མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

རིན་ཆེན་དོན་འགྲུབ།        2019-09-30

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

གཏན་ཚིགས་རིགས་པའི་ཁྱུང་ཆེན་ལ།།

ལྡིང་བའི་གཤོག་རླབས་འདི་ཡིས་སྩོལ།།

ཚན་རྩལ་འཕྲུལ་གྱི་ལྷ་ལམ་དུ།།

བགྲོད་པའི་རྐང་སྟེགས་འདི་ཡིས་བྱེད།།

    སྟོན་གྱི་ཡོ་ལང་རྣམ་པར་རྒྱས་ཤིང་། སྐྱེ་དངོས་ཀུན་ལ་འབྲས་བཟང་གི་སྙེ་མ་ལྡེམ་ལྡེམ་གཡོ་ཞིང་།སྨིན་ལེགས་སྐྱེས་སྟོབས་ཀྱི་དཔལ་འབར་བའི་བསྐལ་བཟང་རྫོགས་ལྡན་གྱི་དུས་ཏེ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ༧༠འཁོར་བར་རྟེན་འབྲེལ་ཞུ་བར་མི་ཉག་རྡོ་ར་དཀར་མོའི་སློབ་གྲྭའི་གྲངས་རིག་སྡེ་ཁག་གིས་སྣ་མང་ཤེས་བྱའི་བྱེད་སྒོ་ཞིག་སྤེལ་རྒྱུའི་འཆར་གཞི་ལྟར། གྲངས་རིག་གི་རྨང་གཞིའི་ཤེས་བྱ་གང་མང་འདེམས་སྒྲིག་བྱས་ཏེ་སློབ་གྲྭའི་ཉི་འོད་ཚོམས་ཆེན་དུ་སྣ་མང་ཤེས་བྱའི་བྱེད་སྒོའི་འགྲན་སྡུར་ཞིག་སྤེལ་བ་རེད།


མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

གྲངས་རིག་ནི་རྩིས་རྒྱག་རྒྱུ་ཁོ་ན་ཙམ་མ་ཡིན་པར་ཐབས་དང་བསམ་བློས་ཕྱུག་ཅིང་། ཐབས་མང་པོ་སློབ་སྦྱོང་བྱེད་རྒྱུ་ཡོད། ཐབས་དེ་དག་ལ་བྱང་ཆུབ་ན། གྲངས་རིག་ཡག་པོ་སྦྱང་ཐུབ་པར་མ་ཟད། འཚོ་བའི་ནང་གི་གནད་དོན་མང་པོ་སེལ་རོགས་བྱ་ཐུབ་པས། སློབ་གྲྭའི་སློབ་མའི་བློ་གྲོས་ཀྱི་པད་མོ་རྣམ་པར་འབྱེད་པ་དང་། སྦྱངས་བརྩོན་གྱི་མོས་པ་སྔར་ལས་མཐོར་འདེགས་སུ་གཏོང་བ། ཕན་ཚུན་གཞོགས་འདེགས་དང་ཉམས་མྱོང་བརྗེ་རེས་བྱེད་པ་སོགས་ལ་དམིགས་པ། སློབ་གྲོགས་རྣམས་ཀྱི་རྩིས་ཚན་རིག་པའི་སྤྲོ་བ་ཆེས་ཆེར་སྐྱེད་སྲིང་བྱ་ཆེད། ཁྱོན་བསྡོམས་དུས་ཚོད་ལྔ་ཡས་མས་ཀྱི་ཡུན་ལ་བྱེད་སྒོའི་རྣམ་པ་གཟབ་རྒྱས་ངང་ཚོགས་ཡོད་པ་རེད།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

