ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྤྱི་བསྒྲགས།

        2019-09-18

   2019ལོའི་ཟླ9པའི་ཚེས10ཉིན་ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་ཐོག་གྲོས་འཆམས་བྱུང་བ།

   ཀྲུང་གོ་གུང་ཁྲན་ཏང་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པ་དེ2019ལོའི་སྤྱི་ཟླ9པའི་ཚེས10ཉིན་དར་མདོར་ཚོགས་པ་རེད།

   གྲོས་ཚོགས་ནང་ཞུགས་མཁན་ཁུལ་ཨུའི་ཨུ་ཡོན65དང་རྗེས་སྣོན་ཁུལ་ཨུའི་ཨུ་ཡོན7ཡོད་ཅིང་། ཁུལ་སྒྲིག་ཁྲིམས་ཨུ་ལྷན་གྱི་རྒྱུན་ཨུ་དང་འབྲེལ་ཡོད་ཀྱི་འགན་ཁུར་བློ་མཐུན་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད། ཁུལ་ཏང་གི་འཐུས་མི་ཚོགས་འདུ་ཐེངས་བཅུ་གཅིག་པའི་ནང་ཞུགས་མཁན་གཞི་རིམ་གྱི་འཐུས་མི་ཆ་ཤས་གྲོས་ཚོགས་ནང་ཟུར་ཞུགས་བྱས་ཡོད་པ་རེད།

   ཚང་འཛོམས་གྲོས་ཚོགས་དེ་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་གཙོ་སྐྱོང་གནང་བ། ཚོགས་ཐོག་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་གིས་གསུང་བཤད་གནང་བ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་ལིའུ་ཁྲེང་མིང་གིས་ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱི་ལས་ཀའི་སྙན་སེང་ཞུས་པར་གསན་འཇོག་གནང་ཞིང་གྲོས་བསྡུར་བྱས་པ་དང་། 《ཀྲུང་གུང་དཀར་མཛེས་ཁུལ་ཨུས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ་སྤེལ་རྒྱུའི་ལག་བསྟར་བསམ་འཆར》ལ་གྲོས་བསྡུར་བྱས་པ་རེད། ལིའུ་ཁྲེང་མིང་གིས་ཁུལ་ཡོངས་སུ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་ཞེས་པའི་གཙོ་དོན་སློབ་གསོ་ལ་བཀོད་སྒྲིག་བྱས་པ་རེད།

    ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཨུའི་སྐབས་བཅུ་གཅིག་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་ནས་བཟུང་གི་ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱི་ལས་ཀར་ཁས་ལེན་གང་ལེགས་གནང་བ་རེད། ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཁུལ་ཡོངས་ཀྱི་གོང་འོག་ཚང་མར་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་བྱས་ཤིང་། ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་དེ་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ཁྲོད་དུ་དོན་འཁྱོལ་བྱས་པ་དང་། ནན་ཏན་གྱིས་ཞིང་ཆེན་ཏང་ཨུའི་“གནད་གཅིག་ཕྱོགས་མང་དང་ས་ཁུལ་ལྔ་མཐུན་སྦྱོར་འཕེལ་རྒྱས”དང་“ཕྱོགས་བཞིར་རྒྱ་བསྐྱེད་དང་ཁོངས་ཡོངས་སྒོ་འབྱེད”ཀྱི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་བྱས་པ། “ཐབས་ཇུས་ཆེན་པོ་དྲུག་”ལག་བསྟར་གཏིང་ཟབ་བྱས་པ། གསུམ་འཛུགས་མཉམ་འགུལ་གཅིག་གྱུར་འཆར་འགོད་དེ་སྐུལ་འདེད་བཏང་བ། ནུས་ཤུགས་ཡོད་རྒུས་འགག་སྒྲོན་ཆེན་པོ་བཅུའི་བྱ་སྤྱོད་སྤེལ་བ། རིམ་པ་ལྟར་གྲོང་སྡེ་དར་རྒྱས་ལ་སྐུལ་འདེད་བཏང་བ། དཀར་མཛེས་ཁུལ་གྱི་གྲོང་གསར་འཛུགས་སྐྲུན་བྱེད་འགོ་བཙུགས་པ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་མགྱོགས་སུ་འཛུགས་སྐྱོང་བྱས་པ། སྔོན་མ་བསྒྲུབ་བསམ་ཡང་བསྒྲུབས་ཐུབ་མེད་པའི་ལས་གཞི་གལ་ཆེན་པོ་ཁག་གཅིག་ལས་འགོ་ཚུགས་པ། སྔོན་མ་ཐག་གཅོད་བྱེད་བསམ་ཡང་ཐག་གཅོད་བྱེད་མེད་པའི་འགལ་བའི་ཉེན་ཁ་ཚོ་གཅིག་སེལ་ཐུབ་ཡོད། དབུལ་ཐར་འགག་སྒྲོལ་དང་ཁ་བྲལ་ལ་ངོ་རྒོལ་དང་བརྟན་བརླིང་འཚོ་སྲུང་། ཉེན་སྐྱོབ་གནོད་སེལ་སོགས་ཀྱི་དམག་འཐབ་ཁག་ལས་རྒྱལ་ཁ་ཐོབ་པ་རེད།

