གསར་འགྱུར་གནད་བསྡུས།

        2019-09-09

༄༅།། ཟླ་བ9པའི་ཚེས5ཉིན། རྒྱལ་ཡོངས་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ནས། ཚོགས་ཐོག་ཀྲང་ཧྥུ་ཆིང་སོགས་བློ་མཐུན58ལ་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་གཟི་བརྗིད་མཚན་སྙན་གནང་བ་རེད། དེའི་ནང་ཀྲུང་གོ་སྦྲགས་སྲིད་ཚོགས་པའི་སྤྱི་གཉེར་ཁང་སི་ཁྲོན་ཞིང་ཆེན་དཀར་མཛེས་རྫོང་ཡན་ལག་སྤྱི་གཉེར་ཁང་གི་ཁ་ལོ་བ་འཆི་མེད་རྡོ་རྗེར་སྐབས་བདུན་པའི་རྒྱལ་ཡོངས་ཀུན་སྤྱོད་དཔེ་བཟང་གི་མཚན་སྙན་ཐོབ་པ་རེད།།

༄༅།། སྐབས་བཅུ་གཅིག་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དེ་སྤྱི་ཟླ་དགུ་པའི་ཚེས8ནས་ཚེས16ཉིན་བར་ཧོ་ནན་ཞིང་ཆེན་ཀྲེན་ཀྲོའུ་གྲོང་ཁྱེར་དུ་སྤེལ་བ། རང་ཁུལ་གྱི་ལུས་རྩལ་རྣམ་གྲངས་གླང་ཆེན་ས་གཤགས་ཀྱི་ལུས་རྩལ་པ5ཡིས་སི་ཁྲོན་གྱི་ལུས་རྩལ་ཚོགས་པའི་ཚབ་བྱས་ནས་སྐབས་འདིའི་ལུས་རྩལ་འགྲན་ཚོགས་ནང་གླང་ཆེན་ས་གཤགས་ཀྱི་རྣམ་གྲངས་འགྲན་སྡུར་ནང་ཞུགས་རྒྱུ་རེད།།


  • ལེ་ཚན་སྔོན་མ།:བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།
  • ལེ་ཚན་རྗེས་མ།:འབའ་ཐང་རྫོང་མཚོ་ཕུ་ལུང་པའི་ལྗོངས་ཁུལ་ཟླ་འདིའི་ཚེས་26ཉིན་ལ་སྒོ་དབྱེ་རྒྱུ།
  • དོ་སྣང་ཆེ་བའི་རྩོམ།