                            ཐེངས་འདིའི་བྱེད་སྒོའི་ཁྲོད་ལོ་རིམ་དང་པོའི་ཨང་དང་པོ་ཐོབ་མཁན་དམ་ཆོས་ནོར་བུ་དང་ཨང་གཉིས་པ་ཐོབ་མཁན་བན་འདེ། ཨང་གསུམ་པ་ཐོབ་མཁན་རིན་ཆེན་རྡོ་རྗེ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་གཉིས་པའི་ཨང་དང་པོ་ཐོབ་མཁན་ཕུར་བ་འཕྲིན་ལས་དང་། ཨང་གཉིས་པ་ཐོབ་མཁན་ཡུ་མོ་དང་ཐུབ་བསྟན་ཉི་མ། ཨང་གསུམ་པ་ཐོབ་མཁན་བསོད་ནམས་མཆོག་འགྲུབ་དང་འཛོམས་སྐྱིད་མཚོ་མོ། ཆོས་མཆོག་རྡོ་རྗེ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་གསུམ་པའི་ཨང་དང་པོ་ཐོབ་མཁན་ཟླ་བ་རྒྱ་མཚོ་དང་། ཨང་གཉིས་པ་ཐོབ་མཁན་བསོད་ནམས་རིན་ཆེན། ཨང་གསུམ་པ་ཐོབ་མཁན་ངག་དབང་བཀྲ་ཤིས་དང་གཡང་འབུམ་ཚེ་རིང་གཉིས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་བཞི་པའི་ཨང་དང་པོ་ཐོབ་མཁན་གདུགསདཀར་སྒྲོལ་མ་དང་། ཨང་གཉིས་པ་ཐོབ་མཁན་གུ་རི་སྐྱབས། ཨང་གསུམ་པ་ཐོབ་མཁན་བཀྲ་ཤིས་ནོར་བུ་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་ལྔ་བའི་ཨང་དང་པོ་ཐོབ་མཁན་དབྱངས་ཅན་ལྷ་མོ་དང་ཨང་གཉིས་པ་ཐོབ་མཁན་མཆོག་གསུམ་ལྷ་མོ། ཨང་གསུམ་པ་ཐོབ་མཁན་ཀུན་དགའ་ནོར་བུ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་དྲུག་པའི་ཨང་དང་པོ་ཐོབ་མཁན་དབང་ཆེན་ནོར་བུ་དང་། ཨང་གཉིས་པ་ཐོབ་མཁན་བསྟན་འཛིན་ཆོས་འཕེལ། ཨང་གསུམ་པ་ཐོབ་མཁན་ཚུལ་ཁྲིམས་སྒྲོལ་མ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

ལོ་རིམ་བདུན་པའི་ཨང་དང་པོ་ཐོབ་མཁན། སངས་རྒྱས་སྒྲོལ་མ་དང་། ཨང་གཉིས་པ་ཐོབ་མཁན་པད་མ་ཚེ་མཚོ། ཨང་གསུམ་པ་ཐོབ་མཁན་ཡིས་མོ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

    ལོ་རིམ་བརྒྱད་པའི་ཨང་དང་པོ་ཐོབ་མཁན་རྟ་མགྲིན་ཆོས་མཚོ་དང་། ཨང་གཉིས་པ་ཐོབ་མཁན་ཚེ་དབང་ལྷ་མོ་དང་འཇིགས་མེད་བསྟན་འཛིན། ཐུབ་བསྟན་དབང་ཕྱུག་བཅས་ཡིན། ཨང་གསུམ་པ་ཐོབ་མཁན་བདེ་ཆེན་ལྷ་མོ་དང་། པད་མ་གཡང་འཛོམས། སངས་རྒྱས་སྒྲོལ་མ་ཆེ་བ་བཅས་ཡིན།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

མི་ཉག་རྡོ་ར་དཀར་མོ་སློབ་གྲྭས་གྲངས་རིག་ཤེས་བྱའི་བྱེད་སྒོ་སྤེལ།

  • ལེ་ཚན་སྔོན་མ།:རྟའུ་རྫོང་གིས་ཀྲུང་གོ་གསར་པ་དབུ་བརྙེས་པའི་དུས་ཆེན་འདི་ལྟར་བསུས།
  • ལེ་ཚན་རྗེས་མ།:རང་ཁུལ་གྱིས་སྔོན་གཤེགས་དཔའ་བོར་སྤྱི་མཆོད་དྲན་གསོའི་མཛད་སྒོ་སྤེལ།
  • དོ་སྣང་ཆེ་བའི་རྩོམ།