ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-09-29

      ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། སྤྱི་ཚེས་ཉི་ཤུ་ལྔ་ཉིན་གྱི་སྔ་དྲོ་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གི་སྐྱེལ་འདྲེན་འགོ་ཚུགས་མཛད་སྒོ་པེ་ཅིང་གྲོང་ཁྱེར་ཏ་ཤིང་ཁུལ་དུ་གཉེར་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་མཛད་སྒོར་ཞུགས་པ་མ་ཟད་གནམ་ཐང་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་ཡོད།

     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་རྒྱུན་ཨུད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲེང་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་སྒྲོན་གནང་ཡོད། སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོ་གནམ་ཐང་གི་མཉམ་བཤེར་ཚོམས་ཆེན་དུ་གཉེར་ཡོད།

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

   ཆུ་ཚོད་བཅུ་དང་སྐར་མ་ལྔ་བཅུ་ང་བརྒྱད་ཐོག སྤྲོ་སྣང་དོད་པའི་མགྲོན་བསུའི་རོལ་དབྱངས་དང་འགྲོགས་ནས་ཞི་ཅིན་ཕིང་སོགས་མཛད་སྒོའི་ཚོགས་རར་ཕེབས་པ་དང་། ཚོགས་ར་ཡོངས་ཀྱི་མི་རྣམས་ཀྱིས་ཡར་བཞེངས་ནས་དགའ་བསུ་ཞུས་ཡོད། གནམ་ཐང་འཛུགས་སྐྲུན་སྐོར་གྱི་བརྙན་མཐོང་གཟིགས་གྲུབ་རྗེས་ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱི་ཅུད་ཀྲང་ཧྥོང་ཀྲེང་ལིན་དང་། ཧོ་པེ་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཏུང་ཧྥོང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཨུ་ཡོན། པེ་ཅིང་གྲོང་ཨུད་ཀྱི་ཧྲུའུ་ཅི་ཚའེ་ཆི། ཧན་ཀྲེང་བཅས་ནས་སྔ་རྗེས་སུ་ཤིས་ཚིག་གསུངས་གནང་ཡོད།

  དེ་རྗེས། ཀྲུང་གོ་དམངས་སྤྱོད་མཁའ་འགྲུལ་ཅུད་ཀྱི་འགན་ཁུར་བློ་མཐུན་གྱིས་རྒྱལ་སའི་གནམ་ཐང་ཚོགས་པ་ཀུང་སིར་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་བེད་སྤྱོད་བྱེད་པའི་ཆོག་འཐུས་ལག་ཁྱེར་སྤྲད་གནང་ཡོད།

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

     ཆུ་ཚོད་བཅུ་གཅིག་དང་སྐར་མ་ཉི་ཤུ་རྩ་བརྒྱད་ཐོག ཞི་ཅིན་ཕིང་ཀྲུའུ་ཞི་སྟེགས་བུའི་ཐོག་ཕེབས་པ་དང་། ཁོང་གིས་པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་གིས་དངོས་སུ་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བས་ཚོགས་ར་ཡོངས་སུ་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད། ཏིང་ཤོལ་ཞང་དང་། ལེའུ་ཧོ་རྣམ་གཉིས་ཀྱང་གོང་གསལ་གྱི་བྱེད་སྒོར་ཞུགས་ཡོད། ཧོ་ལི་ཧྥོང་གིས་སྐྱེལ་འདྲེན་མཛད་སྒོ་གཙོ་སྐྱོང་གནང་ཡོད་པ་རེད།

   ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་ཚན་པ་དང་། པེ་ཅིང་གྲོང་ཁྱེར། ཧོ་པེ་ཞིང་ཆེན། ཐན་ཅིན་གྲོང་ཁྱེར། ཀྲུང་དབྱང་དམག་ཨུད་ཀྱི་མཉམ་འབྲེལ་དྲག་ཇུས་པུའུ། མཁའ་དམག་བཅས་ཀྱི་འབྲེལ་ཡོད་འགན་ཁུར་བློ་མཐུན་དང་། གནམ་ཐང་འཛུགས་སྐྲུན་དང་ལས་གཉེར་ཚན་པའི་འཐུས་མི་སོགས་སྐྱེལ་འདྲེན་མཛད་སྒོར་ཞུགས་ཡོད་པ་རེད།

