རྒྱལ་སྟོན་གུང་གསེང་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི234.92ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར25.84རག

བདེ་ཆེན་གྱིས་བསྒྱུར།        2019-10-09

   2019ལོའི་རྒྱལ་སྟོན་གུང་གསེང་སྐབས་སུ་རང་ཁུལ་གྱིས་ཡུལ་སྐོར་བ་ཁྲི234.92ལ་སྣེ་ལེན་བྱས་ཏེ་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར25.84ལ་ཟིན་ཞིང་། ན་ལོའི་དུས་མཚུངས་ལས་བརྒྱ་ཆ18.1དང་བརྒྱ་ཆ30.17འཕར་ཡོད།

རྫོང་དང་ལྗོངས་ཁུལ་གཙོ་བོས་ཡུལ་སྐོར་བ་ཁྲི145.85ལ་སྣེ་ལེན་བྱས་ཏེ། ཁུལ་ཡོངས་ཀྱི་ཡུལ་སྐོར་སྣེ་ལེན་སྤྱི་འབོར་གྱི་བརྒྱ་ཆ62ཟིན་པ་རེད། དེའི་ནང་དར་མདོ་གྲོང་ཁྱེར་གྱིས་ཡུལ་སྐོར་བ་ཁྲི63.6དང་ལྕགས་ཟམ་རྫོང་གིས་ཡུལ་སྐོར་བ་ཁྲི28.57དང་། རོང་བྲག་རྫོང་གིས་ཡུལ་སྐོར་བ་ཁྲི14.48དང་། འདབ་པ་རྫོང་གིས་ཁྲི20.20དང་། གསེར་ཐར་རྫོང་གིས་ཡུལ་སྐོར་བ་ཁྲི21.30བཅས་ལ་སྣེ་ལེན་བྱས་པ་རེད།

   སྤྱི་ཟླ10པའི་ཚེས1ནས་ཚེས7ཉིན་བར། དུང་དཀར་ལུང་པས་ཡུལ་སྐོར་བ117902ལ་སྣེ་ལེན་བྱས་ཤིང་། དེའི་ནང་དུང་དཀར་ལུང་པའི་ལྗོངས་ཁུལ་དུ་མི55716དང་ཁུག་རྟ་ལུང་པའི་ལྗོངས་ཁུལ་དུ་མི4224དང་། མཚལ་རྡོ་གླིང་ག་གཉའ་རྒྱབ་སྒང་ལྗོངས་ཁུལ་དུ་མི30466དང་། འབོ་ཞབས་དམར་དམག་དྲན་གསོ་ཁང་དུ་མི27496བཅས་ཡོད་པ་རེད། ན་ལོའི་དུས་མཚུངས་ལས་བརྒྱ་ཆ5.57འཕར་བ་དང་། སྒོ་འཛིན་ཡོང་འབབ་མ་དངུལ་སྒོར་ཁྲི447.07རག་པས། ན་ལོའི་དུས་མཚུངས་ལས་བརྒྱ་ཆ10.06འཕར་བ་དང་། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་མ་དངུལ་སྒོར་ཁྲི25938.44རག་པས། ན་ལོའི་དུས་མཚུངས་ལས་བརྒྱ་ཆ17.55འཕར་ཡོད།

   ད་ལོའི་རྒྱལ་སྟོན་གུང་གསེང་སྐབས་སུ། མི་རྒོད་མཚོའི་ལྗོངས་ཁུལ་གྱིས་ཡུལ་སྐོར་བ56082ལ་སྣེ་ལེན་བྱས་ཏེ། སྤྱིའི་ཡོང་འབབ་མ་དངུལ་སྒོར4842285ལ་ཟིན་པ་དང་། ད་ལོའི་མི་གྲངས2017ལོའི་དུས་མཚུངས་ལས་བརྒྱ་ཆ33འཕར་བ་དང་ཡོང་འབབ2017ལོ་དང་བསྡུར་ན་བརྒྱ་ཆ31འཕར་ཡོད་པ་རེད།

   སྤྱི་ཟླ10པའི་ཚེས7ཉིན་གྱི་ཕྱི་དྲོར་ཆུ་ཚོད་བཞི་པའི་བར་བསླེབས་དུས། འདབ་པའི་ཉི་སྟེན་ལྗོངས་ཁུལ་གྱིས་ཡུལ་སྐོར་བ་ཁྲི5.84ལ་སྣེ་ལེན་བྱས་ཏེ། ན་ལོའི་དུས་མཚུངས་ལས་བརྒྱ་ཆ20འཕར་བ་དང་། སྒོ་འཛིན་ཡོང་འབབ་མ་དངུལ་སྒོར་ཁྲི629.13རག་པས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ7འཕར་ཞིང་། ཡུལ་སྐོར་ཕྱོགས་བསྡུས་ཡོང་འབབ་མ་དངུལ་སྒོར་དུང་ཕྱུར1.28རག་པས་ན་ལོའི་དུས་མཚུངས་ལས་བརྒྱ་ཆ31འཕར་ཡོད་པ་རེད།། 


  • ལེ་ཚན་སྔོན་མ།:དཀར་མཛེས་ཁུལ་གྱི་མི་རིགས་སོ་སོའི་གཞོན་ནུ་ཚོས་མེས་རྒྱལ་ལ་སྨོན་འདུན་ཞུས།
  • ལེ་ཚན་རྗེས་མ།:ལིའུ་ཁྲེང་མིང་གིས་འབོ་ཞབས་གྲོང་རྡལ་དུ་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ལ་བརྟག་ཞིབ་བྱས།
  • དོ་སྣང་ཆེ་བའི་རྩོམ།