     ཚང་མས་མགྲིན་གཅིག་ཏུ་ངོས་འཛིན་བྱས་དོན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཏང་ལ་བློ་དཀར་སེམས་དཀར་གྱི་གཞི་རྩ་སྲུང་འཛིན་བྱས་ནས་མཐའ་གཅིག་ཏུ་སྲུང་སྐྱོང་གཉིས་བྱས་ཤིང་། འཕེལ་རྒྱས་ཁྲོད་ཀྱི་དཀའ་ངལ་ལ་གདོང་གཏད་དེ་དཔལ་འབྱོར་སྐྱོན་བྲལ་ངང་ནས་རྒྱུན་སྲིང་འཕེལ་རྒྱས་ཀྱི་རྣམ་ཚུལ་སྲུང་འཛིན་བྱས་ཡོད། དཔའ་ངར་ཆེན་པོས་བརྟན་བརླིང་གི་དཀའ་ངལ་བསལ་ནས་མཐའ་གཅིག་ཏུ་སྤྱི་ཚོགས་ཁྱོན་ཡོངས་རྒྱུན་སྲིང་ངང་ནས་འཆམ་མཐུན་བརྟན་བརླིང་ཡོང་བར་སྲུང་སྐྱོང་བྱས་ཡོད། དམངས་འཚོའི་དཀའ་ངལ་བསལ་ནས་དབུལ་ཐར་འགག་སྒྲོལ་ལས་རྒྱལ་ཁ་ཕུ་ཐག་ཆོད་པོ་བྱས་ཡོད། ཏང་ལ་ཕྱོགས་པའི་བསམ་པ་གོང་བུ་འགྲིལ་བ་བྱས་ནས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ། ཏང་སྐྱོང་གི་འགན་འཁྲི་འཁུར་ཕོད་པ་བྱས་ནས་ཏང་གིས་བོད་ཁུལ་དུ་སྲིད་འཛིན་བྱས་པའི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ། དངོས་སྒྲུབ་བྱས་པའི་སྲོལ་བཟང་བརྟན་པོར་བྱས་ཤིང་། རྒྱུན་ལས་ཨུ་ལྷན་གྱིས་རང་ཉིད་འཛུགས་སྐྱོང་ཐད་ཤུགས་སྣོན་ཁྱོན་ཡོངས་ཇེ་དྲག་བཏང་བ། ཁུལ་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་སྣེ་ཁྲིད་དེ་རིམ་པ་རེ་རེ་བཞིན་དཔེ་སྟོན་དང་དཔེ་ཁྲིད་བྱས་ནས་གྲུབ་འབྲས་ཐོབ་པར་བྱས་ཏེ། དཔལ་འབྱོར་མགྱོགས་སུ་འཕེལ་རྒྱས་ཡོང་བ་དང་དམངས་འཚོ་རྒྱུན་སྲིང་ངང་ལེགས་སུ་བཅོས་པ། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་་ཡོང་བ། ལས་བྱེད་པ་དང་མང་ཚོགས་འབད་པ་ཆེར་བསྐྱེད་ཡིན་པའི་རྣམ་པ་ཡག་མོ་ཞིག་ཆགས་པར་བྱས་ཡོད།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། དཀར་མཛེས་ཁུལ་གྱི་ལས་དོན་དེ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་ཁྱོན་ཡོངས་ནས་འཆམ་མཐུན་དང་བརྟན་ལྷིང་ཡོང་བ་དང་ཏང་གིས་བོད་རིགས་ས་ཁུལ་གྱི་སྲིད་སྐྱོང་རྨང་གཞི་སྲ་བརྟན་དུ་གཏང་རྒྱུ་དང་འབྲེལ་བ་ཡོད་པས། གཙོ་དོན་སློབ་གསོ་སྤེལ་རྒྱུ་དེ་བས་གལ་ཆེ་ཞིང་དམིགས་བསལ་གྱི་དོན་སྙིང་ལྡན་ཡོད།གཙོ་དོན་སློབ་གསོ་སྤེལ་རྒྱུ་ནི་སྲུང་སྐྱོང་བྱ་རྒྱུ་གཉིས་ཀྱི་ཆབ་སྲིད་ལས་འགན་ཞིག་ཡིན་པ་དང་། ཏང་ནང་ཁུལ་གྱི་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་བའི་ལག་ལེན་གལ་ཆེན།སྤྱོད་ཚུལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་བའི་བྱ་ཐབས་གལ་ཆེན་དང་དཀར་མཛེས་ཁུལ་གྱི་ལས་དོན་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་བཅས་ཡིན་པ་རེད།

   ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན།རིམ་པ་ཁག་གི་ཏང་རྩ་འཛུགས་ཀྱིས་ཐོག་མའི་བསམ་འདུན་སྲུང་བ་དང་འགན་འཁྲི་འཁུར་བ།ཧེ་བག་འཚོལ་བ།དོན་འཁྱོལ་དམ་འཛིན་བཅས་ཀྱི་སྤྱིའི་བླང་བྱ་ལྟར། སློབ་སྦྱོང་སློབ་གསོ་དང་བརྟག་དཔྱད་ཞིབ་འཇུགལྟ་ཞིབ་གནད་དོན། དག་ཐེར་དོན་འཁྱོལ་བཅས་ཀྱི་གཙོ་གནད་བྱ་ཐབས་བཞི་དེ་གཙོ་དོན་སློབ་གསོའི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ། རིགས་པའི་གཞུང་ལུགས་སློབ་སྦྱོང་ལ་གྲུབ་འབྲས་ཐོབ་པ་དང་བསམ་བློའི་ཆབ་སྲིད་ལ་ཉམས་སད་ཐེབས་པ།ལས་སྒྲུབ་ལས་གཏོད་ཀྱི་འགན་འཁྲི་འཁུར་ཕོད་པ།མི་དམངས་ལ་ཞབས་འདེགས་ཞུས་ནས་དཀའ་གནད་སེལ་བ། སྤྱོད་གཙང་ལུགས་དྲང་གིས་དཔེ་སྟོན་བྱེད་པ་བཅས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་དགོས།སློབ་སྦྱོང་དང་སློབ་གསོ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་མ་རྩོམ་ཀློག་པ་དང་མ་ཡིག་སྦྱོང་བ།རྩ་བའི་རིགས་པ་རྟོགས་པ། སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་བླངས་ནས་སྦྱངས་པ་གོ་ཆོད་བྱ་དགོས།བྱ་ཐབས་ལ་དོ་སྣང་དང་བྱེད་ཐབས་ནུས་ལྡན་སྤྱོད་པ།ཕན་འབྲས་དངོས་སུ་ཐོན་པ་བཅས་བྱས་ནས་ཐོག་མའི་བསམ་འདུན་སྲུང་བའི་ཁྲོད་དུ་ཏང་ལ་བློ་སེམས་དཀར་པོ་མངོན་ཐུབ་པར་བྱ་དགོས།བརྟག་དཔྱད་ཞིབ་འཇུག་བྱ་རྒྱུ་དེ་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ནས་ལས་འགན་ཁུར་ནས་གཞི་རིམ་དུ་སྐྱོད་པ་དང་ལྷག་བསམ་རྣམ་དག་གིས་གཞི་རིམ་དུ་མར་བཅའ་བ།ཐབས་ཇུས་བཟང་པོ་ཏང་རྩ་འཛུགས་ལ་ཡར་སྤྲོད་པ། འཇོན་ནུས་དངོས་སུ་འདོན་པའི་ཁྲོད་དུ་འགན་འཁྲི་དངོས་སུ་འཁུར་དགོས། གནད་དོན་ལ་ལྟ་ཞིབ་བྱ་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ་གནད་དོན་འཛིན་ཕྱོགས་མཐའ་འཁྱོངས་དང་། མ་བསྐུལ་དང་ལེན་གྱིས་ཚད་གཞི་དང་རེའུ་མིག་ལ་དཔེ་བསྡུར་བྱེད་པ། ལྟ་ཞིབ་དང་བསམ་ཞིབ་ནན་ཏན་བཅས་བྱས་ཏེ། ཧེ་བག་འཚོལ་བ་དང་ཆབས་ཅིག་ཞན་ཆ་གསབ་དགོས། དག་ཐེར་དང་ལེགས་བཅོས་དོན་འཁྱོལ་བྱ་རྒྱུར་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱེད་པ་དང་། དུས་ནུས་རང་བཞིན་དང་ཡུན་ཕན་རང་བཞིན། དམིགས་སའི་རང་བཞིན་བཅས་ལ་དོ་སྣང་བྱས་ཏེ། དག་ཐེར་དང་ལེགས་བཅོས་ནར་འགྱངས་དང་སླ་བཅོས། སྣང་མེད་བཅས་བྱེད་པར་སྔོན་འགོག་བྱེད་པ་དང་། དོན་འཁྱོལ་དམ་འཛིན་བྱེད་པའི་ཁྲོད་དུ་ཕན་འབྲས་ཐོན་པར་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་བསྟན་དོན། རྩ་འཛུགས་འགོ་ཁྲིད་ལ་ཤུགས་རྒྱག་པ་དང་ལས་ཀའི་བླང་བྱ་ཁ་གསལ་བཟོས་ཏེ་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བའི་གཙོ་དོན་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏང་དགོས། འགན་འཁྲི་འཁུར་ཕོད་པ་དང་དངོས་སྒྲུབ་ལག་བསྟར་གཙོ་བོ་བྱས་ཤིང་། རིགས་དབྱེ་མཛུབ་ཁྲིད་བྱེད་པ་དང་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བ། ལྟ་སྐུལ་ནན་པོ་དང་ཁྲིད་སྟོན་བྱེད་མཁས་པོ་བཅས་བྱ་རྒྱུར་དོ་སྣང་ཆེན་པོ་བྱས་ནས་ཁོར་ཡུག་བཟང་པོ་སྐྲུན་པ་དང་། ཕྱི་ཚུལ་རིང་ལུགས་སྤང་གང་ཐུབ་བྱས་ཏེ་སྤྱོད་ཚུལ་ནན་པོར་བརྟེན་ནས་གཙོ་དོན་སློབ་གསོ་སྐུལ་འདེད་ནུས་ལྡན་དང་འཕེལ་རྒྱས་གོ་རིམ་ལྡན་པ། གྲུབ་འབྲས་མངོན་གསལ་དོད་པོ་བཅས་ཡོང་བར་ཁག་ཐེག་བྱ་དགོས།

