ནུས་ཤུགས་ཡོད་རྒུས་དུས་བཞིར་ཀུན་ཏུ་འཕྲོད་པའི་ཡུལ་སྐོར་གྱི་ཟོང་རྟགས་བསྐྲུན།

བདེ་སྐྱིད་ཀྱིས་བསྒྱུར།        2019-09-04

   སྤྱི་ཟླ8པའི་ཚེས22ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་ཡིས་གཙོ་འགན་བཞེས་ནས་ཡུལ་སྐོར་ལས་ཀའི་ཆེད་དོན་ཚོགས་འདུ་འཚོགས་ནས་དགུན་དུས་ཡུལ་སྐོར་དང་ཡུལ་སྐོར་ལམ་རྒྱུད་ཀྱི་སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཆ་ཚང་འཛུགས་སྐྲུན་སོགས་ཀྱི་འབྲེལ་ཡོད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།

    ཞའོ་ཡིའུ་ཚའེ་ཡིས་རིམ་པ་ཁག་དང་སྡེ་ཁག་སོ་སོས་རང་ཁུལ་གྱི་ཡུལ་སྐོར་ཐོན་ཁུངས་ལ་བརྟེན་ནས་ཐོན་ཁུངས་གསབ་རེས་དང་མཚོན་རྟགས་གསོ་སྐྱོང་། ཁྱད་ཆོས་མངོན་གསལ་བྱ་རྒྱུའི་རྩ་དོན་རྒྱུན་འཁྱོངས་བྱེད་པ་དང་དུས་ཚོད་དམ་འཛིན་བྱས་ནས་དགུན་དུས་ཀྱི་རིག་གནས་ཡུལ་སྐོར་བྱེད་སྒོའི་ལག་བསྟར་འཆར་གཞི་བཟོས་མཐར། དགུན་དུས་ཀྱི་ཡུལ་སྐོར་ལས་གཞི་ཚན་པ་གཅིག་གསོ་སྐྱོང་བྱས་ནས་དམངས་སྲོལ་དང་དུས་ཆེན་གྱི་བྱེད་སྒོའི་ནང་དོན་རྒྱུན་ཆད་མེད་པར་ཕུན་སུམ་ཚོགས་པོ་བྱེད་པ་དང་ཆབས་ཅིག ཁུལ་ཡོངས་སུ་རྒྱལ་སྲུང་གཞུང་ལམ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གྱི་ཕྱོགས་བསྡུས་ཞབས་ཞུའི་སྒྲིག་གཞི་ཇེ་མགྱོགས་སུ་འཛུགས་སྐྲུན་བྱ་རྒྱུ་དང་། ཆབ་ཁང་གསར་བརྗེ་བྱེད་པར་སྐུལ་འདེད་ཟབ་ཏུ་བཏང་ནས་ཡུལ་སྐོར་སྣེ་ལེན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་སྟེ་དུས་ཚིགས་བཞི་པོར་འཚམ་པའི་ཡུལ་སྐོར་ཟོང་རྟགས་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།།


  • ལེ་ཚན་སྔོན་མ།:ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་བཅོས་བསྒྱུར་ལས་ཁུངས་ཆ་ཤས་ཀྱི་ཆེད་དོན་སྙན་སེང་ལ་གསན་འཇོག་གནང་།
  • ལེ་ཚན་རྗེས་མ།:དར་མདོ་གྲོང་ཁྱེར་མི་རིགས་སློབ་ཆུང་གིས་སློབ་འགོ་ཚུགས་པའི་སློབ་ཐུན་དང་པོའི་འགོ་ཡག་པོ་བཙུགས།
  • དོ་སྣང་ཆེ་བའི་རྩོམ།