ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་བཅོས་བསྒྱུར་ལས་ཁུངས་ཆ་ཤས་ཀྱི་ཆེད་དོན་སྙན་སེང་ལ་གསན་འཇོག་གནང་།

ལྷ་འཛོམས་ཀྱིས་བསྒྱུར།        2019-09-04

   

ལིའུ་ཁྲེང་མིང་དང་ཞའོ་ཡིའུ་ཚའེ་ཡིས་སྒྲིག་གཞི་བཅོས་བསྒྱུར་ལས་ཁུངས་ཆ་ཤས་ཀྱི་ཆེད་དོན་སྙན་སེང་ལ་གསན་འཇོག་གནང་།

   སྤྱི་ཟླ8པའི་ཚེས20ནས30ཉིན་བར་ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཁྲེང་མིང་སྔ་ཕྱིར་ཁུལ་རང་བྱུང་ཐོན་ཁུངས་ཅུས་དང་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་དང་ཡུལ་སྐོར་ཅུས། ཁུལ་སློབ་གསོ་དང་ལུས་རྩལ་ཅུས། ཁུལ་ནགས་ལས་དང་རྩྭ་ཐང་ཅུས། ཁུལ་ཞིང་འབྲོག་ཞིང་སྡེ་ཅུས། ཁུལ་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་བཅས་ལ་ཕྱིན་ནས་ཡུལ་དངོས་སུ་སྡེ་ཁག་སོ་སོ་སྒྲིག་གཞི་བཅོས་བསྒྱུར་བྱས་རྗེས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་ཆ་རྒྱུས་ལོན་པ་དང་། ད་དུང་ཚེས30ཉིན་གྱི་སྔ་དྲོར་གྲོས་ཚོགས་ཐོག་སྡེ་ཁག་སོ་སོས་འགན་ནུས་བསྒྱུར་བ་དང་གཙོ་གནད་ལས་ཀ་སྤེལ་ཚུལ་སྐོར་གྱི་སྙན་སེང་ལ་གསན་འཇོག་གནང་བར་མ་ཟད། ད་དུང་ཕྱིན་ཆད་ཀྱི་ལས་ཀ་བཀོད་སྒྲིག་མཛད་པ་རེད།

   ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཞའོ་ཡིའུ་ཚའེ་གྲོས་ཚོགས་ནང་ཞུགས་ཡོད།

   ཁུལ་ཨུའི་རྒྱུན་ཨུ། ཁུལ་དྲིལ་བསྒྲགས་པུའུ་ཡི་པུའུ་ཀྲང་བྱམས་བློ་དང་ཁུལ་ཨུའི་རྒྱུན་ཨུ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ལི་དབྱི་ཞི། ཁུལ་ཨུའི་རྒྱུན་ཨུ། ཁུལ་རྩ་འཛུགས་པུའུ་ཡི་པུའུ་ཀྲང་ཡའོ་པིན་སོགས་བརྟག་ཞིབ་ནང་ཕེབས་རོགས་གནང་བར་མ་ཟད། ད་དུང་གྲོས་ཚོགས་ནང་ཞུགས་ཡོད།

   ལིའུ་ཁྲེང་མིང་གིས་སྡེ་ཁག་སོ་སོ་འགན་འཁྲི་གསལ་པོ་དང་ཚད་ལྡན་ཅན་དུ་འགྱུར་བ། འཁོར་སྐྱོད་མཐུན་སྦྱོར། སྤྱོད་གཙང་ཆོད་ཆེ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་ཁྱབ་ཁོངས་ཁག་དང་ལས་རིགས་ཁག་གིས་དཀར་མཛེས་ཁུལ་གྱི་འཕེལ་རྒྱས་དང་དམངས་འཚོ། བརྟན་བརླིང་བཅས་ཀྱི་ལས་ཀ་ཁག་ནང་ནུས་པ་དེ་བས་ཡག་མོ་འདོན་སྤེལ་བྱེད་པར་སྐུལ་འདེད་གཏང་དགོས་པ་སྟེ། གཅིག་ནི་ཏང་ལ་བློ་དཀར་སེམས་དཀར་བྱས་པའི་ཐོག་ཐོག་མའི་བསམ་འདུན་མི་བརྗེད་ཅིང་འགན་འཁྲི་སེམས་ལ་བརྟན་པོར་འཆང་བ། གཉིས་ནི་འགན་འཁྲི་གཙང་སྒྲུབ་བྱེད་པའི་ཁྲོད་འགན་འཁྲི་ཁུར་ཕོད་པ། གསུམ་ནི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བྱས་རྗེས་འཇོག་པ། བཞི་ནི་ཞིང་ཆེན་ཡོངས་ཀྱི་ལས་རིགས་ཁྲོད་སྔོན་ཐོན་བརྩོན་ལེན་དང་ལེགས་སྐྲུན་བྱེད་པ། ལྔ་ནི་ལྟེ་གནས་ལ་དམིགས་ནས་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་བའི་ཐོག་བྱས་རྗེས་འཇོག་པ། དྲུག་ནི་ཚན་ཁག་དང་དཔུང་སྡེ་འཛུགས་སྐྱོང་གི་བྱང་ཚད་མཐོ་རུ་གཏང་དགོས།།


  • ལེ་ཚན་སྔོན་མ།:ཡིག་གཟུགས་ཞལ་ཐང་འདི་ཡང“ཅི་ཉི་སི”ཡི་ཟིན་ཐོར་བཀོད།
  • ལེ་ཚན་རྗེས་མ།:ནུས་ཤུགས་ཡོད་རྒུས་དུས་བཞིར་ཀུན་ཏུ་འཕྲོད་པའི་ཡུལ་སྐོར་གྱི་ཟོང་རྟགས་བསྐྲུན།
  • དོ་སྣང་ཆེ་བའི་རྩོམ།