2019ལོའི་དངོས་ལུགས་རིག་པའི་ནོ་པེལ་བྱ་དགའ་མི་གསུམ་ལ་ཐོབ་ཡོད།

    མི་དམངས་དྲ་བ།    2019-10-10

2019ལོའི་དངོས་ལུགས་རིག་པའི་ནོ་པེལ་བྱ་དགའ་མི་གསུམ་ལ་ཐོབ་ཡོད།

ཟླ10ཚེས8ཉིན། སུའེ་ཏེན་གྱི་སི་ཏེ་ཁོར་མོར་སུའེ་ཏེན་གོང་མའི་ཚན་རིག་ཁང་གིས2019ལོའི་དངོས་ལུགས་རིག་པའི་ནོ་པེལ་བྱ་དགའ་ཐོབ་མཁན་ཁྱབ་བསྒྲགས་བྱས་པ་རེད།

     ཚེས8ཉིན། སུའེ་ཏེན་གོང་མའི་ཚན་རིག་ཁང་གིས2019ལོའི་དངོས་ལུགས་རིག་པའི་ནོ་པེལ་བྱ་དགའ་ཚན་རིག་པ་གསུམ་ལ་སྤྲོད་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། ཨ་རིའི་ཇེམ་སི་ཕི་པོར་སིས་འཇིག་རྟེན་རིག་པའི་འབྲེལ་ཡོད་ཞིབ་འཇུག་ལ་བརྟེན་ནས་བྱ་དགའ་ཐོབ་པ་དང་། སུའེ་ཙེར་ནས་ཡིན་པའི་སྨི་ཤེར་མ་ཡེར་དང་ཏི་ཏི་ཨེ་ཁུའེ་ལུའོ་ཙེས་ཉི་མའི་ཁྱིམ་རྒྱུད་ཕྱིའི་རྒྱུ་སྐར་ཐོག་མ་གསར་རྙེད་བྱུང་བར་བརྟེན་ནས་བྱ་དགའ་ཐོབ་པ་རེད།


  • ལེ་ཚན་སྔོན་མ།:《ལོ་རྒྱུས་ཀྱི་དཔང་པོ》ཞེས་པའི་རིག་དངོས་འགྲེམས་སྟོན་ཕོ་བྲང་པོ་ཏ་ལའི་གཅེས་ནོར་ཁང་དུ་སྤེལ་བ།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་གིས་ཨའོ་མོན་གྱི་རྒན་ཡོལ་ཞུས་པའི་རྒན་རྒོན་ལ་འཕྲིན་ལན་སྤྲིངས་ནས་འཚམས་འདྲི་དང་རྒྱལ་ཡོངས་ཀྱི་རྒན་རྒོན་ཚོར་དགུ་པའི་ཚེས་དགུའི་དུས་ཆེན་སྤྲོ་པོ་ཡོང་བའི་སྨོན་
  • དོ་སྣང་ཆེ་བའི་རྩོམ།