ལིའུ་ཁྲེང་མིང་གིས་འབོ་ཞབས་གྲོང་རྡལ་དུ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་བརྟག་ཞིབ་བྱས།

བདེ་སྐྱིད་ཀྱིས་བསྒྱུར།        2019-10-09

   

ལིའུ་ཁྲེང་མིང་གིས་འབོ་ཞབས་གྲོང་རྡལ་དུ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་བརྟག་ཞིབ་བྱས།

   སྤྱི་ཟླ10པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་འབོ་ཞབས་གྲོང་རྡལ་དུ་ཕེབས་ནས་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་འགན་ལེན་བྱས་ཚུལ་ལ་བརྟག་ཞིབ་དང་ཞིབ་བཤེར་བྱས་པར་མ་ཟད། རྒྱལ་སྟོན་དུས་ཆེན་གུང་གསེང་སྐབས་སུ་ལས་ཀར་བརྟན་སྲུང་བྱེད་མཁན་གྱི་ལས་ཡུལ་དང་པོའི་ལས་བྱེད་པ་དང་ལས་བཟོ་བར་འཚམས་འདྲི་གནང་བ་རེད།

   ལིའུ་ཁྲེང་མིང་གིས་དུང་དཀར་ལུང་པའི་ལྗོངས་ཁུལ་གྱི་ཡུལ་སྐོར་བའི་ལྟེ་གནས་ཀྱི་རིག་ནུས་དོ་དམ་མ་ལག་བརྒྱུད་དེ་ལྗོངས་ཁུལ་གྱིས་ཡུལ་སྐོར་བར་སྣེ་ལེན་ཞུ་བའི་གནས་ཚུལ་བཀོད་གཏོང་ལ་ཤེས་རྟོགས་བྱས་པར་མ་ཟད། དུང་དཀར་ལུང་པའི་ལྗོངས་ཁུལ་དོ་དམ་ཅུས་ཀྱི་འགན་འཁུར་བས་ཡུལ་སྐོར་བར་སྣེ་ལེན་ཞུ་ཚུལ་གྱི་སྙན་སེང་ལ་གསན་པ་རེད།

   བརྟག་ཞིབ་བྱེད་རིང་ལིའུ་ཁྲེང་མིང་གིས་ད་དུང་འབོ་ཞབས་གྲོང་རྡལ་གྱི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་བཅས་ལ་ལྐོག་ཏུ་བཅར་འདྲི་བྱས་ཤིང་། ཁོང་གིས་ཚོང་གཉེར་བྱེད་མཁན་ལས་རིགས་ཁག་གིས་གཙོ་བོ་ཁྲིམས་སྲུང་དང་ཁ་དན་ཚིག་གནས་ངང་ཚོང་གཉེར་བྱས་ནས་ལྗོངས་ཁུལ་གྱི་ཡུལ་སྐོར་ཁོར་ཡུག་དང་སྒྲིག་ལམ་བཟང་པོ་ཐུན་མོང་ཐོག་སྲུང་སྐྱོང་བྱ་དགོས་པ་དང་། འབྲེལ་ཡོད་འགན་ནུས་སྡེ་ཚན་གྱིས་ལྟ་སྐུལ་དོ་དམ་ལ་ཁྱོན་ཡོངས་ནས་ཤུགས་བརྒྱབ་སྟེ་ཡུལ་སྐོར་ཚོང་གཉེར་མཁན་གྱིས་རིན་གོང་རང་གཅུན་འདུ་ཤེས་དང་བདེ་འཇགས་ཞབས་ཞུའི་འདུ་ཤེས་དྲག་ཏུ་གཏང་རྒྱུར་ལྟ་སྐུལ་བྱ་དགོས། ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་དཀྲུག་པའི་ཁྲིམས་འགལ་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་ཚ་ནན་བཏང་སྟེ་གཅིག་མཐོང་གཅིག་སྒྲུབ་ཀྱིས་ཞིབ་བཤེར་ཐག་གཅོད་མཐའ་གཅིག་ཏུ་བྱས་ནས་ཡུལ་སྐོར་འཛད་སྤྱོད་ཁོར་ཡུག་ཡག་པོ་བསྐྲུན་དགོས་ཞེས་བླང་བྱ་བཏོན་པ་རེད།།


  • ལེ་ཚན་སྔོན་མ།:རྒྱལ་སྟོན་གུང་གསེང་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི234.92ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར25.84རག
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་རྒྱལ་སྟོན་དུས་ཆེན་སྐབས་སུ་དར་མདོའི་འགྲིམ་འགྲུལ་བདེ་བགྲོད་ཡོང་བར་འགན་ལེན་བྱེད་བཞིན་པའི་ལས་རེས་མི་སྣར་འཚམས་འདྲི་ཞུས།
  • དོ་སྣང་ཆེ་བའི་རྩོམ།