ལིའུ་ཁྲེང་མིང་གིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས།

    ལྷ་འཛོམས་ཀྱིས་བསྒྱུར།    2019-09-11

ལིའུ་ཁྲེང་མིང་གིས་དགེ་རྒན་དུས་ཆེན་ལ་འཚམས་འདྲི་ཞུས།


   དགེ་རྒན་དུས་ཆེན་ཐེངས35མ་ཤར་བའི་སྔོན་དུ་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔ་ཕྱིར་དར་མདོ་གྲོང་ཁྱེར་འགག་ཟུར་སློབ་ཆུང་དང་ལྕགས་ཟམ་རྫོང་ལྕགས་ཟམ་ཁ་སློབ་ཆུང་། དཀར་མཛེས་ཁུལ་གྱི་མཐོ་རིང་སློབ་འབྲིང་བཅས་ལ་ཕེབས་ནས་ཏང་ཨུ་དང་སྲིད་གཞུང་གིས་ཚབ་བྱས་ནས་ཁུལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོ་ལས་སྒྲུབ་པ། ལས་བྲལ་དང་ལས་འཁྱུར་ངལ་གསོ་བྱེད་པའི་དགེ་རྒན་ལ་བླ་ན་མེད་པའི་གུས་བཀུར་ཞུ་བ་རེད། སློབ་གྲྭ་རེར་སླེབས་དུས་ལིའུ་ཁྲེང་མིང་གིས་དགེ་རྒན་ཚོ་དང་རེ་རེ་བཞིན་ཕྱག་བཏང་གནང་ཞིང་བཀྲ་ཤིས་སྨོན་འདུན་ཞུ་པས་མ་ཚད། ད་དུང་དགེ་རྒན་ཚོའི་ལས་ཀ་དང་འཚོ་བ། སློབ་གྲྭའི་འཕེལ་རྒྱས། དགེ་རྒན་དཔུང་སྡེ་འཛུགས་སྐྱོང་། སློབ་རའི་རིག་གནས་འཛུགས་སྐྱོང་། ཉེན་མེད་ལས་ཀ་སོགས་ཀྱི་གནས་ཚུལ་ཆ་རྒྱུན་ལོན་པ་རེད། ཁོང་གིས་དགེ་རྒན་ནི་མིའི་རིགས་ཀྱི་བསམ་པའི་བཟོ་བཀོད་པ་ཡིན་ལ་སྒྲོན་མེ་ལྟར་རང་ཉིད་འབར་ནས་གཞན་གསལ་བ་རེད། རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོ་ལས་སྒྲུབ་པས་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ། མུ་མཐུད་ནས་རང་འབར་གཞན་གསལ་གྱི་པྲ་ཚིལ་སྒྲོན་མེའི་སྙིང་སྟོབས་དར་སྤེལ་བཏང་ནས་ཕན་ཚུན་སློབ་སྦྱོང་བྱེད་པ་དང་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པ། ཧུར་ཐག་གིས་སློབ་ཁྲིད་ཆུ་ཚད་དང་སློབ་གསོ་སྤུས་ཚད་མཐོ་རུ་བཏང་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་བྱང་ཚད་མཐོ་བའི་ཤེས་ལྡན་མི་སྣ་སྔར་ལས་མང་བ་གསོ་སྐྱོང་བྱ་དགོས་པའི་ཐུགས་རེ་གནང་། གཞན་ཡང་ཁོང་གིས་སློབ་གྲྭ་ཚོར་ཉེན་མེད་ལས་ཀ་དེ་ཨང་དང་པོར་བྱེད་པར་རྒྱུན་འཁྱོངས་བྱ་དགོས་པ་དང་ཁྱད་པར་དུ་བྱིས་པ་ཚོའི་ཟས་རིགས་ཉེན་མེད་དང་འགྲིམ་འགྲུལ་ཉེན་མེད་ཐད་ལ་ཉེན་བརྡ་རྒྱུན་སྒྲོག་བྱེད་ཅིང་རྒྱུན་འཛིན་ལྷོད་མེད་བྱ་དགོས་པའི་བླང་བྱ་ནན་པོ་བཏོན་པ་རེད།།

  • ལེ་ཚན་སྔོན་མ།:རང་ཁུལ་གྱིས་དགེ་རྒན་དུས་ཆེན་ཐེངས35པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་ནས་བྱ་དགའི་དངུལ་སྒོར་ཁྲི499.6896སྤྲད།
  • ལེ་ཚན་རྗེས་མ།:དཔལ་ཡུལ་རྫོང་ཨ་ཚབ་གྲོང་རྡལ་གྱི་ཞབས་ཞུ་དཔུང་སྡེས་དབུལ་ཐར་འགག་སྒྲོལ་བྱེད་རོགས་བྱས།
  • དོ་སྣང་ཆེ་བའི་རྩོམ།