    ཚང་འཛོམས་གྲོས་ཚོགས་ལས་བསྟན་དོན། གཙོ་དོན་སློབ་གསོ་སྤེལ་རྒྱུ་དང་མིག་སྔའི་འཕེལ་རྒྱས་བརྟན་ལྷིང་གི་དམངས་འཚོའི་ལས་དོན་ཁག་ཡག་པོ་བསྒྲུབ་རྒྱུ་ཟུང་འབྲེལ་བྱས་ནས། ཏང་མི་ལས་བྱེད་པས་གཙོ་དོན་སློབ་གསོའི་ཁྲོད་འཕེལ་བའི་ལས་ཀའི་སྤྲོ་སེམས་དང་འབད་འཐབ་ཀྱི་སྙིང་སྟོབས་དེ“སྲུང་སྐྱོང་གཉིས”བྱ་རྒྱུ་དང་ས་གནས་དེ་ག་དང་། སྡེ་ཚན་དེ་ག། ཚན་པ་དེ་ག་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པའི་དངོས་ཡོད་བྱ་སྤྱོད་དུ་བསྒྱུར་ནས་ཁུལ་ཨུའི་བཀོད་སྒྲིག་གཞིར་བཟུང་ནས་དུས་ཚིགས་གསུམ་པར་གདོང་མཆོང་བྱེད་པ་དང་དུས་ཚིགས་བཞི་པར་འབད་འཐབ་ཀྱིས་རྒྱལ་ཁ་ཡོངས་སུ་བརྩོན་ལེན་བྱ་དགོས། ཚ་ཚ་འུར་འུར་གྱིས་སློབ་སྦྱོང་དང་ལག་བསྟར་མགྱོགས་པོར་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་དོན་འཁྱོལ་ཐུབ་པའི་འགན་ལེན་བྱ་དགོས། བརྟན་ལྷིང་སྲུང་སྐྱོང་གི་ལས་འགན་ཨང་དང་པོ་དེ་མངོན་གསལ་དོད་པོར་བྱས་ནས་ཡུན་རིང་བདེ་འགོད་ཀྱི་རྣམ་པ་རྒྱུན་མཐུད་སྲ་བརྟན་དུ་གཏང་དགོས། དབུལ་ཐར་འགག་སྒྲོལ་གྱི་དོན་ཆེན་ཨང་དང་པོ་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་དམངས་འཚོ་འགན་ལེན་དང་ལེགས་བཅོས་རྒྱུན་འཁྱོངས་བྱ་དགོས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་དང་རྒྱུན་སྲིང་ཐུབ་པའི་ཆབ་སྲིད་ཀྱི་ལས་འགན་དེ་མངོན་གསལ་དོད་པོ་ཡོང་བར་བྱས་ཏེ་ཁྲིམས་ལྟར་དགོན་པ་སྐྱོང་བ་དང་གྲྭ་པ་སྐྱོང་བ་ལ་ཕྱོགས་ཡོངས་ནས་ཤུགས་བརྒྱག་དགོས། འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བའི་གནད་འགག་དེ་མངོན་གསལ་དོད་པོར་བྱས་ཏེ་ཁུལ་ཡོངས་ཀྱི་དཔལ་འབྱོར་བརྟན་པོའི་ངང་འཕར་སྣོན་ཡོང་བ་བྱ་དགོས། ཕྱོགས་ཡོངས་ནས་ཏང་ནན་སྐྱོང་གི་རྩ་བའི་འགན་ལེན་དེ་མངོན་གསལ་དོད་པོ་ཡོང་བ་བྱས་ཏེ་ཏང་གིས་བོད་ཁུལ་དུ་སྲིད་སྐྱོང་བའི་རྨང་གཞི་ཇེ་བརྟན་དུ་གཏོང་བར་ཤུགས་བརྒྱག་དགོས།

