《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》ཀན་སུའུ་ཞིང་ཆེན་བཤམས་སྟོན་ཁང་དུ་ཉར་ཚགས་བྱས།

ཡེ་ཤེས་ཀྱིས་བསྒྱུར།        2019-10-11

    སློབ་དཔོན་ཡན་ཙང་གཙོས་པའི་མི7གྱིས་ཉེ་ཆར་ཀན་སུའུ་ཞིང་ཆེན་བཤམས་སྟོན་ཁང་ལ་མ་པར་སྤྱད་དེ་པར་སྐྲུན་བྱས་པའི《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》སྒམ95ཞལ་འདེབས་ཕུལ་ཡོད།

    《 ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》ནི་རང་རྒྱལ་དུ་ད་བར་ཉར་ཚགས་བྱེད་བཞིན་ཡོད་པའི་བཀའ་འགྱུར་གྱི་ཤིང་པར་གཅིག་པུ་ཡིན་ཞིང་། ཆིང་རྒྱལ་རབས་ཀྱི་གོང་མ་ཡུང་ཀྲེང་སྟེ་གནམ་སྐྱོང་རྒྱལ་པོའི་ཁྲི་ལོ་བཅུ་གཅིག(སྤྱི་ལོ1733ལོ)པའི་དུས་བརྐོ་འགོ་ཚུགས་ཤིང་མ་པོད་དང་བུ་པོད་རིགས་གཉིས་དབྱེ་ཡོད་ཅིང་། ནང་དོན་ལ་སངས་རྒྱས་ཆོས་ལུགས་ཀྱི་གསུང་རབ་ཕུད། ད་དུང་ཡོན་རྒྱལ་རབས་དང་། མིང་རྒྱལ་རབས། ཆིང་རྒྱལ་རབས་བཅས་རྒྱལ་རབས་རིམ་བྱུང་གི་བླ་མ་སྐྱེས་ཆེན་དམ་པའི་འགྲེལ་ཆེན་དང་། གསུང་རྩོམ། འབེལ་གཏམ། ལོ་རྒྱུས་དང་དཀར་ཆག་སོགས་འདུས་ཡོད་ཅིང་། ཆབ་སྲིད་དང་དཔལ་འབྱོར། རིག་གནས། གནམ་གཤིས་རིག་པ། ས་ཁམས་རིག་པ། དུས་རྒྱུན་གྱི་འཚོ་བ་སོགས་ཕྱོགས་མང་པོའི་ཐད་དང་འབྲེལ་བ་ཡོད་ཅིང་། ལོ་རྒྱུས་དང་ཚན་རིག སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད།

ངོ་སྤྲོད་བྱས་པར་གཞིགས་ན། 2009ལོར《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》ཡི་རིག་དངོས་ཉམས་གསོ་དང་སྲུང་སྐྱོབ་བྱེད་པའི་ལས་གཞི་དེ་པེ་ཅིང་དུ་སྤེལ་འགོ་ཚུགས་པ་དང་། སློབ་དཔོན་ཡན་ཙང་ནི་ལས་གཞི་དེའི་ཨུ་ཡོན་ལྷན་ཁང་གི་ཆེད་རམས་པ་དང་པོ་དང་སྤྱི་ཁྱབ་བློ་འདོན་པ་ཡིན། ཁོང་གིས་ལས་གཞི་དེ་ལག་བསྟར་བྱས་པར་བརྒྱུད་ཐེངས་དང་པོར་བོར་བརླག་དང་གཏོར་སྐྱོན་ཐེབས་པའི་པར་ཤིང་ཐམས་ཅད་ཆ་ཚང་བ་དང་ཉམས་གསོ་བྱས་ཡོད་པར་མ་ཟད། ད་རུང་ཐེངས་དང་པོར《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》ཨང་ཀི་ཅན་གྱི་ཚན་རིག་ཡིག་ཚགས་ཤིག་བཟོས་ཡོད་ཅེས་ངོ་སྤྲོད་གནང་།

    ཐེངས་འདིའི་མ་པར་སྤྱད་དེ་པར་དུ་བསྐྲུན་པའི《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》དེས་ཡིས་པར་གཞི་རིམ་བྱུང་གི་ཆད་ནོར་གསབ་ཅིང་། ཆེ་ཆུང་དང་ཁ་དོག་རྣམ་པ་བཅས་ཇི་བཞིན་དུ་བསྟན་ཡོད་པ་དང་། དེབ80ལས་པར་དུ་བསྐྲུན་མེད། དེའི་ནང་གི་དཔྱད་གཞིའི་ཡིག་རིགས་ཁ་ཤས་ནི་རྒྱལ་ནང་དུ་དཀོན་པའི་དཔེ་རིགས་ཡིན།

    ཀན་སུའུ་ཞིང་ཆེན་བཤམས་སྟོན་ཁང་གི་འགོ་འཛིན་ཅ་ཅན་ཝུའེ་ཡིས་ཉར་ཚགས་བྱས་པའི་མ་པར་སྤྱད་དེ་པར་དུ་བསྐྲུན་པའི《ཆིང་རྒྱལ་རབས་ཀྱིས་བཀས་བཅད་པའི་བཀའ་འགྱུར་ཆེན་མོ》དེས་ཀན་སུའུ་ཞིང་ཆེན་བཤམས་སྟོན་ཁང་གི་ཉར་ཚགས་ནང་དོན་ཧ་ཅང་ཕུན་སུམ་ཚོགས་པོ་བྱས་ཡོད་ཅིང་། དཔེ་དེབ་དེ་མིག་སྔར་བཤམས་སྟོན་ཁང་གི་དཔེ་དེབ་དཔྱད་གཞིའི་ལྟེ་གནས་སུ་ཉར་ཚགས་བྱས་ཡོད་ཅེས་བཤད།

  • ལེ་ཚན་སྔོན་མ།:ཞི་ཅིན་ཕིང་གིས་ཨའོ་མོན་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ལ་འཕྲིན་ལན་སྤྲིངས་ནས་འཚམས་འདྲི་དང་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་དགུ་པའི་ཚེས་དགུའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་
  • ལེ་ཚན་རྗེས་མ།:རྒྱལ་སྟོན་དུས་ཆེན་གྱི་གུང་སེང་སྐབས་སུ་རྒྱལ་ནང་གི་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར6000ལས་བརྒལ།
  • དོ་སྣང་ཆེ་བའི་རྩོམ།