལས་སྒྲུབ་ཁང་གི་པོད་འཕྲིན་ནས་ཚེས13ཉིན་སྤེལ་བའི་གནས་ཚུལ་དང་། ཕྱི་འབྲེལ་པུའུ་ཡིས་ཟླ10ཚེས12ཉིན་སྤེལ་བའི་གནས་ཚུལ་ལ་གཞིགས་ན། 2019ལོའི་ཟླ10ཚེས13ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ནེ་པ་ལ་དང་མཉམ་དུ་མཉམ་འབྲེལ་གསལ་བསྒྲགས་སྤེལ་ཞིང་། གསལ་བསྒྲགས་ཀྱི་ནང་དུ“ནེ་པ་ལ་ཡིས་སི་ཁྲོན་ཞིང་ཆེན་ཁྲེན་ཏུའུ་གྲོང་ཁྱེར་དུ་གཞུང་ཚབ་སྤྱི་ཁྱབ་དོན་གཅོད་ཁང་འཛུགས་རྒྱུར་ཀྲུང་གོ་མོས་མཐུན་ཡོད”པ་བཤད་ཡོད། ནེ་པ་ལ་ནི་ཁྲེན་ཏུའུ་རུ་གཞུང་ཚབ་དོན་གཅོད་ལས་ཁུངས་བཙུགས་པའི་རྒྱལ་ཁབ18པར་གྱུར་ཡོད།

  • ལེ་ཚན་སྔོན་མ།:རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6000ལས་བརྒལ།
  • ལེ་ཚན་རྗེས་མ།:པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་ཏང་ཀྲུང་དབྱང་ལ་ཐང་ཀ་ཕུལ།
  • དོ་སྣང་ཆེ་བའི་རྩོམ།