2019-09-19
༄༅།། སྤྱི་ཟླ9པའི་ཚེས9ཉིན་རོང་བྲག་རྫོང་གིས་སློབ་གསོའི་ཚོགས་ཆེན་འཚོགས་ནས། ལོ་རེར་སྒོར་ཁྲི100ཡིས་སྔོན་ཐོན་སློབ་གྲྭ་དང་དགེ་རྒན། སློབ་མ་བཅས་ལ་གཟེངས་བསྟོད་བྱ་དགའ་སྤྲད་རྒྱུ་གཏན་འཁེལ་བྱས་ཏེ། ལོ་རེར་དགེ་རྒན་གསོ་སྦྱོང་བྱེད་ཡས་སྒོར་ཁྲི10དང་སློབ་གསོའི་ལྟ་སྐུལ་ཐད་ཀྱི་འགྲོ་གྲོན་ལོ་རེར་སྒོར་ཁྲི10བཀོད་སྒྲིག་བྱས་པ་དང་། ལོ་ངོ30རིང་ལས་ཡུལ་དང་པོར་ལས་དོན་བསྒྲུབས་མྱོང་པའི་ལས་འཁྱུར་ངལ་གསོ་བྱས་པའི་དགེ་རྒན་ལ་སྒོར་ཁྲི10ཡི་བྱ་དགའ་སྤྲད་རྒྱུ་བྱས་པ་རེད།
༄༅།། ཉེ་ཆར། གུང་གཞོན་ཚོགས་པའི་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཁག་དང་། རྒྱལ་ཡོངས་ཀྱི་སློབ་མའི་མཉམ་འབྲེལ་ལྷན་ཚོགས་ཀྱི་དྲུང་ཡིག་ཁང་། ཀྲུང་གོ་ན་གཞོན་ཚགས་པར་ཁང་བཅས་ཀྱིས་མཉམ་དུ་སྤེལ་བའི2018ལོའི་ལོ་འཁོར་གྱི་སློབ་འབྲིང་གི་སློབ་མ་ཆེས་མཛེས་པ་དང་འབྲིང་རིམ་སློབ་མ་ཆེས་མཛེས་པ་འཚོལ་ཉུལ་བྱས་པའི་མཇུག་འབྲས་དངོས་སུ་ཐོན་ནས། དར་མདོའི་སློབ་འབྲིང་གི་མཐོ་རིམ2020པའི་འཛིན་གྲྭ8པའི་སློབ་མ་མུའུ་ཡུས་ཧྥང་ལ་རྒྱལ་ཡོངས་ཀྱི་སློབ་འབྲིང་སློབ་མ་ཆེས་མཛེས་པའི་མཚན་སྙན་ཐོབ་པ་རེད།
༄༅།། སྤྱི་ཟླ9པའི་ཚེས10ཉིན་གསེར་ཐར་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་ཤིང་། རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། བསམ་པའི་རིག་གནས་གཞུང་ལས་ཁང་། སློབ་གསོ་ལུས་རྩལ་ཅུས། མཚམས་སྦྱོར་མཉམ་འབྲེལ་ལྟེ་གནས་ཀྱིས་མཉམ་དུ་སྤེལ་བའི་སློབ་གསོས་རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་། ཀུན་སྤྱོད་ཀྱི་དར་སྲོལ་བཟང་པོ་བཏོད་ནས་འགན་འཁྲི་འཁུར་ཞེས་བརྗོད་དོན་གཙོ་བོར་བྱས་པའི་སྐབས་གཉིས་པའི་དགེ་རྒན་བཟང་པོ་ལ་བྱ་དགའི་གཟེངས་བུམ་དང་དཔང་ཡིག་སྤྲད་པར་མ་ཟད། བྱ་དགའ་ཐོབ་མཁན་གྱི་ཕུལ་བྱུང་དགེ་རྒན་ཡོད་ཚད་ལ་དམིགས་བསལ་གྱི་གཟེངས་བསྟོད་བྱས་པ་རེད།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10