རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།    2019-09-27

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

       ཟླ9ཚེས23ཉིན། པེ་ཅིང་མེ་ཏི་ཡ་མགྲོན་ཁང་གི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་གསར་འགྱུར་ལྟེ་གནས་ཀྱིས་ཕྱི་ཕྱོགས་སུ་སྣེ་ལེན་ཞབས་ཞུ་དངོས་སུ་བྱེད་འགོ་ཚུགས་ཡོད།

       གསར་འགྱུར་ལྟེ་གནས་སུ་གསར་འགྱུར་ཁྱབ་བསྒྲགས་ཚོམས་ཆེན་དང་། རྒྱང་སྒྲོག་བརྙན་འཕྲིན་བརྡ་རྟགས་ཞབས་ཞུ་ཁང་། གསར་འགྱུར་པར་རིས་ཁང་། དྲ་རྒྱ། བརྡ་འཕྲིན་ཞབས་ཞུ་ཁུལ། གསར་འགོད་པའི་ལས་དོན་ཁུལ། མཉམ་འབྲེལ་སྨྱན་སྦྱོར་ཉམས་ལེན་ཁང་། སྨན་ཁང་སོགས་སྒྲིག་འགོད་བྱས་ཡོད་པ་དང་། གསར་འགྱུར་ལྟེ་གནས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་དང་། ཆེད་དོན་ཐུན་མོང་བཅར་འདྲི། ཕྱི་རུ་ལྟ་སྐོར་བྱེད་སྒོ་བཅས་སྒྲིག་འཛུགས་བྱེད་རྒྱུ་ཡིན་ཞིང་། རྒྱུ་ཆ་ཆ་འཕྲིན་མཁོ་འདོན་ཞབས་ཞུ་དང་བརྒྱུད་སྤྲོད་བརྡ་འཕྲིན་ཞབས་ཞུ་སོགས་མཁོ་འདོན་བྱེད་རྒྱུ་ཡིན། གསར་འགྱུར་ལྟེ་གནས་སུ་གསར་འགོད་པར་ངལ་གསོ་བྱེད་ས་བཀོད་སྒྲིག་བྱས་ཡོད་ཅིང་ཁོ་ཧྥེ་དང་ཇ་རིན་པ་མི་དགོས་པར་མཁོ་འདོན་བྱེད་རྒྱུ་ཡིན།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

       གཞན་ཡང་། གསར་འགྱུར་ལྟེ་གནས་སུ5Gདྲ་རྒྱ་ཁྱོན་ཡོངས་ནས་ཁེབས་ཡོད་ཅིང་། ཁང་བརྩེགས་དང་པོར་མཉམ་འདྲེས་སྨྱན་སྦྱོར་ཉམས་ལེན་ཁང་ཐོག་མར་བཀོད་སྒྲིག་བྱས་ནས། གསར་འགོད་པ་ལ5Gཆ་རྐྱེན་འོག་གི་སྤུས་ཚད་མཐོ་ཞིང་། སྤེལ་རེས་ཤུགས་ཆེ་ལ། རིག་ནུས་ཅན་གྱི་མཉམ་འདྲེས་སྨྱན་སྦྱོར་ཉམས་ལེན་ཞབས་ཞུ་མཁོ་འདོན་བྱས་འདུག 

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

རྒྱལ་སྟོན་བྱེད་སྒོའི་གསར་འགྱུར་ལྟེ་གནས་སུ་སྣེ་ལེན་ཞབས་ཞུ་བྱེད་འགོ་བརྩམས་པ།

  • ལེ་ཚན་སྔོན་མ།:མི་དམངས་དྲ་བའི་གསར་འགོད་པས་ཁྱེད་ཉིད་དམག་གཟིགས་སྦྱོང་བརྡར་བྱ་ཡུལ་དུ་ལྟ་བར་ཁྲིད།
  • ལེ་ཚན་རྗེས་མ།:ཞི་ཅིན་ཕིང་པེ་ཅིང་ཏ་ཤིང་གནམ་ཐང་སྐྱེལ་འདྲེན་བྱེད་འགོ་ཚུགས་པའི་མཛད་སྒོར་ཕེབས་པ།
  • དོ་སྣང་ཆེ་བའི་རྩོམ།