    ཚང་འཛོམས་གྲོས་ཚོགས་ཐོག་ཁུལ་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་བྱེད་པ་དང་། ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་སུ་བརྟན་པོར་འཆང་བ་དང་། མུ་མཐུད་དེ་མདུན་སྐྱོད་བྱེད་ཅིང་། ངོས་འཛིན་དང་བསམ་བློ་བཅིངས་འགྲོལ་བྱེད་ཤུགས་དེ་བས་ཆེ་རུ་གཏོང་ཞིང་། ཆོད་སེམས་དེ་བས་ཆེན་པོས་མི་འདང་ས་ཁ་གསབ་དང་བྱེད་ཐབས་ཇེ་དྲག་ཏུ་གཏོང་བ་དང་། བློ་གཤོགས་དེ་བས་ཆེན་པོས་ལས་སྒྲུབ་ལས་གཏོད་དང་ལས་ཀར་སྐུལ་འདེད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་གཙོ་དོན་སློབ་གསོ་སྤུས་ཚད་མཐོན་པོ་དང་ཁྱད་ཆོས་ཡོད་པ། ཕན་འབྲས་ཆེ་བས་སྐུལ་འདེད་བཏང་ནས་ལས་དོན་ཁག་གོང་འཕེལ་ནུས་ལྡན་དང་གྲུབ་འབྲས་ཕུན་སུམ་ཚོགས་པ། མང་ཚོགས་ཡི་རང་བ་བཅས་ཡོང་བར་བྱས་ཏེ། མཛེས་སྡུག་སྐྱེ་ཁམས་དང་འཆམ་མཐུན་འབྱོར་འབྲིང་གི་དཀར་མཛེས་ཁུལ་འཛུགས་སྐྱོང་བྱས་པའི་གྲུབ་འབྲས་བཟང་པོས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ70འཁོར་བར་དགའ་སྟོན་རྟེན་འབྲེལ་ཞུ་དགོས་སོ།།


  • ལེ་ཚན་སྔོན་མ།:དཀར་མཛེས་རྫོང་གེ་སར་རྒྱལ་པོའི་མཁར་གྱི་གྲུབ་སྟོན།
  • ལེ་ཚན་རྗེས་མ།:དཀར་མཛེས་རྫོང་དུ་གེ་སར་རིག་གནས་ཀྱི་རིག་གཞུང་བགྲོ་གླེང་ཚོགས་འདུ་འཚོགས།
  • དོ་སྣང་ཆེ་བའི་རྩོམ།