ཀུན་གྲོལ་གྱིས་བསྒྱུར། 2019-09-11
ཆུ་དཔོན་ལམ་ལུགས་ཁྱབ་སྤེལ་གཏོང་བ་ནས་བཟུང་། དཔལ་ཡུལ་རྫོང་གིས་ཆུ་བོར་ནམ་རྒྱུན་བཅོས་སྐྱོང་བྱས་ནས་ཆུ་དཔོན་ལམ་ལུགས་ཀྱི་ལས་ཀར་སྐུལ་འདེད་བཏང་སྟེ་ཆུ་བོ་དང་གཙང་པོའི་ཁོར་ཡུག་སྲུང་སྐྱོང་ནུས་ལྡན་བྱས་པ་རེད། སྔར་ལས་ལྷག་པར་ཆུ་ལམ་གཙང་སྦྲ་དང་བཅོས་སྐྱོང་བྱེད་པའི་ལས་ཀའི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་ཆུ་ཁོངས་ཀྱི་ཁོར་ཡུག་ལེགས་བཅོས་བྱེད་ཆེད། དཔལ་ཡུལ་རྫོང་སྒ་རྗེ་གྲོང་རྡལ་གྱིས་ལས་བྱེད་པ་དང་། གྲོང་སྡེ་སོ་སོའི་ཆུ་བོར་སྐོར་ཞིབ་བྱེད་མཁན། ཁོར་སྲུང་མི་སྣ་དང་མང་ཚོགས་བཅས་སྒྲིག་འཛུགས་བྱས་ཏེ་ཁོངས་གཏོགས་ས་ཁུལ་གྱི་འཇོམ་ཆུའི་འགྲམ་གཉིས་ལ་སྐོར་ཞིབ་གཙང་བཤེར་དང་བཅོས་སྐྱོང་བྱེད་པའི་ལས་ཀ་སྤེལ་བ་རེད།།
དོ་སྣང་ཆེ་བའི་རྩོམ།
རྩོམ་གསར། 10