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

    པེ་ཅིང་ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ནི་པེ་ཅིང་དང་ཐན་ཅིན། ཧོ་པེ་བཅས་མཐུན་སྦྱོར་གོང་འཕེལ་གྱི་མཚོན་རྟགས་རང་བཞིན་གྱི་ལས་གྲྭ་གལ་ཆེན་ཞིག་དང་། རྒྱལ་སྤྱིའི་འགྲོ་འོང་ལྟེ་གནས་ཀྱི་བསྟི་གནས་གལ་ཆེན་ཞིག དེ་བས་རྒྱལ་ཁབ་གོང་འཕེལ་གྱི་འགུལ་ཤུགས་གསར་པ་ཞིག་བཅས་རེད། གནམ་ཐང་ཉིད་གནམ་བདེ་སྒོ་མོའི་ལྷོ་ངོས་ཀྱི་སྤྱི་ལེ་བཞི་བཅུ་ཞེ་དྲུག་གི་སར་ཡོད་པ་དང་། དེ་ནི་དེང་རབས་ཅན་དང་ཆུ་ཚད་མཐོ་བའི་ཕྱོགས་བསྡུས་འགྲིམ་འགྲུལ་འབྲེལ་ཟམ་ཆེ་གྲས་ཤིག་ཡིན་པ་རེད།

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

  མཛད་སྒོ་མཇུག་འགྲིལ་རྗེས། ཞི་ཅིན་ཕིང་གནམ་ཐང་དེའི་རྒྱལ་སྤྱིའི་རྡོག་ཐོན་ཚོམས་ཆེན་དུ་ཕེབས་ནས། གནམ་ཐང་འཛུགས་སྐྲུན་དང་གཉེར་སྐྱོང་ལས་དོན་ནང་ཞུགས་པའི་ལས་མིའི་འཐུས་མིར་གཟིགས་པ་དང་། ཞི་ཅིན་ཕིང་གིས་ཚང་མར་རེ་རེ་བཞིན་ཕྱག་བཏང་ཞིང་། ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གནམ་ཐང་འཆར་འགོད་དང་། འཛུགས་སྐྲུན། གཉེར་སྐྱོང་བཅས་ནང་ཞུགས་པའི་བློ་མཐུན་རྣམ་པར་སྤྲོ་སེམས་འཁོལ་བའི་སྨོན་ཚིག་དང་དུས་ཆེན་གྱི་འཚམས་འདྲི་ཞུས་གནང་ཡོད། ཞི་ཅིན་ཕིང་གིས། ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་འཛུགས་སྐྲུན་གྱི་ཚད་གཞི་མཐོ་བ་དང་། འཛུགས་སྐྲུན་དུས་ཚོད་ཐུང་བ། འཛུགས་སྐྲུན་དཀའ་ཚེགས་ཆེན་པོ་བཅས་ཡོད། འཛུགས་སྐྲུན་པ་རྣམས་ནས་དཀའ་སྤྱད་ངལ་རྩོལ་དང་། མཉམ་དུ་འབད་འཐབ་བྱས་པས་སྤུས་ཚད་མཐོ་པོའི་སྒོ་ནས་འཛུགས་སྐྲུན་ལེགས་སྒྲུབ་བྱས་ཐོག ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་དེ་ཉིད་སྤུས་ལེགས་ལས་གཞི་དང་། དཔེ་སྟོན་ལས་གཞི། བདེ་འཇགས་ལས་གཞི། སྤྱོད་གཙང་ལས་གཞི་བཅས་སུ་འགྱུར་བ་བྱས་ནས། ཏང་དང་མི་དམངས་བློ་ཡིད་ཚིམ་པའི་ལན་ཡག་པོ་བརྒྱབ་ཡོད་ཅེས་གསུངས་འདུག

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།

   ཞི་ཅིན་ཕིང་གིས། ཏ་ཤིང་རྒྱལ་སྤྱིའི་གནམ་ཐང་ལས་ཀྲུང་གོ་མི་དམངས་ཀྱི་བློ་སྟོབས་ཆེན་པོ་དང་། འཛམ་གླིང་གི་མིག་རྒྱང་དང་འཐབ་ཇུས་མིག་རྒྱང་མཚོན་པ་དང་། མི་རིགས་སྙིང་སྟོབས་དང་དེང་རབས་ཅན་གྱི་ཆུ་ཚད་ལྡན་པའི་རྒྱལ་ཁབ་ཆེན་མོའི་ལག་ཤེས་པའི་ཉམས་བཟང་མངོན་པར་བྱས་ཡོད་ཅེས་ནན་སྟོན་གནང་བ་དང་། ཁོང་གིས་འཛུགས་སྐྲུན་པ་རྣམ་པས་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཡང་འབད་བསྐྱར་འབད་དང་། བྱས་རྗེས་གསར་པ་འཇོག་དགོས་པའི་ཐུགས་རེ་གནང་འདུག

ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།


ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།


ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།


ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།


  • ལེ་ཚན་སྔོན་མ།:རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།
  • ལེ་ཚན་རྗེས་མ།:སྤྱི་མཐུན་རྒྱལ་ཁབ་ཀྱི་བྱས་རྗེས་གཟེངས་རྟགས།
  • དོ་སྣང་ཆེ་བའི་རྩོམ།