བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

ཨོ་རྒྱན་དང་བདེ་ཆེན་གྱིས་བསྒྱུར།        2019-09-05

   

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

   ཉེ་ཆར། ཅང་སུའུ་ཁུན་ཧྲན་དུ2019ལོའི་ཟློས་གར་སྣ་འཛོམས་གར་རྩལ་མཛད་སྒོ་གཟབ་རྒྱས་ངང་འཁྲབ་འགོ་ཚུགས་ཤིང་། ཞིང་ཆེན20ནས་ཡོང་བའི་ཟློས་གར་རིགས112དང་གསུང་རབ་ཟློས་གར་གྱི་རྣམ་གྲངས118དེ་ཁུན་ཧྲན་དུ་འཁྲབ་སྟོན་བྱས་པ་རེད།

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

   དེ་ལས་སི་ཁྲོན་ཞིང་ཆེན་ཟློས་གར་དུམ་བུའི་ཆེད་དོན་འཁྲབ་སྟོན་ཁྲོད་གསེར་ཐར་རྫོང་བོད་ཀྱི་ཟློས་གར་ཚོགས་པའི་འཁྲབ་སྟོན་བྱས་པའི་བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཞེས་པའི་རྒྱན་གོས་མཛེས་ཤིང་ལྟ་ན་སྡུག་པ་དང་། རྣམ་པ་ཕུན་སུམ་ཚོགས་ལ་ཉམས་དང་ལྡན་པ། ལོ་རྒྱུས་མཚོན་པའི་སྙན་ངག་གི་ཉམས་འགྱུར་མངོན་པ་དང་། གེ་སར་སྐུ་ན་ཆུང་དུས་བའི་སྐབས་ཀྱི་རྟ་རྒྱུག་རྒྱལ་འཇོག་གསོན་ཉམས་དོད་པོ་ཡིན་པས་ཡུལ་དངོས་ཀྱི་ལྟད་མོ་བའི་དགའ་བསུ་ཆེན་པོ་ཐོབ་པ་རེད།

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

  ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་ཟློས་གར་དུམ་བུའི་ཆེད་དོན་འཁྲབ་སྟོན་དེ་ད་ལོའི་ཟླ་བ3པ་ནས་བཟུང་གྲ་སྒྲིག་བྱེད་འགོ་ཚུགས་ཤིང་། འཁྲབ་སྟོན་མི་སྣ་ཁྱོན་བསྡོམས136ཡོད་ཅིང་། སི་ཁྲོན་ཞིང་ཆེན་གཞས་མ་གཏམ་ཞིབ་འཇུག་ཁང་དང་ཀོང་ཡོན་གྲོང་ཁྱེར། རྔ་བ་ཁུལ། དཀར་མཛེས་ཁུལ་སོགས་ས་གནས་ཟློས་གར་ཁང་དང་ཚོགས་པ5ཡིས་མཉམ་དུ་གཞས་མ་གཏམ་གྱི་ཟློས་གར1དང་ཟློས་གར་དུམ་བུ4འཁྲབ་པ་རེད། ནང་དོན་ཕུན་སུམ་ཚོགས་ལ་སི་ཁྲོན་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ཕྱོགས་བསྡུས་ཟློས་གར་གྱི་ཆེད་དོན་འཁྲབ་སྟོན་དེས་རྒྱ་ཆེ་བའི་ལྟད་མོ་བར་སྒྱུ་རྩལ་གྱི་ལོངས་སྤྱོད་ཐུན་མོང་མ་ཡིན་པ་ཞིག་བྱིན་པ་རེད།

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

   སྣ་འཛོམས་ཟློས་གར་གྱི་གར་རྩལ(ཁུན་ཧྲན)མཛད་སྒོའི་ཆེད་མཁས་བགྲོ་གླེང་ཚོགས་འདུ་ཐེངས་གཉིས་པ་རུ། ཆེད་མཁས་དག་གིས་གསེར་ཐར་རྫོང་གི་བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཞེས་པར་གདེང་འཇོག་ཆེན་པོ་གནང་ལ། ས་གནས་ཀྱི་མི་རིགས་སྒྱུ་རྩལ་ཁྱད་ཆོས་ལྡན་ཞིང་། རྒྱུན་འཛིན་ཡོད་ལ་གསར་གཏོད་ཀྱང་ཡོད་པས་མི་རྣམས་ཀྱིས་བརྗེད་པར་དཀའ་བ་ཞིག་ཡིན་པར་ངོས་འཛིན་བྱས་ཐོག  གསེར་ཐར་བོད་ཀྱི་ཟློས་གར་ཚོགས་པས་མུ་མཐུད་ནས་བོད་ཀྱི་ཟློས་གར་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཟམ་མི་ཆད་པར་གཏང་རྒྱུའི་རེ་བ་བཏོན་པ་རེད།

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

  གསེར་ཐར་རྫོང་གིས་སི་ཁྲོན་རུ་ཁག་གི་ཚབ་བྱས་ནས་བོད་ཀྱི་ཟློས་གར་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུའི་ཡིད་ཆེས་དང་ཆོད་སེམས་མུ་མཐུད་ནས་མཐའ་འཁྱོངས་བྱ་རྒྱུ་ཡིན་ཞེས་བཤད་པར་མ་ཟད། གེ་སར་ཟློས་གར་གྱི་གྱོན་ཆས་ཆ་ཚང་ཞིག་དངོས་མང་ཁང་དུ་ཞལ་འདེབས་སུ་ཕུལ་བ་རེད།།

འཁྲབ་ཚན་དང་པོ། རྟ་རྒྱུག་དོན་ཆེན་གྲོས་བསྡུར།

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

འཁྲབ་ཚན་གཉིས་པ། གླིང་གི་རྟ་རྒྱུག

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།
འཁྲབ་ཚན་གསུམ་པ། ཁྲི་འདོན་གྱི་རྟེན་འབྲེལ་ཆེན་མོ། 

བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།

 


  • ལེ་ཚན་སྔོན་མ།:རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
  • ལེ་ཚན་རྗེས་མ།:གསར་འགྱུར་གནད་བསྡུས།
  • དོ་སྣང་ཆེ་བའི་རྩོམ།