རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

སྐལ་ཐུབ་ཀྱིས་བསྒྱུར།        2019-09-05

   

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

    སྤྱི་ཟླ9པའི་ཚེས3ཉིན། རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ཕྱིར་རང་ཡུལ་དུ་ལོག་པ་དང་། ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་དང་དར་མདོ་གྲོང་ཁྱེར་མི་དམངས་དྲག་ཆས་པུའུ། དར་མདོ་གྲོང་ཁྱེར་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་བཅས་ཀྱི་འབྲེལ་ཡོད་མི་སྣས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་རྣམས་ལ་མེ་ཏོག་དམར་པོ་དང་བཀྲ་ཤིས་པའི་ཁ་བཏགས་བཅས་ཕུལ་བ་དང་། མཛའ་བརྩེའི་འཚམས་འདྲི་ཞུས་ཐོག་ཁོ་ཚོ་དང་དྲན་རྟེན་གྱི་མཉམ་པར་བསྒྲོན་པ་རེད།

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

   ཁུལ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་ཅུས་ཀྱི་ཅུས་ཀྲང་ཏིང་སུའུ་ཅོན་གྱིས་ད་ཐེངས་ཕྱིར་ལོག་པའི་དམག་མི་རྣམས་ནི་རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཚན་པ་དང་པོ་ཡིན་ཞིང་། ཕྱིན་ཆད་ད་དུང་མུ་མཐུད་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཚན་པ་ཁག་ལ་དགའ་བསུ་ཞུ་བའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ཡིན་ཞེས་བཤད་པ་རེད།

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

   དེ་ནས་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཚོ་དཀར་མཛེས་ཁུལ་མི་རིགས་དངོས་མང་བཤམས་སྟོན་ཁང་དུ་ལྟ་སྐོར་བྱེད་སར་ཁྲིད་ནས་ཁོ་ཚོར་ཁམས་པའི་ལོ་རྒྱུས་དང་དཀར་མཛེས་ཁུལ་གྱི་འཕེལ་རྒྱས། ཕ་ཡུལ་གྱི་འགྱུར་ལྡོག་བཅས་ལ་མྱོང་རོལ་བྱེད་དུ་བཅུག་པ་རེད།

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།

     བཞུགས་མོལ་གྲོས་ཚོགས་ཐོག་དམག་མི་ཚོས་ང་ཚོ་དམག་ཁོངས་ནས་ཕྱིར་ལོག་ཟིན་ན་ཡང་། དམག་མིའི་རང་གཤིས་དོར་མེད་ལ་དམག་མིའི་སྤོབས་སེམས་ཉམས་མེད། ང་ཚོས་རང་གི་ནུས་ཤུགས་གང་ཡོད་བཏོན་ནས་ཕ་ཡུལ་འཛུགས་སྐྲུན་བྱེད་ཆེད་བྱས་རྗེས་གཞག་རྒྱུ་ཡིན་ཞེས་བཤད་པ་རེད།

རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
རང་ཁུལ་གྱི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི32ལ་དགའ་བསུ་ཞུ།
 

   ཤེས་རྟོགས་བྱུང་བར་གཞིགས་ན། དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ལ་ལས་ཞུགས་ཐད་ལ་གལ་ཏེ་གཞུང་ཞབས་པར་རྒྱུགས་སྤྲོད་པ་ཡིན་ན་སྐར་མ་མཐོ་ཤོས10བསྣན་ཆོག་ཅིང་། བྱ་གཞག་སྡེ་ཚན་དུ་རྒྱུགས་སྤྲོད་པ་ཡིན་ན། སྐར་མ་མཐོ་ཤོས6བསྣན་ཆོག་པའི་ལྟ་སྐྱོང་ཡོད་པ་དང་། ལས་ལམ་གསར་སྐྲུན་གྱི་ཐད་ལ་མི་གཅིག་ལ་དངུལ་སྐྱེད་ཁ་གསབ་བྱས་པའི་དངུལ་བུན་སྒོར་ཁྲི15བསྐྱི་ཆོག་པ་དང་། མི་གཅིག་ལ་ལས་སྐྲུན་ཁ་གསབ་མ་དངུལ་སྒོར8000རག་ཐུབ་པ་དང་། དུད་ཚང་གཅིག་ལ་ཁྲལ་དངུལ་སྒོར14400བཅག་པའི་ལྟ་སྐྱོང་ཡོད་པ་རེད།།

 


  • ལེ་ཚན་སྔོན་མ།:བོད་ལྗོངས་ཀྱི་སྤོ་ཁྱེར་བདེ་བའི་རིག་གནས་དངོས་རྫས་ཁྲི13ལ་རྒྱལ་ཁབ་ཀྱི“རིག་གནས་དངོས་རྫས་ཀྱི་ཐོབ་ཐང་ལག་ཁྱེར”ཐོབ།
  • ལེ་ཚན་རྗེས་མ།:བོད་ཀྱི་ཟློས་གར《རྟ་རྒྱུག་རྒྱལ་འཇོག》ཁུན་ཧྲན་དུ་འཁྲབ་སྟོན་བྱས།
  • དོ་སྣང་ཆེ་བའི་རྩོམ།